ཉི་ཧི་ལྱིག་ཏོ་ཧྥི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉི་ཧི་ལྱིག་ཏོ་ཧྥི།
ཉི་ཧི་ལྱིག་ཏོ་ཧྥི་ནི་ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་པ་པོ་ལེ་ཧྥི•ཐོར་སི་ཐེ་ཡིས་བརྩམས་པའི་སྒྲུང་གཏམ《བསྐྱར་གསོན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོས་སྐུ་དྲག་གི་སྲོལ་རྒྱུན་གྱི་ལྟ་བ་དང་ལེན་མི་བྱེད་པ་མ་ཟད། སྐུ་དྲག་གི་ཁྱད་ཡོད་ཀྱི་གོ་ས་བསྐྱུར་བ་དང་། མཐར་འཇུག་སྐུ་དྲག་གྲལ་རིམ་དང་འབྲེལ་ཐག་གཙང་གཅོད་བྱས། ཁོས་ས་ཞིང་བདག་དབང་ལམ་ལུགས་ཁས་མི་ལེན་ཞིང་། ཞིང་བ་དང་ས་བདག་གི་འགལ་བ་གཙོ་བོ་ཐག་གཅོད་པའི་ཐབས་ཏེ་ས་ཞིང་ངེས་པར་དུ་ཞིང་བ་ལ་སྤྲོད་དགོས་པའི་ལྟ་ཚུལ་བཏོན། ཁོའི་ལུས་སྟེང་དུ་བྱ་དངོས་ཡོད་ཚད་ལ་བཅིངས་བའི་ཧ་ཅང་ཟབ་པའི་མི་གཤིས་མངོན་ལ། ཞིང་བ་མི་དམངས་ལ་སྙིང་རྗེ་དང་ཐུགས་ཁུར་གྱི་སེམས་མངོན་པ་དང་གསར་བརྗེ་བ་ལ་གུས་སེམས་ཀྱིས་ཁེངས་པ། དཔོན་ངན་ཟ་རྔམ་ཅན་ལ་འཁོན་འཛིན་ཞེ་ནད་བཅིངས་བ། སྐུ་དྲག་ལ་ཤིན་ཏུ་སྡང་བ་བཅས་ཀྱི་གཤིས་ཀ་ལྡན་པ་ལས་གཞན། རང་དབང་དང་འདྲ་མཉམ་གྱི་མཆོག་ཏུ་གྱུར་བའི་ཕུགས་བསམ་ལ་རེ་སྙེག་བྱ་བའི་སེམས་འདུན་མངོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
聂赫留朵夫
རྩོམ་ཁུངས།
《བསྐྱར་གསོན》
རྩོམ་པ་པོ།
ལེ་ཧྥི•ཐོར་སི་ཐེ།
1 ངོ་སྤྲོད།

ཉི་ཧི་ལྱིག་ཏོ་ཧྥི་ནི་ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་པ་པོ་ལེ་ཧྥི·ཐོར་སི་ཐེ་ཡིས་བརྩམས་པའི་སྒྲུང་གཏམ《བསྐྱར་གསོན》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་།   ཁོས་སྐུ་དྲག་གི་སྲོལ་རྒྱུན་གྱི་ལྟ་བ་དང་ལེན་མི་བྱེད་པ་མ་ཟད།   སྐུ་དྲག་གི་ཁྱད་ཡོད་ཀྱི་གོ་ས་བསྐྱུར་བ་དང་།   མཐར་འཇུག་སྐུ་དྲག་གྲལ་རིམ་དང་འབྲེལ་ཐག་གཙང་གཅོད་བྱས།   ཁོས་ས་ཞིང་བདག་དབང་ལམ་ལུགས་ཁས་མི་ལེན་ཞིང་།   ཞིང་བ་དང་ས་བདག་གི་འགལ་བ་གཙོ་བོ་ཐག་གཅོད་པའི་ཐབས་ཏེ་ས་ཞིང་ངེས་པར་དུ་ཞིང་བ་ལ་སྤྲོད་དགོས་པའི་ལྟ་ཚུལ་བཏོན།   ཁོའི་ལུས་སྟེང་དུ་བྱ་དངོས་ཡོད་ཚད་ལ་བཅིངས་བའི་ཧ་ཅང་ཟབ་པའི་མི་གཤིས་མངོན་ལ།  ཞིང་བ་མི་དམངས་ལ་སྙིང་རྗེ་དང་ཐུགས་ཁུར་གྱི་སེམས་མངོན་པ་དང་གསར་བརྗེ་བ་ལ་གུས་སེམས་ཀྱིས་ཁེངས་པ།   དཔོན་ངན་ཟ་རྔམ་ཅན་ལ་འཁོན་འཛིན་ཞེ་ནད་བཅིངས་བ།  སྐུ་དྲག་ལ་ཤིན་ཏུ་སྡང་བ་བཅས་ཀྱི་གཤིས་ཀ་ལྡན་པ་ལས་གཞན།   རང་དབང་དང་འདྲ་མཉམ་གྱི་མཆོག་ཏུ་གྱུར་བའི་ཕུགས་བསམ་ལ་རེ་སྙེག་བྱ་བའི་སེམས་འདུན་མངོན།

