སྒྲོལ་གཟིངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲོལ་གཟིངས།
སྒྲོལ་གཟིངས་ནི་ཆུ་ཐོག་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན། དེའི་གནས་སྐོར་པ་སྐྱེལ་འདྲེན་བྱས་ཆོག་པར་མ་ཟད། ཚོང་ཟོག་སྐྱེལ་འདྲེན་བྱས་ནའང་ཆོག དཔེར་ན་ཉེན་ཁ་ཆེ་བའི་དངོས་རྫས་དང་ཕྱུགས་ཟོག ད་དུང་རླངས་འཁོར་སོགས་དངོས་པོ་གང་ཡིན་རུང་སྐྱེལ་འདྲེན་བྱེད་ཐུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
渡轮
ཕྱི་ཡིག་གི་མིང་།
Ferry
ངོ་བོ།
ཆུ་ཐོག་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད།
1 ​ཁྱད་ཆོས།

སྒྲོལ་གཟིངས་ལ་ཁྱད་ཆོས་འདི་དག་ལྡན་ཏེ།  

གཅིག  གྲུ་གཟིགས་ཀྱི་གྲུབ་ཚུལ་སྤྱིར་བཏང་ཡིན་པ་དང་གྲུའི་ཐོག་གི་སྒྲིག་ཆས་སྤྱིར་བཏང་ཡིན་པ།  གྲུ་གཟིགས་བདེ་ལྕག་འཁྱུག་པོ་ཡིན་པ་དང་འཚོ་བའི་སྒྲིག་ཆས་ཧ་ཅང་ཉུང་བ།  

གཉིས།  སྒྲོལ་གཟིངས་ལ་ཁོད་ཡངས་པའི་བར་སྟོང་དང་གྲུ་གཟིངས་ཀྱི་གཅལ་ཧ་ཅང་ཆེ་བས། ནང་དུ་གནས་སྐོར་པ་མང་པོ་ཞིག་ཤོང་བར་མ་ཟད།  ཚོང་ཟོག་ཀྱང་མང་པོ་ཞིག་ཤོང་བ་རེད།  

གསུམ།   སྒྲོལ་གཟིངས་ལ་ཅུང་ལེགས་པའི་ཚོད་འཛིན་རང་བཞིན་ཡོད་དེ།  སྤྱིར་སྒུལ་ཤུགས་སྒྲིག་ཆས་གཉིས་ཡོད།  དུང་འཁྱིལ་འབུད་འདེད་འཕྲུལ་ཆས་ཀྱིས་སྐུལ་འདེད་བྱེད་པའི་ཚོད་འཛིན་རང་བཞིན་ཆེས་བཟང་བ་ཡིན།  དེས་སྟབས་བདེ་ངང་ནས་གྲུ་ཁའི་མདུན་དུ་འདུག་ཐུབ་པ་དང་གནས་སྐོར་པ་ཐང་ལ་འབབ་པ། ཚོང་ཟོག་འདོན་འཇུག་བྱེད་པར་སྟབས་བདེ་བཟོས་ཡོད།  

བཞི་ནི་ཅུང་བཟང་བའི་བརྟན་འཇགས་རང་བཞིན་ཡོད་པ་དེ་ཡིན།  མཚོ་སྐྱོད་བྱེད་པའི་སྐབས་སུ་ཧ་ཅང་བདེ་འཇགས་དང་བརྟན་འཇགས་ཡིན་པ། 

2 རྣམ་པ།

སྒྲོལ་གཟིངས་ལ་རྣམ་པ་ཧ་ཅང་མང་སྟེ།  ལམ་མགྲོན་སྒྲོལ་གཟིངས་དང་རླངས་འཁོར་སྒྲོལ་གཟིངས།  མེ་འཁོར་སྒྲོལ་གཟིངས་སོགས་ཡོད་དོ། 

ལམ་མགྲོན་སྒྲོལ་གཟིངས་ནི་གནས་སྐོར་པ་དང་གནས་སྐོར་པའི་ལག་འཁྱེར་སོགས་སྐྱེལ་འདྲེན་བྱེད་པར་བཀོལ་སྤྱོད་བྱེད་པའི་གྲུ་ལ་གོ་བ་ཡིན།  འོན་ཀྱང་ལམ་མགྲོན་གྲུ་གཟིངས་ལ་ལས་དུས་མཚུངས་སུ་སྒུལ་བྱེད་འཕྲུལ་འཁོར་མ་ཡིན་པ་དང་ཅུང་ཆུང་བའི་སྒུལ་བྱེད་འཕྲུལ་འཁོར་སོགས་ཀྱང་སྐྱེལ་འདྲེན་བྱེད་ཀྱིན་ཡོད།  ལམ་མགྲོན་སྒྲོལ་གཟིངས་ཀྱི་སྟེང་དུ་གནས་སྐོར་བ་ངལ་གསོ་སའི་འདུག་སྟེགས་ཇུས་འགོད་བྱས་ཡོད། 

རླངས་འཁོར་སྒྲོལ་གཟིངས་ནི་རླངས་འཁོར་སོགས་སྐྱེལ་འདྲེན་བྱེད་པར་བཀོལ་སྤྱོད་བྱེད་པ་ཡིན།  རླངས་འཁོར་སྒྲོལ་གཟིངས་ཀྱི་ཁྱད་ཆོས་ནི་མགོ་རྔ་དོ་མཉམ་པ་ཡིན་པ་དང་།  མགོ་རྔ་རུ་སྐུལ་འདེད་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད།  འདི་ལྟར་སྒྲིག་སྦྱོར་བྱས་ན་མགོ་རྔ་གཉིས་ཀ་གྲུ་ཁའི་འགྲམ་དུ་འདུག་ཐུབ། 

མེ་འཁོར་སྒྲོལ་གཟིངས་ནི་མེ་འཁོར་སོགས་ཀྱི་འཕྲུལ་ཆས་རིགས་སྐྱེལ་འདྲེན་བྱེད་པར་བཀོལ་སྤྱོད་བྱེད་པ་ལ་གོ་བ་ཡིན།  གྲུ་ཡིས་མགོ་རྔའི་རྣམ་པ་གཅིག་མཚུངས་ཡིན་ལ།  མེ་འཁོར་གཞོགས་གཉིས་སུ་ནང་དུ་ཡོང་བ་དང་སྒོར་འབུད་པ་སོགས་བྱེད་ཐུབ། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། སྒྲོལ་གཟིངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།