ཏུའུ་ལོ་ཨ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུའུ་ལོ་ཨ།
ཏུའུ་ལོ་ཨ་ནི་ཧྥ་རན་སེའི་རྩོམ་པ་པོ་མའོ་པོ་སང་གིས་བརྩམས་པའི་སྒྲུང་རིང《གྲོགས་ཡག》ནང་གི་མི་སྣ་གཙོ་བོ་ཡིན་ལ། ཁོ་ནི་བཙན་རྒྱལ་རིང་ལུགས་དུས་རབས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་ཉེན་མཆོང་པ་དག་གི་དཔེ་མཚོན་རང་བཞིན་ཡིན་ཞིང་། ཁོའི་ལུས་སྟེང་དུ་གཡོ་ཟོལ་དང་ངོ་ཚ་ཁྲེལ་མེད། གཡོ་སྒྱུ་ཆེ་བ། ཤེས་བྱ་དང་ནུས་པ་མེད་པ་བཅས་མངོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杜洛瓦
རྩོམ་ཁུངས།
《གྲོགས་ཡག》
རྩོམ་པ་པོ།
མའོ་པོ་སང་།
1 ངོ་སྤྲོད།

ཏུའུ་ལོ་ཨ་ནི་ཧྥ་རན་སེའི་རྩོམ་པ་པོ་མའོ་པོ་སང་གིས་བརྩམས་པའི་སྒྲུང་རིང《གྲོགས་ཡག》ནང་གི་མི་སྣ་གཙོ་བོ་ཡིན་ལ།  ཁོ་ནི་བཙན་རྒྱལ་རིང་ལུགས་དུས་རབས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་ཉེན་མཆོང་པ་དག་གི་དཔེ་མཚོན་རང་བཞིན་ཡིན་ཞིང་།  ཁོའི་ལུས་སྟེང་དུ་གཡོ་ཟོལ་དང་ངོ་ཚ་ཁྲེལ་མེད།   གཡོ་སྒྱུ་ཆེ་བ།   ཤེས་བྱ་དང་ནུས་པ་མེད་པ་བཅས་མངོན་པ་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཧྥེ་གླིང་ནས་དམག་སྐུལ་དང་ལེན་བྱས་རྗེས་ཕྱིར་ལོག་པའི་དམའ་རིམ་དམག་དཔོན་ཏུའུ་ལོ་ཨ་ནི་གྲོང་རྡལ་ཆང་ཁང་སྦྱིན་བདག་གི་བུ་ཡིན།      ཁོ་རང་ཧྥ་རན་སེའི་ཧྥེ་གླིང་མི་སེར་སྤེལ་བའི་སྡོད་དམག་ཏུ་ལོ་གཉིས་རིང་ལ་དམག་མི་བྱས་མྱོང་།      དམག་ཁོངས་ལས་ཕྱིར་ལོག་རྗེས་པ་ལིར་ཡོང་སྟེ་ལྕགས་ལམ་ཅུས་སུ་ལས་ཀ་གཉེར་མོད།     ཡིད་ཕངས་པ་ལ་ཕོགས་ཤིན་ཏུ་ཉུང་བས་ཟས་འགྲང་ཚད་ཅིག་ཟོས་ན་ཐུན་གཉིས་ལ་མ་གཏོགས་མི་འདང་།      ཁོ་རང་སེམས་བདེ་ལ་མ་བབས་པར་ཅི་བྱེད་འདི་བྱེད་མི་ཤེས་པའི་སྐབས་སུ་སྔར་དམག་དཔུང་ཁྲོད་ངོ་ཤེས་པའི་གྲོགས་པོ་ཀོན་སིན་ལིན་དང་ཕྲད།

