ཉ་ལུས་མཛེས་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉ་ལུས་མཛེས་མ།
ཉ་ལུས་མཛེས་མ་ནི་ཏེན་མག་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་བྱིས་སྒྲུང་རྩོམ་མཁན་དང་འཛམ་གླིང་བྱིས་སྒྲུང་རྩོམ་རིག་གི་གསར་བཏོད་པ་ཧན་སི•ཁི་ལི་སི་ཏེ•ཨན་ཐུའུ་ཧྲིན་གྱིས་བརྩམས་པའི་བྱིས་སྒྲུང《རྒྱ་མཚོའི་བུ་མོ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་མོ་ནི་བྱིས་སྒྲུང་གཞན་དག་གི་ཁྲོད་ཀྱི་མི་སྣ་གཙོ་བོ་དག་དང་མི་འདྲ་བར། བྱིས་པའི་རྩོམ་རིག་ཁྲོད། ཁོ་མོ་ནི་སྐྱོ་གར་གྱི་རྣམ་པ་ཞིག་ཏུ་འབྲི་བཞེངས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美人鱼
ཕྱི་ཡིག་གི་མིང་།
Mermaid
རྩོམ་ཁུངས།
《རྒྱ་མཚོའི་བུ་མོ》
རྩོམ་པ་པོ།
ཧན་སི•ཁི་ལི་སི་ཏེ•ཨན་ཐུའུ་ཧྲིན།
1 ངོ་སྤྲོད།

ཉ་ལུས་མཛེས་མ་ནི་ཏེན་མག་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་བྱིས་སྒྲུང་རྩོམ་མཁན་དང་འཛམ་གླིང་བྱིས་སྒྲུང་རྩོམ་རིག་གི་གསར་བཏོད་པ་ཧན་སི·ཁི་ལི་སི་ཏེ·ཨན་ཐུའུ་ཧྲིན་གྱིས་བརྩམས་པའི་བྱིས་སྒྲུང《རྒྱ་མཚོའི་བུ་མོ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་།  ཁོ་མོ་ནི་བྱིས་སྒྲུང་གཞན་དག་གི་ཁྲོད་ཀྱི་མི་སྣ་གཙོ་བོ་དག་དང་མི་འདྲ་བར།   བྱིས་པའི་རྩོམ་རིག་ཁྲོད།   ཁོ་མོ་ནི་སྐྱོ་གར་གྱི་རྣམ་པ་ཞིག་ཏུ་འབྲི་བཞེངས་བྱས་ཡོད།

2 འབྲེལ་ཡོད་གཏམ་རྒྱུད།

ཉ་ལུས་མཛེས་མ་ནི་མཚོ་རྒྱལ་གྱི་སྲས་མོ་ཡིན་པ་དང་།    མོའི་ཤ་རྩ་ནི་རྒྱ་སེ་མེ་ཏོག་གི་འདབ་མ་ལྟར་འཇམ་ཞིང་མཉེན་ལ། མིག་ཟུང་ནི་མར་གད་བཞིན་སྔོ་ཞིང་དྭངས། གཏིང་ཟབ་པའི་མཚོ་ཞབས་ཀྱི་ཕོ་བྲང་ནས་མཚོ་ཁར་བུད་དེ་འཇིག་རྟེན་འདིའི་མཛེས་པ་མྱངས།         མོས་ལྷད་མ་ཞུགས་པའི་བརྩེ་དུངས་དང་མིའི་རིགས་ལ་མ་གཏོགས་མེད་པའི་རྣམ་ཤེས་ཤིག་ཐོབ་པར་རེ་ཞིང་སྙེག ཡིན་རྒྱུ་ནི་ཉ་ལུས་མཛེས་མ་འདི་རིགས་ཏེ་མཚོ་ནང་གི་སྐྱེ་དངོས་ཡོད་ཚད་ལ་སྔར་རྣམ་ཤེས་དང་བྲལ་ཞིང་།   ཁོ་ཚོ་རང་རང་གི་ཚེ་ཚད་ལ་ཐོན་ན་ཆུ་ཁའི་ཝུ་བར་གྱུར་ནས་མཚོ་རུ་འཐིམ་འགྲོ་བ་ཡིན།    དེར་བརྟེན་མོས་ཡོད་ཚད་བློས་བཏང་ནས་སྒྱུ་མ་མོ་ལ་རང་གི་ཁུ་བྱུག་ལྟ་བུའི་མགྲིན་ངག་རིན་དུ་འཇལ་ནས་མི་ལུས་བླངས་ཏེ།        སྔར་ནས་དུངས་ཤིང་ཆགས་པའི་རྒྱལ་སྲས་ཀྱི་གམ་དུ་ཡོང་མོད། མོས་ངག་གྲོལ་མི་ཐུབ་པས་རྒྱལ་སྲས་ལ་ནང་སེམས་སྟོན་ཐབས་མེད་པས་ཅི་བྱས་ཀྱང་རྒྱལ་སྲས་ཀྱི་སེམས་འགུག་མ་ཐུབ་པ་ལས་གཞན་འགྲོ་བ་མི་ལ་མངའ་བའི་རྣམ་ཤེས་ཀྱང་མ་ཐོབ། མཇུག་མཐར་རྒྱལ་སྲས་གཉེན་བསྒྲིགས་པ་དང་ཉ་ལུས་མཛེས་མ་ལྔ་ལམ་དུ་ཆས། རྒྱ་མཚོའི་སྟེང་དུ། རླབས་དཀར་ལས་ཐོན་པའི་ཝུ་བར་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།