དབྱང་ཀྲི་ཆིའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཀྲི་ཆིའུ།
དབྱང་ཀྲི་ཆིའུ་ནི་མའོ་པའོ་སང་གིས་བརྩམས་པའི་སྒྲུང་གཏམ《དབྱང་ཀྲི་ཆིའུ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། མོ་ནི་ཚོགས་ཅན་མ་ཞིག་སྟེ། མོའི་དངོས་མིང་ལ་ཨའེ་ལི་ས་པི་ཐེ•ལུའུ་ཞི་ཟེར། དབྱང་ཀྲི་ཆིའུ་ཞེས་པ་ནི་མོའི་མཚང་མིང་ཡིན་ཞིང་། ལུས་ཀྱི་ཆ་ཡོངས་རྫོགས་ལ་རྒྱགས་ཉམས་དོད་དེ་ལྒང་བུ་ཞིག་དང་མཚུངས་པས་ན་དེ་ལྟར་ཐོགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羊脂球
དངོས་མིང་།
ཨའེ་ལི་ས་པི་ཐེ•ལུའུ་ཞི།
རྩོམ་ཁུངས།
《དབྱང་ཀྲི་ཆིའུ》
རྩོམ་པ་པོ།
མའོ་པའོ་སང་།
1 ངོ་སྤྲོད།

དབྱང་ཀྲི་ཆིའུ་ནི་མའོ་པའོ་སང་གིས་བརྩམས་པའི་སྒྲུང་གཏམ《དབྱང་ཀྲི་ཆིའུ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  མོ་ནི་ཚོགས་ཅན་མ་ཞིག་སྟེ།   མོའི་དངོས་མིང་ལ་ཨའེ་ལི་ས་པི་ཐེ·ལུའུ་ཞི་ཟེར།   དབྱང་ཀྲི་ཆིའུ་ཞེས་པ་ནི་མོའི་མཚང་མིང་ཡིན་ཞིང་།  ལུས་ཀྱི་ཆ་ཡོངས་རྫོགས་ལ་རྒྱགས་ཉམས་དོད་དེ་ལྒང་བུ་ཞིག་དང་མཚུངས་པས་ན་དེ་ལྟར་ཐོགས་པ་རེད།

2 འབྲེལ་ཡོད་གཏམ་རྒྱུད།

དབྱང་ཀྲི་ཆིའུ་ནི་ཚོགས་ཅན་མ་ཞིག་སྟེ།   མོའི་དངོས་མིང་ལ་ཨའེ་ལི་ས་པི་ཐེ·ལུའུ་ཞི་ཟེར།   དབྱང་ཀྲི་ཆིའུ་ཞེས་པ་ནི་མོའི་མཚང་མིང་ཡིན་ཞིང་།  ལུས་ཀྱི་ཆ་ཡོངས་རྫོགས་ལ་རྒྱགས་ཉམས་དོད་དེ་ལྒང་བུ་ཞིག་དང་མཚུངས་པས་ན་དེ་ལྟར་ཐོགས་པ་རེད།  མོའི་ལས་ཀ་ནི་མི་རྣམས་ཀྱིས“ངན་རོལ་མའི་ལས་རིགས”སུ་བརྩི་བ་དེ་ཡིན་ན་ཡང་།  མོ་ནི་གཤིས་རྒྱུད་དྲང་ཞིང་སྙིང་རྗེ་ལྡན་ལ་དྲང་བདེན་གྱི་འདུ་ཤེས་དྲག་པོ་ཡོད་པ་ཞིག་ཡིན། 

