ཏེ་ཁའེ་ཨུ་པའོ་ལི་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏེ་ཁའེ་ཨུ་པའོ་ལི་སི།
ཏེ་ཁའེ་ཨུ་པའོ་ལི་སི་ནི་ཀེ་རི་སེའི་རྩོམ་པ་པོ་གྲགས་ཆེན་ཨེ་ལི་སི་ཐུའོ་ཧྥུན་གྱི་འཐུས་ཚབ་བརྩམས་ཆོས《ཨ་ཁ་ནའེ་ཡི་མི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་སྤོབས་པ་དང་སྤྱང་གྲུང་འཛོམས་པ། རིག་པ་རྣོ་བའི་ཨ་ཐེ་ཁའི་ཞིང་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
狄开俄波利斯
ལས་རིགས།
ཞིང་བ།
རྩོམ་ཁུངས།
《ཨ་ཁ་ནའེ་ཡི་མི》
རྩོམ་པ་པོ།
ཨེ་ལི་སི་ཐུའོ་ཧྥུན།
1 ངོ་སྤྲོད།

ཏེ་ཁའེ་ཨུ་པའོ་ལི་སི་ནི་ཀེ་རི་སེའི་རྩོམ་པ་པོ་གྲགས་ཆེན་ཨེ་ལི་སི་ཐུའོ་ཧྥུན་གྱི་འཐུས་ཚབ་བརྩམས་ཆོས《ཨ་ཁ་ནའེ་ཡི་མི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  ཁོ་ནི་སྤོབས་པ་དང་སྤྱང་གྲུང་འཛོམས་པ།   རིག་པ་རྣོ་བའི་ཨ་ཐེ་ཁའི་ཞིང་པ་ཞིག་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཡ་ཏེན་དང་སི་པཱ་ཏ་གཙོ་བྱས་པའི་དཔུང་ཁག་གཉིས་ཀྱི་བར་དུ་བྱུང་བའི་པའེ་ལོ་པུན་ཉི་སཱ་དམག་འཁྲུག་ནི་ལོ་དྲུག་ལྷག་འགོར་སོང་།  ཉིན་ཞིག་ལ་ཡ་ཏེན་གྱི་མི་རྣམས་ཀྱིས་སྤྱི་དམངས་ཚོགས་འདུ་ཚོགས་ལ།   ཨ་ཐེ་ཁའི་ཞིང་པ་ཏེ་ཁའེ་ཨུ་པའོ་ལི་སི(གཞུང་སེམས་དྲང་བའི་སྤྱི་དམངས་ལ་གོ་དགོས)ཚོགས་ར་ན་ཚོགས་འདུ་འཚོགས་པར་སྒུག་འདུག   དེ་ཙ་ནའང་ཁོས་ཞིང་གྲོང་གི་ཡུལ་ལྗོངས་དྲན་པ་དང་མཉམ་དུ་ཞི་བདེ་ལ་ཡིད་སྨོན་བྱེད་བཞིན་ཡོད། 

ཉིན་གུང་ལ་ཐོན་པ་ན།  ད་གཟོད་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་རྣམས་ཚོགས་རར་བསླེབས་བྱུང་།   སྤྱི་དམངས་ཨ་ཧྥེ་ཐི་ཨུ་སིས་སི་པཱ་ཏ་དང་འདུམ་ཁྲ་འགོད་རྒྱུའི་འདོད་ཚུལ་ཡོད་པ་བརྗོད་པས།  མ་བསམས་ས་ནས་ཁོ་ཚོགས་ར་ནས་ལས་རྒྱང་ཕུད་བྱས་པའི་མཇུག་འབྲས་བྱུང་།  ཏེ་ཁའེ་ཨུ་པའོ་ལི་སིས་ཁོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྒོར་མོ་བརྒྱད་བྱིན་ཅིང་།  ཁོ་རང་ཁྱིམ་གྱི་བཟའ་མི་ཚང་མའི་ཚབ་ཏུ་སི་པཱ་ཏ་དང་འདུམ་བསྡུམ་པར་མངགས་པས།  