ཀོན་སིན་ལིན་སྔར་ནས་བཟའ་སྒྲིག་བྱས་ཡོད་པ་ལས་གཞན་ད་དུང་གསར་འགོད་པ་ཞིག་ཀྱང་ཡིན།       《ཧྥ་རན་སེའི་འཚོ་བའི་ཚགས་པར》དུ་ཆབ་སྲིད་གསར་འགྱུར་གཙོ་སྒྲིག་བྱེད་བཞིན་ཡོད།       ཁོས་ཏུའུ་ལོ་ཨ་དཀའ་ངལ་ཆེ་བ་མཐོང་ནས་ཁོའི་གསར་འགྱུར་ལས་དོན་དུ་ཞུགས་པར་གདན་ཞུ་བྱས་པ་ན།      ཏུའུ་ལོ་ཨས་དགའ་སྤྲོ་ངང་དང་ལེན་བྱས།       དེ་ནས་ཀོན་སིན་ལིན་གྱི་ལག་ནས་བསྐྱིས་འོང་བའི་སྒོར་མོ་བཀོལ་ནས་ཤོམ་ལྭ་ཞིག་གླས་ཏེ་དགོང་ཚོགས་ལ་ཞུགས།       དགོང་ཚོགས་སྟེང་ཏུའུ་ལོ་ཨར་རང་གི་འཇོན་ཐང་ཕྱིར་ཕུད་པའི་སྐལ་བ་ཞིག་ཐོབ།       ཁོས་ཤིན་ཏུ་འུད་ཆེན་པོར་དམག་དཔུང་ཁྲོད་ཀྱི་དོན་དག་སྣ་ཚོགས་དང་ཨ་རབ་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས།      དེ་མིན་འཐབ་རའི་ཁྲོད་ཀྱི་ཉེན་ཁ་ཆེན་པོ་སོགས་འུར་བས་ལྕམ་མོ་དག་དང་ཚགས་པར་ཁང་གི་སྤྱི་ལས་གཉེར་མཁན་ལན་ལིག་ཏའེ་ཨར་གྱི་སྤྲོ་བ་བསླངས།       ཀོན་སིན་ལིན་གྱིས་ཀྱང་སྐབས་བབ་འོས་བསྟུན་དུ་སྤྱི་ལས་གཉེར་མཁན་ལ་ཏུའུ་ལོ་ཨ་མཚམས་སྦྱོར་བྱས་ནས་ཁོར་ཨར་ཅི་རི་ཡའི་དྲན་པ་ཐོལ་བྱུང་རེ་འབྲི་རུ་བཅུག་ནས་ཚོད་ལྟ་ཞིག་བྱས་ན་ག་འདྲ་རེད་ཅེས་ཞུས།      སྦྱིན་བདག་མ་ལན་ལིག་ཏའེ་ཨར་གྱི་ལྕམ་མོས་ད་དུང《ཧྥེ་གླིང་རྔོན་པ་ཞིག་གི་ཕྱིར་དྲན》ཞེས་པའི་ཁ་བྱང་ཡག་པོ་ཞིག་གཏན་ཁེལ་བྱས།

མགོ་སྟོང་ཏུའུ་ལོ་ཨས་ཡིག་འབྲུ་གཅིག་ཀྱང་ཤོག་བུའི་སྟེང་ཕབ་མ་ཐུབ།    ཐབས་ཟད་དེ་ཀོན་སིན་ལིན་བཙལ་ནས་རོགས་རམ་བྱེད་པར་ཞུ་བ་བྱས།     སྤྱང་གྲུང་འཛོམས་ཤིང་རྩེད་དགའ་ཆེ་བའི་ཀོན་སིན་ལིན་གྱི་ཆུང་མས་ཁོར་རོགས་བྱས་ནས་རྔོན་པ་ཞིག་གི་ཕྱིར་དྲན་ཡ་མཚན་པ་ཞིག་རྟོག་བཟོ་བྱས།        ཕྱི་ཉིན་ཚགས་པར་སྟེང་བཀོད་པ་ན་ཏུའུ་ལོ་ཨ་ཡང་ཚགས་པར་ཁང་དུ་དངོས་སུ་བླངས་ཏེ་ལས་ཀར་ཞུགས་སུ་བཅུག       ཚགས་པར་ཁང་དུ་གསར་འགོད་པ་མཚང་མིང་ལ“ཆོས་དུང་རྒད་པོ”ཞེས་པས་ཁོར་བློ་སྒོ་ཕྱེ་སྟེ་རྫུན་བཟོ་བ་དང་མགོ་སྐོར་གཏོང་བའི་ཐབས་གང་མང་ཞིག་རྒྱུད་ལ་འབྱོར་པར་མ་ཟད།     ཟློས་གར་ཁང་སོ་སོ་དང་ཆབ་སྲིད་ནང་ངོས་ཀྱི་གནས་ཚུལ་ལ་མྱུལ་ཞིབ་ཀྱང་བྱེད་མགོ་བརྩམས།        ཅང་མ་འགོར་བར་ཁོ་རང་ཀུན་གྱིས་དོ་སྣང་བྱེད་པའི་མི་སྣ་ཞིག་ཏུ་གྱུར།