ཕུའུ་ལུའུ་ཧྲིའི་དམག་དཔུང་གིས་ལུའུ་ཨང་གྲོང་ཁྱེར་བཙན་བཟུང་བྱས་རྗེས།  མོས་ཧྥ་རན་སེའི་མི་ཞིག་གི་ལ་རྒྱ་མི་ཉམས་པའི་ཆེད་དང་ཆགས་སྲེད་ཅན་དེ་དག་གི་སྦྱོར་ངན་ལ་གཡོལ་ཆེད་ཐབས་བརྒྱ་ཇུས་སྟོང་གིས་ཁོངས་མཚམས་རྒལ་བྱེད་ཀྱི་ལག་ཁྱེར་ཞིག་ལག་ལ་ཡོང་ཐབས་བྱས་པས།  ཉིན་ཞིག་གི་སྐྱ་རེངས་མ་ཤར་གོང་ལ་ཤིང་རྟར་བསྡད་དེ་ལུའུ་ཨང་གྲོང་ཁྱེར་དང་གྱེས་ཐུབ་པ་བྱུང་།  ཤིང་རྟ་དེར་བསྡོམས་པས་མི་བཅུ་ཡོད་དེ།  དེའི་ཁྲོད་དུ་ཆང་ཁང་གི་མགོ་བདག་དང་རིགས་རུས་ཆོ་འབྲང་མཆོག་ལ་རྩི་བའི་པོ་ཅོ་ཡོད་པར་མ་ཟད།  ནོར་གྱིས་ཕྱུག་པའི་འབྱོར་ལྡན་པ་དང་དམངས་གཙོ་རིང་ལུགས་པ་ལས་གཞན།   ཡེ་ཤེ་ཆོས་ལུགས་ཀྱི་དགེ་སྒྲུབ་མའང་ཡོད་པ་རེད།

ནམ་ཇེ་གསལ་དུ་སོང་བ་དང་བསྟུན་ནས་ངོ་སོ་ཆེ་བའི་སྐུ་དྲག་དེ་དག་གིས་དབྱང་ཀྲི་ཆིའུ་ངོས་ཟིན་པ་བྱུང་།  ཐོག་མར་ཁོ་ཚོས་དམའ་འབེབས་དང་མཐོང་ཆུང་གི་ཉམས་ཀྱིས“ངན་རོལ་མ”དེར་ངན་ཞིག་གཏམ་ཅི་ཐུབ་བྱས་ན་ཡང་།  ཕྱིས་སུ་ཁོ་ཚོ་བཀྲེས་སྐོམ་གྱིས་མནར་ཏེ་ནང་གི་དེ་ཉིད་ལྷང་ལ་བུད་པ་ན།  དབྱང་ཀྲི་ཆིའུ་ཡིས་ཡིད་ཚིམ་པའི་ལམ་བྲོ་མང་བོ་བཟུང་ཡོད་པ་མཐོང་བས།  དེ་སྔོན་གྱི་རྣམ་འགྱུར་ཡོངས་སུ་དོར་ནས་ངོ་ལ་འཛུམ་གྱིས་ཁེངས་བཞིན་དབྱང་ཀྲི་ཆིའུ་ལ་ལྕམ་མོ་ཞེས་བོས་པའི་དུས་མཚུངས་སུ།  ཧམ་སེམས་ཆེན་པོས་མོས་བཟུང་ཡོད་པའི་ཤ་ཆང་དང་འབོལ་འཁུར་ཚང་མ་ལྷག་ལུས་མེད་པར་བཏང་།  ཁོ་ཚོའི་ཤིང་རྟ་ཏའོ་ཐེ་གྲོང་རྡལ་ལ་བསླེབས་དུས་སུ་ཕུའུ་དམག་གིས་འདྲི་ཞིབ་བྱེད་པར་ཕྲད་ལ།  དེ་གའི་དམག་དཔོན་ཞིག་གིས་དབྱང་ཀྲི་ཆིའུ་བློར་བབས་ནས་མོར་ཐལ་ཆེ་བའི་བླང་བྱ་བཏོན་ཀྱང་།  མོས་ཁ་ཚིག་རྣོན་པོས་ཁོ་གྲག་མེད་དུ་བཏང་བས་དམག་དཔོན་དེས་ཁོ་ཚོ་བཙན་དབང་གིས་བཀག་པ་རེད། 