2 འབྲེལ་ཡོད་གཏམ་རྒྱུད།

ཉིན་ཞིག་ལ།       ཉི་ཧི་ལྱིག་ཏོ་ཧྥི་ས་གནས་ཁྲིམས་ཁང་གི་འདྲི་གཅོད་ལས་རོགས་པ་ཡིན་པས་ཁྲིམས་ཁང་དུ་མི་ལ་དགོད་ཁ་སློང་བའི་འདྲི་གཅོད་ཅིག་ལ་ཞུགས།        ཉིན་དེར་འདྲི་གཅོད་བྱེད་པ་ནི་མི་གསོད་འཕྲོག་བཅོམ་བྱས་པའི་ཉེན་དོན་ཞིག་ཡིན།       ཞུ་གཏུག་བྱ་ཡུལ་ནི་སྨད་འཚོང་མ་ཞིག་རེད།      མོས་མགྲོན་པོ་དུག་གིས་བཀྲོངས་ནས་དེའི་གསེར་གྱི་རྒྱན་ཆ་སོགས་ཕྲོགས་ཏེ་འཛིན་བཟུང་བྱས་པར་བཤད།       ཉི་ཧི་ལྱིག་ཏི་ཧྥིས་མོའི་མིང་ལ་མ་སི་ལོ་བ་ཟེར་བར་ཐོས་དུས་ཧ་ལས་ཤིང་ཧོན་འཐོར།     ཡིན་རྒྱུ་ནི་སྔར་ཁོང་རང་གཉེན་ཉེ་ཚང་ལ་མགྲོན་དུ་སོང་སྐབས་གཡོག་མོ་མཛེས་མ་ཞིག་ལ་བསླུ་བྲིད་བྱས་ནས་ལོག་གཡེམ་བྱས།      ཕྱིས་སུ་རྩེད་ཆས་བྱས་བྱས་ནས་སུན་སྣང་སྐྱེས་དུས་སྒོར་རྡོག་འགའ་བྱིན་ནས་གད་སྙིགས་བཞིན་སྤྱུགས།     དེ་རིང་།        མིག་འདུན་གྱི་ཞུ་གཏུག་བྱ་ཡུལ་ནི་སྔར་གྱི་གཡོག་མོ་ན་ཆུང་མ་དེ་རེད།       ཉེས་དོན་འདིའི་ཁྲོད་མོར་མ་ཉེས་ཁག་གཡོགས་བྱས་ཡོད་ཀྱང་ཁྲིམས་དཔོན་གྱིས་སྣང་མེད་བྱས་པས།      མོར་མ་བསམ་ས་ནས་ལོ་བཞིར་བཙོན་འཇུག་གི་ཁྲིམས་ཐག་བཅད།       ཉི་ཧི་མྱིག་ཏོ་ཧྥིས་རང་གི་བྱས་ཉེས་ཀྱིས་བུད་མེད་ཅིག་གི་མི་ཚེ་གང་བོ་བརླག་པར་ཉེས་སེམས་ཀྱིས་མནར་པས།       མོ་རང་ངེས་པར་དུ་སྐྱོབ་པར་དམ་བཅས།

ཁོ་ཐོག་མར་བཙོན་ཁང་དུ་སོང་ནས་མོར་གུ་ཡངས་གཏོང་བར་རེ་ཞུ་བྱས་པ་དང་།     ཁྲིམས་རྩོད་པ་དང་འབྲེལ་ཡོད་མི་སྣ་བཙལ་ནས་རོགས་རམ་བྱེད་པའི་རེ་འདུན་ཞུས།     ཧུར་བརྩོན་ཇི་ལྟར་བྱས་ཀྱང་ཁྲིམས་ཆད་བསྒྱུར་མ་ནུས་པས་མ་སི་ལོ་བ་ཞི་པོ་ལི་ཡར་བསྐྱལ།      ཉི་ཧི་ལྱིག་ཏོ་ཧྥིས་ཀྱང་སྐུ་དྲག་གི་རྒྱས་སྤྲས་འཚོ་བ་དང་ཐོབ་ཐང་ཡོད་ཚད་མཆིལ་མ་བཞིན་དོར་ནས་མོ་དང་མཉམ་དུ་འགྲོ་རྒྱུ་ཐག་བཅད།       ཞི་པོ་ལི་ཡ་རུ་ཁྲིམས་ཆད་མྱོང་དུས་མ་སི་ལོ་བ་ཁྲིམས་ཁང་གིས་ད་གཟོད་ཉེས་མེད་དུ་ཐག་བཅད།       ཉི་ཧི་མྱིག་ཏོ་ཧྥིས་བརྡ་སྦྱོར་ཁྱེར་ནས་མོ་བཙལ་ཞིང་།         མོར་རང་དབང་ཐོབ་ཚེ་མོ་དང་གཉེན་སྒྲིག་བྱ་སྙམ་མོད།        འོན་ཀྱང་ཁོས་མོ་བཙལ་ནས་རྙེད་དུས་མོ་སྔར་ནས་ཆབ་སྲིད་ཀྱི་ཉེས་ཅན་ཏེ་གསར་བརྗེ་པ་ཞི་མིན་སུང་དང་གཉེན་བསྒྲིགས་ཟིན།     མིས་སེམས་སུ་ཉི་ཧི་ལྱིག་ཏོ་ཧྥི་ལ་དུངས་བཞིན་ཡོད་མོད།        ཁོའི་མདུན་ལམ་གྱི་ཆེད་དུ་མོས་ལམ་དེ་ལྟ་བུ་ཞིག་བདམས།        ཉི་ཧི་ལྱིག་ཏོ་ཧྥིས་ཚོར་བ་ཁ་བོ་ཞིག་གི་འོག་ནས་མོར་རྟེན་འབྲེལ་ཞུས།     ཕྱིས་སུ་ཁོས《དམ་པའི་གསུང་རབ》ལ་མཇལ་རྗེས་བསྟན་བཅོས་དེ་ལས་གསུངས་པ་ལྟར“ཚད་མེད་ཀྱི་སྙིང་རྗེ་དང་ཐུགས་སྐྱེད”ལ་བརྟེན་ནས་འཇིག་རྟེན་ཡོངས་ལ་སྨོན་ལམ་བཏབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།