ཟླ་གཉིས་ལྷག་འགོར་ཡང་ཏུའུ་ལོ་ཨས་རེ་ཞིང་སྙེག་པའི་ཁ་ལ་ཞག་འཁྱིལ་ཞིང་གཏིང་ལ་སྙིགས་ཡོད་པའི་སྐལ་བཟང་དེ་དུས་ཐོག་ཏུ་མ་ཐོན།       ཁོས་བུད་མེད་སུ་ཞིག་གིས་རང་ལ་གོ་ཆོད་པར་གདེང་མ་རྙེད་པར་སེམས་འཚབ་མགོ་བརྩམས།       ཁོས་ཐོག་མར་མ་ལད་ལེ་ལྕམ་མོ་ཚུར་བཀུག      མོའི་བུ་མོ་ལོ་ལིན་ནས་ཁོར“གྲོགས་ཡག”ཟེར།     དེ་ནས་བཟུང་མཚན་བཟང་དེ་ཁོ་ལ་འབྱོར་ཏེ་མི་རྣམས་ཀྱིས་ཀྱང་དེ་ལྟར་འབོད་ཀྱིན་ཡོད།      ཅང་མ་འགོར་བར་ཀོན་སིན་ལིན་ལ་ནད་ལྕི་མོ་ཞིག་བྱུང་།     དེ་ལས་ལྡོག་སྟེ་ཏུའུ་ལོ་ཨས་ཚགས་པར་ཁང་དུ་གོ་གནས་གལ་ཆེན་ཞིག་ཟིན་པ་ལས་གཞན།      རྟུལ་ཕོད་ཅན་དུ་འཆོས་པའི་འཛིང་ག་ཞིག་གི་སྟེང་སྟབས་ལེགས་པར་ཚགས་པར་ཁང་གི་ཁེ་དབང་སྲུང་སྐྱོབ་བྱེད་པའི“དཔའ་བོར”གྱུར།     ཀོན་སིན་ལིན་ཚེ་ལས་འདས་རྗེས་ཁོས་དེའི་ཆུང་མ་མ་ཏེ་ལེ་རང་ལ་དགོས་མཁོ་ཡོད་པར་བསམས་ཏེ་གྲོས་འཆང་བཞག་ནས་བཟའ་སྒྲིག་བྱས།      ཁོ་གཉིས་ཀྱིས་མཉམ་ལས་བྱས་ནས་བརྩམས་པའི་མོ་རོ་ཁོའི་ཆབ་སྲིད་ཐད་ཀྱི་དཔྱད་གླེང་དེར་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཆེན་པོ་བྱུང་མོད།       ཏུའུ་ལོ་ཨས་ཚགས་པར་ཁང་དུ་ཟིན་འདུག་པའི་མིག་སྔར་གྱི་གོ་གནས་དེར་ད་དུང་ཡིད་ཚིམ་གྱིན་མེད།        ཁོས་སྤྱི་ལས་གཉེར་མཁན་གྱི་ཆུང་མ་དེ་རང་གི་འཁྱུན་མོར་འགུག་ཅི་ཐུབ་བྱས།

ཏུའུ་ལོ་ཨ་བཟའ་ཟླ་གཉིས་ཀྱིས་མོ་རོ་ཁོའི་དོན་རྐྱེན་ཐད་གླེང་བྱ་ཛ་དྲག་ཅན་དུ་བཟོ་ཅི་ཐུབ་བྱས་ཏེ་ནང་སྲིད་བསྐྱར་སྒྲིག་བྱེད་དགོས་པའི་ཚད་ལ་གཏད་ཅིང་།      ཁོ་ཚོའི་ཚགས་པར་དེ་ཡང་ནང་སྲིད་གསར་བ་དེའི་མགྲིན་ཚབ་ཏུ་གྱུར།       