ཁི་ལེ་ཐའེ•ཀེ་ལེ་ཧྥུ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁི་ལེ་ཐའེ•ཀེ་ལེ་ཧྥུ་སི།
ཁི་ལེ་ཐའེ•ཀེ་ལེ་ཧྥུ་སི་ནི་ཏེ་ལའེ་སའེ་ཡིས་བརྩམས་པའི་སྒྲུང་གཏམ《ཨ་རིའི་སྐྱོ་གར》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པའི་འོག་རིམ་བཞིན་མི་གསོད་ལག་དམར་དུ་གྱུར་ལ། མཐར་འཇུག་རང་ཉིད་ཀྱིས་རང་ཉིད་བརླགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克莱德•格里菲思
རྩོམ་ཁུངས།
《ཨ་རིའི་སྐྱོ་གར》
རྩོམ་པ་པོ།
ཏེ་ལའེ་སའེ།
1 ངོ་སྤྲོད།

ཁི་ལེ་ཐའེ·ཀེ་ལེ་ཧྥུ་སི་ནི་ཏེ་ལའེ་སའེ་ཡིས་བརྩམས་པའི་སྒྲུང་གཏམ《ཨ་རིའི་སྐྱོ་གར》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།   ཁོ་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པའི་འོག་རིམ་བཞིན་མི་གསོད་ལག་དམར་དུ་གྱུར་ལ།  མཐར་འཇུག་རང་ཉིད་ཀྱིས་རང་ཉིད་བརླགས་པ་ཞིག་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཁི་ལེ་ཐའེ·ཀེ་ལེ་ཧྥུ་སི་ནི་དབུལ་ཞིང་ཕོངས་པའི་ཆོས་སྤེལ་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་།  ཆུང་དུས་ནས་བཟུང་ཕ་མའི་རྗེས་འབྲངས་ཏེ་མུ་ལྟོ་བ་ཞིག་དང་འདྲ་བར་སྲང་ལམ་ཆེ་ཆུང་ཀུན་ཏུ་ཡེ་ཤུའི་ཆོས་འཆད་པ་དང་གླུ་དབྱངས་ལེན་པར་བརྟེན་ནས།  འཚོ་རྟེན་གྱི་དངུལ་འཚོལ་གྱིན་ཡོད། 

སྤྱི་ཚོགས་འཚོ་བ་དངོས་ཀྱི་ཤུགས་རྐྱེན་འོག་ཁོ་ནི་གྲགས་སྐམ་ལ་དགའ་བ་དང་མཐོ་འདོད་ཕྱུག་འགྱུར་གྱི་སྟོང་སེམས་ཀློང་དུ་ལྷུང་ནས་ཕྱིར་ཡོང་མེད་པར་གྱུར།  ཁོའི་ཨ་ཅེ་ནི་འཁྲབ་སྟོན་པ་ཞིག་གི་བསླུ་བྲིད་འོག་ཏུ་ཚུད་ནས་དེ་དང་ལྐོག་སྡེབ་ཀྱིས་བྲོས་པ་དང་།  ཁོ་རང་ཉིད་ཀྱང་ལོ་བཅུ་དྲུག་པ་ནས་ཕ་མ་དང་བྲལ་ཏེ་ཀི་ལིན·ཏི་བའེ་སིན་མགྲོན་ཁང་དུ་ཞབས་ཞུ་པའི་བྱ་བ་བསྒྲུབས།  གནས་དེ་རུ་ཁོས་ཉིན་རེ་བཞིན་རྣ་ཡིས་ཐོས་པ་དང་མིག་གིས་མཐོང་བ་ནི་ལྕམ་སྐུ་ཞབས་རྣམས་ཀྱིས་ན་གཞོན་ཚོར་བསླུ་བྲིད་གཏོང་བ་དང་།  རྒྱུ་ཆེན་ཚོས་ཕྱུགས་ཆུང་རྣམས་གང་འདོད་དུ་རྩེད་སྤྱད་བྱེད་ཀྱིན་ཡོད་པའི་སྐྱུག་བྲོ་བའི་ཟློས་གར་ཁོ་ན་ཏག་ཏག་ཡིན་པས།  ཅང་མ་འགོར་པར་ཁོས་སྒོར་མོ་ཡོད་ན་ཡོད་ཚད་ཡོད་པའི “མན་ངག”དེ་རྩ་བ་ནས་ཤེས་སོང་།  དེ་ནས་བཟུང་།  ཁོའང་ཇ་ཁ་ཆང་ཁ་ཙམ་གྱི་གྲོགས་འགའ་དང་མཉམ་དུ་བག་མེད་ཀྱི་ལས་ལ་ཞུགས།   ཉིན་ཞིག་ཁོ་ཚོ་སྤྲོ་བསང་ལ་འགྲོ་དུས་རླངས་འཁོར་གྱིས་བུ་མོ་ཆུང་ཆུང་ཞིག་ལ་བརྡུངས་ཤིང་བཅིར་པས།  ཉེས་གཡོལ་དུ་གྲོང་ཁྱེར་ཧྲིས་ཁ་གོའུ་རུ་བྲོས་ཏེ་འཁྱམ་པོའི་འཚོ་བ་ལོ་གསུམ་རིང་ལ་རོལ།   བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་རང་གི་ཁུ་བོ་ཆེ་བ་དང་ཐུག་པས།  དེའི་བཟོ་གྲྭ་རུ་ལས་དཔོན་ཆུང་ཆུང་ཞིག་གི་འགན་ཁུར་ནས་བསྡད།  ཁོའི་ཕ་སྤུན་གྱིས་ཁོར་འགྲོ་ཤེས་འདུག་ཤེས་བྱས་ན་ད་གཟོད་ལག་གི་ལས་ཀ་མི་འཆོར་བ་དང་གོ་གནས་ཡར་འཐེན་བྱེད་པའི་གོ་སྐབས་ཡོད་པ་རེད་ཅེས་ཡང་ཡང་བཤད་མྱོང་མོད།  ཁོས་དེའི་སེམས་བཟང་གི་ཁ་ཏ་ལ་མ་ཉན་པར་རང་གི་གོ་གནས་དང་རྒྱུ་ནོར་ལ་བརྟེན་ནས་ཐབས་བརྒྱ་ཇུས་སྟོང་གིས་བཟོ་གྲྭར་ཡོང་མ་ཁད་ཀྱི་དབུལ་ཞིང་ཕོངས་ཀྱང་མཛེས་སྡུག་ཡིད་དུ་འོང་བའི་གཞོན་ནུ་མ་ལོ་པེ་ཏཱར་བཙན་གཡེམ་བྱས་པར་མ་ཟད།  མོར་ད་རུང་མངལ་ཀྱང་སྦྲུམ་དུ་བཅུག   མ་རྩ་ཅན་གྱི་ལྕམ་མོ་སང་ཐེ་ལཱས་ཁོར་གཞོགས་སྟེགས་ཆགས་ཉམས་བསྟན་ཅིང་བརྩེ་དུངས་ཀྱི་མདའ་མོ་འཕངས་དུས།  ཁོ་ནི་ཧ་ལས་ཤིང་དགའ་ཐག་ཆོད་པར་མ་ཟད།  མཐོ་རིམ་གྱི་ཁྱིམ་ཚང་དང་འབྲེལ་བ་བཙུགས་ཏེ་ཕྱུག་པོའི་འཚོ་བ་རོལ་བའི་ཧམ་སེམས་ཀྱིས་ཁོའི་བློ་མིག་བསྒྲིབས་ཏེ།  དགོང་དྲོའི་ཚགས་པར་སྟེང་གི་ལྐོག་གསོད་ཐེབས་པའི་སྐོར་གྱི་གསར་འགྱུར་ཞིག་གིས་གསལ་འདེབས་ལྟ་བུ་ཞིག་བྱས་པས།   ཁོས་གཡོ་སྒྱུས་ལོ་པེ་ཏཱ་དང་གཉེན་སྒྲིག་བྱེད་རྒྱུ་ཁས་ལེན་ཁུལ་གྱིས་མོ་དང་མཉམ་དུ་མཚེའུ་རུ་གྲུ་གཏོང་བར་སོང་ནས་ལྐོག་གསོད་བྱེད་པའི་བསམ་ངན་བཅངས་མོད།  མཐར་ཁོ་ལ་འགྱུར་བ་བྱུང་སྟེ་ལྐོག་གསོད་བྱ་རྒྱུའི་དམིགས་ཡུལ་མ་འགྲུབ་ནའང་།   ལོ་པེ་ཏཱ་མ་བསམས་ས་ནས་མཚེའུར་ལྷུང་སྟེ་འཆི་ཉེན་ལ་ཐུག་ཀྱང་ཁོས་མ་བསྐྱབས་པར་མ་ཟད།  རང་གི་རེ་བ་འགྲུབ་པར་རློམ་ནས་མ་རུང་ཁོག་བཅུག་གི་དགའ་སྣང་སྐྱེས།   ལོ་པེ་ཏཱའི་བེམ་རོ་ལྷང་ལ་བུད་རྗེས་ཨ་རིའི་སྲིད་ཏང་ཆེ་ཁག་གཉིས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་འདེམ་ཤོག་མང་དུ་འཐོབ་པའི་ཆེད་ཕན་ཚུན་ལ་ངན་ཇུས་ཅི་རིགས་འཐེན་རེས་བྱས།  