མཐའ་མར་དུས་ཡུན་ལོ་སུམ་ཅུའི་རིང་གི་འདུམ་ཁྲ་ཞིག་བཞག   ཡ་ཏེན་ཉེ་འདབས་སུ་དམག་འཁྲུག་གི་གནོད་སྐྱོན་ཆེས་ཟབ་པའི་ཨ་ཁ་ནའེ་ཡི་མི་རྣམས(གླུ་ལེན་རུ་ཁག)དེ་གར་ཡོང་ནས་ཏེ་ཁའེ་ཨུ་པའོ་ལི་སི་ལ་རྡོ་ཆར་ཕབ་ནས་བདས་པར་མ་ཟད།  ཁོས་སི་པཱ་ཏ་དང་འདུམ་བསྡུམས་པར་བྱས་ཏེ།  རྒྱལ་ཁབ་ལ་རྒྱབ་འགལ་བྱས་པའི་ཆ་ལ་སྐྱོན་འཛུགས་བྱས།  ཏེ་ཁའེ་ཨུ་པའོ་ལི་སི་འུ་ཐུག་ནས་སྐྱོ་གར་འཁྲབ་གཞུང་རྩོམ་པ་པོ་ཨའོ་ལི་པི་ཏེ་སི་འཚོལ་དུ་མི་འགྲོ་ཀ་མེད་བྱུང་ལ།   དེ་གར་ཟློས་གར་འཁྲབ་ཆས་ཆ་ཚང་གཅིག་གཡར་ནས་མུ་ཏོ་བའི་ཆས་སུ་ཞུགས་ཏེ་ཨ་ཁ་ནའེ་ཡི་མི་དང་རྩོད་པ་བྱས།  “རྩོད་རའི”ནང་དུ་ཁོས་རང་གི་རྒུན་འབྲུམ་ར་བ་སི་པཱ་ཏ་རྣམས་ཀྱིས་བཅོམ་པས་རང་ཉིད་ལ་མཚོན་ན་ཡང་ཁོ་ཚོར་འཁོན་ལན་ཡོད་མོད།  ཡིན་ན་ཡང་ཡ་ཏེན་གྱི་མི་ལའང་དམག་འཁྲུག་དེའི་ཐད་འགན་འཁུར་ཅི་ཡང་མེད་པ་མ་ཡིན་ཏེ།  ཡ་ཏེན་གྱི་སྲིད་སྐྱོང་དཔོན་པོ་དང་པོ་པའོ་ལི་ཁེ་ལི་སིས་དོན་རྐྱེན་ཆུང་ངུ་ཞིག་སྟེ།  འཇུད་མཐུན་མ་གསུམ་གྱི་སླད་དུ་མོད་ཅ་ལའི་མི་ཡ་ཏེན་གྱི་ས་ཐོག་ཏུ་འོང་བ་བཀག་འགོག་བྱས་པར་མ་ཟད།  ཐེངས་གང་མང་ལ་སི་པཱ་ཏའི་མིས་འགལ་བ་ཞི་འཇགས་སུ་གཏོང་འདོད་ཀྱི་མོས་པ་ཡོངས་སུ་བཟློགས་ཤིང་།  དེ་ནི་དམག་འཁྲུག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ་ཞེས་སྨྲས་པ་ལ།  ཨ་ཁ་ནའེ་ཡི་མི་རྣམས་ཀྱི་དེ་སྐད་དུ་ཐོས་རྗེས།  འགའ་ཞིག་གིས་སྡིགས་མོ་བྱེད་བཞིན་ཁོའི་ཐོག་ཏུ་མཆོངས་འོངས་པ་དང་།  གཞན་སྐོར་ཞིག་གིས་ཁོས་བཤད་པ་འགྲིག་པར་སེམས་པས་ལོགས་སུ་བུད་ནས་ཁོ་སྲུང་སྐྱོབ་བྱས་པ་ལ་གཞི་ནས་ཕྱོགས་ཁག་གཉིས་ཀྱི་བར་ལ་འཛིང་ག་བྱུང་།  དེ་བས་ཨ་ཁ་ནའེ་ཡི་མི་ཁག་ཅིག་གིས་རྒྱབ་རོགས་སུ་འཐབ་འདོད་མི་གཏོང་བའི་དམག་དཔོན་ལ་མ་སི་ཁོ་གདན་འདྲེན་ཞུས་པ་ཇི་བཞིན་བསླེབས་ཤིང་།  ཏེ་ཁའེ་ཨུ་པའོ་ལི་སི་དང་ཁོ་གཉིས་གར་སྟེགས་སུ་འཛིང་ག་བཀྱེས་པས་དམག་དཔོན་གཞི་ནས་ཕམ་པར་གྱུར།   མཐར་ཏེ་ཁའེ་ཨུ་པའོ་ལི་སི་ནི་པའོ་ལོ་པིན་ཉི་སའི་མི་དང་ཚོང་འབྲེལ་གཟུག་ཏུ་སོང་། 