དུས་དེར་རང་གི་ཆུང་མ་མ་ཏེ་ལེ་དང་འབྲེལ་བ་དམ་པོ་ཡོད་པའི་སྐུ་དྲག་པོ་ཅོ་ཞིག་ཚེ་ལས་འདས་པས་མོར་ཤུལ་ནོར་འབོར་ཆེན་ཞིག་བཞག      ཏུའ་ལོ་ཨས་སྟབས་བསྟུན་དུ་བཙན་ཤེད་བྱས་ནས་རྒྱུ་ནོར་ཕྱེད་ཀ་རང་གི་ལག་ཏུ་ཐོབ་ཅི་ཐུབ་བྱེད་དུ་བཅུག     དེ་ཡང་ཚགས་པར་ཁང་གི་སྦྱིན་བདག་རྣམས་ཀྱིས་སྤྱི་བུན་སྟེང་ལོན་པའི་སྒོར་བྱེ་བ་འགའ་རེ་དང་བསྡུར་ན་ཅི་ཡང་མིན་ལ།      ཁོས་ཡང་བསྐྱར་མིག་མདའ་སྦྱིན་བདག་གི་བུ་མོ་ཆུང་བའི་སྟེང་གཏད།     འབྱུང་འགྱུར་ལེགས་པོ་ཞིག་ཐོབ་ཆེད་ཁོས་རང་གི་ཡོད་ཚད་བུ་མོ་དེའི་སྟེང་གཏའ་མར་འཇོག་པར་སེམས་ཐག་བཅད།      དེ་ནས་ཡང་ངན་ཇུས་འཐེན་ནས་མ་ཏེ་ལེ་དང་བཟའ་ཐོར་བྱེད་ཅི་ཐུབ་བྱས།     མཐར“སྟན་ཐོག་གཅིག་ན་ཡོད་པའི”རྣམ་པ་ལྟར་རང་འདུན་འགྲུབ་ཏུ་བཅུག

བཟའ་ཐོར་བྱས་རྗེས་ཏུའུ་ལོ་ཨས་སྦྱིན་བདག་གི་བུ་མོ་དེ་བསླུ་ཅི་ཐུབ་ཏུ་ལྐོག་སྡེབ་ཏུ་བྲོས་པས་སྦྱིན་བདག་ཐབས་ཟད་ནས་གཉེན་སྒྲིག་པར་ཁས་བླངས།      གཉེན་སྟོན་གྱི་མཛད་སྒོའི་སྟེང་ཆོས་དཔོན་གྱིས་སྐད་གསེང་མཐོར་པོར་ཏུའུ་ལོ་ཨ་ནི་འཛམ་གླེང་སྟེང“ཆེས་འབྱོར་བ་ལྡན་ཞིང་གཞན་གྱིས་ཆེས་ཆེར་བཀུར་བའི་མྱི་གྲལ་གྱི་གཅིག་ཡིན”ཞེས་འུར་བསྟོད་བྱས།      ཏུའུ་ལོ་ཨས་དེ་སྐད་ཐོས་པས་ལུས་སེམས་གཉིས་ཀ་བར་སྣང་དུ་གཡེང་བྱུང་།       སྐབས་དེར་ཁོས་ནན་ཅོའི་མིང་ཐོག་ནས《ཧྥ་རན་སེའི་འཚོ་བའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར་ཏེ་དབང་ཆ་བརྒྱ་དང་བརྒྱད་པོ་རང་གི་སྤར་ཁུད་དུ་བཙིར་ཡོད།       ཏུའུ་ལོ་ཨས་མིག་མདུན་གྱི་ཡོད་ཚད་ལ་ལྟ་ཞོར་ཅང་མི་འགོར་བར་རང་ཉིད་གྲོས་ཚོགས་ཁང་དུ་འགྲོ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཤིང་།       རང་ཉིད་ནི་ཅང་མི་འགོར་བར་འཇིག་རྟེན་འདིའི་བདག་པོ་དང་དབང་སྒྱུར་མཁན་དུ་འགྱུར་བར་ངེས་ཞེས་རྟོག་འཁྲུལ་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།