སྲ་ཁྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲ་ཁྲི།
སྲ་ཁྲི་ནི་ཀྲུང་གོའི་མེ་འཁོར་གྱི་པཱ་སེའི་རིགས་ཤིག་ཡིན། རིན་གོང་འབོལ་ཁྲི་དང་བསྡུར་ན་བདེ་བ་དང་གཞན་དང་བསྡུར་ན་མཐོ་བ་ཡིན། ལམ་ཐག་རིང་བོར་འགྲོ་བའི་གནས་སྐོར་པ་རྣམས་ཀྱིས་ཉོ་བའི་པཱ་སེའི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
硬卧
ཕྱི་ཡིག་གི་མིང་།
hard bed
1 སྲ་ཁྲི་མེ་འཁོར།

སྲ་ཁྲི་མེ་འཁོར་ནི་གཞན་པའི་འདུག་སྟེགས་དང་མི་འདྲ་བའི་མེ་འཁོར་གྱི་སྒྲོམ་ཞིག་ཡིན།  མེ་འཁོར་གྱི་ནང་གི་འདུག་སྟེགས་ནི་མལ་ཁྲི་ཡིན་ལ།  གནས་སྐོར་པ་རྣམས་ནང་དུ་ཉལ་ནས་བསྡད་ནའང་ཆོག་པ་དང་ཐོག་ཏུ་བཞུགས་ནས་བསྡད་ཀྱང་ཆོག  སྤྱིར་བཏང་གི་འདུག་སྟེགས་དང་བསྡུར་ན་འབོལ་ཁྲི་དང་སྲི་ཁྲིའི་མེ་འཁོར་གྱི་སྒྲོམ་ནི་བདེ་མོ་ཡིན་པ་དང་ལྷིང་འཇགས་ཀྱང་ཡིན།  སྲི་ཁྲི་དང་འབོལ་ཁྲིའི་པཱ་སེ་མེད་པའི་མི་རྣམས་གང་འདོད་ལྟར་ནང་དུ་ཡོང་མི་ཆོག  འདུག་སྟེགས་ཀྱི་ཞེང་གི་ཆེ་ཆུང་ཡང་སྤྱིར་བཏང་གི་འདུག་སྟེགས་དང་བསྡུར་ན་ཅུང་ཆེ་བ་ཡིན།  རྒྱུ་ཆ་ནི་སྤྱིར་བཏང་གི་འདུག་སྟེགས་དང་ཁྱད་མེད་མོད།  གཙོ་བོ་འདུག་སྟེགས་མལ་ཁྲི་རུ་བཀོལ་སྤྱོད་བྱས་པ་དེ་ཡིན། 

2 རྣམ་གྲངས།

རང་རྒྱལ་དུ་སྲ་ཁྲི་དང་འབོལ་ཁྲིའི་རྟགས་དང་མེ་འཁོར་གྱི་རྣམ་གྲངས་གཅིག་མཚུངས་མིན་མོད།  འོན་ཀྱང་སྲ་ཁྲི་དང་འབོལ་ཁྲིའི་ནང་གི་བཀོད་པ་ཕལ་ཆེར་གཅིག་མཚུངས་ཡིན།  དེའི་སྒམ་གཅིག་གི་ནང་དུ་མལ་ཁྲི66ཡོད་ལ།  རྟགས་མི་གཅིག་པ་དང་རྣམ་གྲངས་མི་གཅིག་པ།  ས་གནས་སོ་སོའི་མེ་འཁོར་གྱི་སྲ་ཁྲི་དང་འབོལ་ཁྲིའི་ནང་གི་བཀོད་པ་དང་སྒྲིག་ཆས་སོགས་ལའང་ཁྱད་པར་ཆེན་པོ་ཡོད།  སྲ་ཁྲི་མེ་འཁོར་གྱི་འདུག་སྟེགས་དང་སྤྱིར་བཏང་གི་མེ་འཁོར་གྱི་འདུག་སྟེགས་གཉིས་གཅིག་མཚུངས་ཡིན།  དེ་ནི་འབོལ་ཁྲིའི་འདུག་སྟེགས་ལྟར་ནང་དུ་ཐུན་མིན་གྱི་སྒྲིག་ཆས་དང་མཛེས་སྤྲས་དངོས་པོ་མེད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། སྲ་ཁྲི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།