ཞིང་པ་ཞིག་གིས་གཡུལ་འཁྲུག་གི་འདུ་ལོང་ཁྲོད་དུ་རྨོ་ཕྱུགས་བོར་པས་མིག་འབྲས་མ་བརྡོལ་བར་དུ་ངུས་པར་བརྟེན།  དེ་ཁའེ་ཨུ་པའོ་ལི་སིའི་ཁྲོམ་རར་ཡོང་ནས“ཞི་བདེའི་མིག་སྨན”ཉོས།   པི་ཨའོ་ཞི་ཡའི་མི་ཞིག་གིས་རང་སའི་ཐུན་མིན་ཐོན་རྫས་མང་བོ་ཁྱེར་ནས་ཚོང་ཁྲོམ་དུ་བསླེབས་ཏེ་ཡ་ཏེན་གྱི་མི་དང་བརྗེ་རེས་བྱེད་བཞིན་ཡོད།  དེའི་ཚེ་ཉན་རྣ་པ་ཞིག་ཡོང་ནས་ཚུལ་དེ་སྲིད་འཛིན་ཁང་ལ་བདམ་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ།  བདམ་པོ་དེ་ནི་ཡ་ཏེན་ལ་མཚོན་ན་གནོད་འཚེ་བྱེད་པའི་གཏེ་བོ་ཉག་ཅིག་ཡིན་པས།   ཏེ་ཁའེ་ཨུ་པའོ་ལི་སིས་དེ་ཉིད་བཀྱིགས་ཤིང་ཡ་ཏེན་གྱི་ཐུན་མིན་ཐོན་རྫས་སུ་བགྲངས་ཏེ་པི་ཨའོ་ཞི་ཡའི་མི་རྣམས་ལ་སྤྲད།  ཆང་ལྷའི་དུས་ཆེན་ཐོན་པ་ན།  ཏེ་ཁའེ་ཨུ་པའོ་ལི་སའི་ཁྱིམ་གྱི་བུད་མེད་དང་བྱིས་པ་དག་གིས་མེ་ཏོག་གི་གཙུག་རྒྱན་སླེ་བ་དང་།   རི་བོང་གི་ཤ་འཚོད་པ།  འཇོལ་མོའི་ཤ་སྲེག་པ་བཅས་བྱས་པས།  ཨ་ཁ་ནའེ་པ་རྣམས་ཁོའི་བདེ་སྐྱིད་ཀྱི་འཚོ་བ་ལ་ཡིད་སྨོན་ཤོར་ཏེ་མི་གང་མང་ཞིག་གིས་ཁོ་དང་མཉམ་དུ་ཞི་བདེ་ཉམས་སུ་མྱོང་ན་བསམ།  དེའི་ཚེ་བཀའ་སྐྱེལ་དམག་གིས་ལ་མ་སི་ཁོ་ལ་བྲེལ་མྱུར་ངང་གཡུལ་དུ་ཞུགས་ཤིག་གི་བཀའ་བརྡ་བསྒྲགས།  གར་སྟེགས་ནས་འབུད་པའི་ཁྲོད་དུ།   རྔམ་བརྗིད་ལྡན་པའི་ཡ་ཏེན་གྱི་དམག་དཔོན་ལ་མ་སི་ཁོ་གཡུལ་ལས་ཕྱིར་ལོག་ཐུབ་པ་བྱུང་ན་ཡང་།   རྨས་ཕོག་ཡོད་པའི་དབང་གིས་ན་ཟུག་བཟོད་བསྲན་བྱེད་མ་ནུས་པར་འཁུན་སྐད་སྣ་ཚོགས་འབྱིན་པར་བྱེད།   ཁོས་ཏེ་ཁའེ་ཨུ་པའོ་ལི་སི་དང་འཕྲད་པར་སེམས་ཁྲལ་བྱེད་པ་ན་ཏག་ཏག་ལ་ཁོ་གཉིས་ཕྲད་བྱུང་།   ཏེ་ཁའེ་ཨུ་པའོ་ལི་སི་ནི་ཟས་ཀྱིས་འགྲང་ཞིང་ཆང་གིས་བཟི་འདུག་པར་མ་ཟད།   རོལ་ཆས་སྦུག་ཟུང་ཅད་འབུད་མཁན་གྱི་བུད་མེད་གཉིས་ཀྱིས་གཡས་སྐྱོར་གཡོན་འདེགས་བྱེད་བཞིན་ཡོང་སྟེ་ཁོ་ལ་བལྟས་ནས་སྐད་གསང་མཐོན་པོའི་ཧབ་དགོད་ཅིག་བྱས་རྗེས“ཧ་ཧ།  ལྷ་རྒྱལ་ལོ”ཞེས་བསྒྲགས་པ་ན།  ཨ་ཁ་ནེའི་ཡི་མི་རྣམས་ཀྱིས་ཀྱང་ཁོའི་རྗེས་འབྲངས་ནས་ཚིག་དེ་སྐད་གསང་མཐོན་པོས་བསྒྲགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།