ཐོག་མར་མོའི་འགྲོ་གྲོགས་ཚང་མས་ཅི་ཡིན་ཆ་མ་འཚལ་པར་འཚུབ་ཆ་ཆེན་པོ་ལངས་ན་ཡང་།  ཕྱིས་སུ་གསང་བའི་མཐིལ་རྟོགས་པས་ཆེ་ཚུགས་དོད་པའི་སྐུ་དྲག་དང་དགེ་སྒྲུབ་མ་དེ་ཚོས་ལྐོག་གཡོའི་ངན་ཇུས་ཤིག་བཀོད།  ཁོ་ཚོས་གཞན་གྱི་ཆེད་དུ་རང་གི་ཡོད་ཚད་འདོར་བ་ནི་ཡ་རབས་ཀྱི་སྤྱོད་པ་ཞིག་ཡིན་པ་སོགས་ཁ་ཡག་ངོ་དགའ་མང་བོ་བཤད་དེ་དབྱང་ཀྲི་ཆིའུ་ལ་གསལ་འདེབས་བྱས་པར་མ་ཟད།  པའོ་ཅོ་ཡིས་མོ་ལ་དཔུང་རྡང་སྦྲེལ་བཞིན་འཆམ་འཆམ་ལ་འགྲོ་བའི་གོ་སྐབས་དང་བསྟུན་ནས་དབྱང་ཀྲི་ཆིའུ་ལ་ཚང་མའི་ཆེད་དུ་ཁོ་ཚོའི་འདོད་པ་བསྐང་དགོས་པའི་རེ་བ་བཏོན།  ལམ་གྲོགས་རྣམས་ཀྱི་ཆེད་དུ་དབྱང་ཀྲི་ཆིའུ་ཡིས་ཕུའུ་དམག་གི་དཔོན་པོ་དེའི་རེ་བ་ཡོངས་སུ་བསྐངས། 

ཉིན་དྲུག་པའི་ཞོགས་པར་ཁོ་ཚོ་ལམ་ལ་ཆས་ཐུབ་པ་བྱུང་ན་ཡང་།  ཁྲེལ་མེད་ངང་གྲགས་སྐམ་གཉེར་མཁན་གྱི་སྐུ་དྲག་དང་དགེ་སྒྲུབ་མ་དེ་ཚོས་གནས་སྐབས་དེ་ཙམ་ལ་བསླེབས་པ་ན་དབྱང་ཀྲི་ཆིའུ་ཧ་ལམ་ངོ་མི་ཤེས་པའི་ཚད་དུ་བཞག   དེ་ནི་ཁོ་ཚོས་དབྱང་ཀྲི་ཆིའུ་ལ་ཡོད་ཚད་བློས་གཏོང་དུ་བཅུག་རྗེས་གཞི་ནས་སྐྱུག་བྲོ་བའི་དངོས་པོ་ཞིག་དང་འདྲ་བར་བསྐྱུར་ནས་ཁ་ཡ་མ་བྱས་ཏེ།  ཟ་མ་ཟ་བའི་སྐབས་སུ་བསླེབས་པ་ན་ཚང་མས་རང་གིས་སྔར་ནས་གྲ་སྒྲིག་བྱས་པའི་ཟ་མ་དེ་རྒྱས་ཟ་བྱེད་བཞིན་ཡོད་དེ།  དབྱང་ཀྲི་ཆིའུ་ལ་མཚོན་ན་མ་ཁོམ་པའི་དབང་གིས་ཟ་མ་གྲ་སྒྲིག་བྱེད་མ་ཐུབ་པས།  བཀྲེས་པའི་སྡུག་བསྔལ་གྱིས་ཀུན་ནས་མནར།  ཚུལ་དེར་མོ་ཁོང་ཁྲོ་རབ་ཏུ་ལངས་ཤིང་མིག་མཐར་མཆི་མ་འཁོར་ཏེ་ངུས་ནའང་།  སྐུ་དྲག་དང་ལྕམ་མོ་དེ་ཚོས་ཁྲེལ་དགོད་ཀྱི་ཚུལ་དུ“མོས་རང་གིས་ངོ་ཚ་ཉོས་པའི་ཆ་ལ་བསམས་ནས་ངུ་བཞིན་འདུག”ཅེས་སྨྲས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།