ཞིབ་དཔྱོད་པ་མེ་ཞུན་གྱིས་སྤྱི་མཐུན་ཏང་གི་ཁེ་ཕན་བསམས་ཏེ་འདེམ་བསྐོ་ཆེན་མོའི་སྔུན་དུ་གྱོད་གཞི་མཇུག་རྫོགས་ཆེད་ཁུངས་ལུང་རྫུན་མ་བཟོ་གང་ཐུབ་དང་།  ད་དུང་ཁྲིམས་ཀྱི་འདུན་སར་དཔང་མི་བརྒྱ་དང་ཉེར་བདུན་ལྷག་ཀྱང་རྩ་འཛུགས་བྱས།   སང་ཐེ་ལའི་ཨ་ཕས་རང་གི་བུ་མོས་ངོ་ཚ་མི་ཉོ་བའི་ཆེད་དུ་སྲིད་གཞུང་དང་ཁྲིམས་ཁང་གི་མགོ་འཛིན་པ་དག་ལ་ལྐོག་རྔན་བརྫངས་ཏེ།  མོ་ཁྲིམས་སར་ཡོང་མི་དགོས་པར་མ་ཟད་སྲས་མོ་ག་གེ་མོ་ཞེས་པ་མ་གཏོགས་མོའི་མིང་ཙམ་ཡང་མི་གླེང་བར་བྱས།  ཁི་ལེ་ཐའེ་ཡི་བཤེར་རྩོད་དག་འབུད་བྱེད་མཁན་པོར་ན་པེས་དམངས་གཙོ་ཏང་གི་ཆེད་དུ་གྱོད་གཏུག་ཁྲིམས་གཅོད་ཀྱི་དུས་ཚོད་ཇེ་རིང་ལ་གཏོང་གང་ཐུབ་བྱེད་པ་དང་།   ཐབས་བརྒྱ་ཇུས་སྟོང་གིས་ཁི་ལེ་ཐའེ་ལ་སྐུལ་མ་བྱས་ནས་མི་མང་གི་ཁྲོད་དུ་མནའ་གཏམ་རྫུན་མ་གང་མང་བཤད་དུ་བཅུག  ཁོས་དོན་དངོས་འཁྱོག་བཤད་བྱས་ཏེ་ཁི་ལེ་ཐའེར་བཤེར་རྩོད་དག་འབུད་བྱས།  དོན་དངོས་སུ་ཁོ་རང་ཉིད་ཀྱིས་ཀྱང་དོན་དག་དེ་དང་འདྲ་བའི་ནག་ཉེས་བཟོས་ཡོད་ནའང་།  རྒྱུ་ནོར་ལ་བརྟེན་པས་ད་གཟོད་ཁྲིམས་ཁང་འོག་ཏུ་ཚུད་མ་དགོས་པ་རེད།  ཁི་ལེ་ཐའེ་ཡི་ཕ་མས་བུའི་སྲོག་བསྐྱབ་པའི་ཆེད་དུ་ས་ཆ་སོ་སོ་ནས་འབོད་སྐུལ་བཏང་སྟེ།  སྒོར་མོ་སྟོང་དང་ཉིས་བརྒྱ་ལྷག་འདུས་པ་དེ་པོར་ན་པེའི་ཁུག་མའི་ནང་དུ་བརྫངས་ནའང་གོ་གཅིག་ཀྱང་མ་ཆོད།  ཁོ་ཚོས་ཡེ་ཤུའི་ཆོས་འཆད་མཁན་ཞིག་གདན་དྲངས་ཏེ་ཁི་ལེ་ཐའེར་མཛུབ་སྟོན་བྱས་ནས་སྐྱབས་མགོན་གོང་མར་སྐྱབས་འཇུག་ཞུ་རུ་བཅུག་མོད།  ཁི་ལེ་ཐའེས་རང་གི་ཕ་མས་མི་ཚེ་གང་བོར་སྡུག་མྱངས་བའི་ལས་དབང་ལ་བསམས་ཏེ་ཡེ་ཤུའི་ཆོས་འཆད་མཁན་གྱི་འཆལ་གཏམ་ལ་གཏན་ནས་ཡིད་མ་ཆེས།  ཁྲིམས་ཐག་གཅོད་པའི་སྔུན་གྱི་ཉིན་འགའ་ལ།   ཁི་ལེ་ཐའེས་རང་གིས་ལོ་པེ་ཏཱ་མ་བསྐྱབས་པ་སོགས་ཀྱི་ཉེས་པ་བསགས་ཡོད་པ་དྲན་པས།   ད་གཟོད་སེམས་བསམ་པའི་གཏིང་ནས“སྐྱབས་མགོན་གོང་མ” ལ་སྐྱབས་འཇུག་ཞུས་མོད།  ཡིན་ནའང་སུ་ཞིག་གིས་ཁོ་སྐྱོབ་པར་ནུས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།