ཀུ་ལའེ་ཧྥོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུ་ལའེ་ཧྥོ།
ཀུ་ལའེ་ཧྥོ་ནི་སི་བེ་ཧྥུ་ཐེས་སྤྱི་ལོ1726ལོར་པར་དུ་བསྐྲུན་པའི་ཕུལ་བྱུང་ཟུར་ཟའི་སྒྲུང་རིང《ཀུ་ལའེ་ཧྥོའི་ཡུལ་སྐོར་ཟིན་བྲིས》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི་སྨན་པ་ཞིག་ཡིན་ལ། ཐེངས་བཞིར་ཡ་མཚན་ཆེ་བའི་ཡུལ་སྐོར་གྱི་མྱོང་བ་བརྒྱུད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格列佛
ཕྱི་ཡིག་གི་མིང་།
Gulliver
ལས་རིགས།
སྨན་པ་དང་གྲུ་དཔོན།
རྒྱལ་ཁབ།
དབྱིན་ཇི།
རྩོམ་ཁུངས།
《ཀུ་ལའེ་ཧྥོའི་ཡུལ་སྐོར་ཟིན་བྲིས》
རྩོམ་པ་པོ
། སི་བེ་ཧྥུ་ཐེ།
1 ངོ་སྤྲོད།

ཀུ་ལའེ་ཧྥོ་ནི་སི་བེ་ཧྥུ་ཐེས་སྤྱི་ལོ1726ལོར་པར་དུ་བསྐྲུན་པའི་ཕུལ་བྱུང་ཟུར་ཟའི་སྒྲུང་རིང《ཀུ་ལའེ་ཧྥོའི་ཡུལ་སྐོར་ཟིན་བྲིས》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་།  ཁོ་ནི་སྨན་པ་ཞིག་ཡིན་ལ།  ཐེངས་བཞིར་ཡ་མཚན་ཆེ་བའི་ཡུལ་སྐོར་གྱི་མྱོང་བ་བརྒྱུད་པ་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཐེངས་དང་པོར་དབྱིན་ཇིའི་སྨན་པ་ཀུ་ལའེ་ཧྥོ་གདན་ཞུས་ལྟར་རྒྱ་མཚོར་ཞུགས་ནས་སྐྱོད་པའི་ལམ་སྐེད་དུ་ཉེན་ཁར་ཕྲད་དེ་གཅིག་པུར་མིའུ་ཐུང་རྒྱལ་ཁབ་ཅིག་ལ་བསླེབས།  མིའུ་ཐུང་དེ་དག་ཆེ་ཆུང་ལ་མཐོ་གང་ཙམ་ལས་མེད།  རྒྱལ་ཁབ་དེའི་དཔོན་གནས་ཀྱི་མཐོ་དམན་ནི་སོ་སོའི་ཐག་རྩལ་གྱི་ཆེ་ཆུང་ལ་བལྟས་ནས་གཏན་ཁེལ་བྱེད་ཀྱིན་ཡོད།  ཏང་ཁག་གཉིས་ཡོད་པ་དེ་རྐང་མགོའི་ལྷམ་གྱི་ཕྱི་རྟིང་གི་མཐོ་དམའ་ཐད་བློ་མ་འཆམས་པར་རྩོད་པ་ཛ་དྲག་བྱུང་།  ཁོ་ཚོས་མི་བོ་ཆེ་ཀུ་ལའེ་ཧྥོ་གསོན་བཟུང་བྱས་རྗེས།  ཀུ་ལའེ་ཧྥོས་རྒྱལ་ཁབ་དེའི་རྒྱལ་པོས་བཏོན་པའི་ཆ་རྐྱེན་འགའ་ཁས་ལེན་བྱས་པས་འགྲོ་འདུག་ལ་རང་དབང་ཐོབ།  སྐབས་དེར་རྒྱལ་ཁབ་དེ་དང་རྒྱལ་ཁབ་གཞན་ཞིག་བར་སྒོ་ང་ཟ་སྐབས་སྒོ་ངའི་སྣེ་ཆེ་ས་ནས་དབྲལ་ལམ་ཆུང་ས་ནས་དབྲལ་བར་བྱ་བའི་ཐད་ཁ་རྩོད་བྱུང་སྟེ་འཐབ་འཁྲུག་ལངས།  ཀུ་ལའེ་ཧྥོས་རྒྱལ་པོའི་སྡོངས་གྲོགས་བྱས་ཏེ་ཕ་རོལ་པ་ཕམ་པར་བརྒྱབ།  ཡིན་ནའང་དེར་བརྟེན་ནས་རྒྱལ་པོ་ཁོ་ལའང་ཡིད་མི་ཆེས་པར་གྱུར།  དེའི་སྟེང་ལ་ནོར་སྲིད་བློན་ཆེན་དང་མཚོ་དམག་བློན་ཆེན་གྱིས་རྒྱལ་པོའི་མདུན་ནས་ཕུང་སྦྱོར་ཕྲ་མ་བཅུག་སྟབས་རྒྱལ་པོས་ཁོའི་མིག་གཉིས་ཕྲལ་ཏེ་ལྟོགས་གྲིར་འཆི་རུ་འཇུག་རྒྱུའི་གྲོས་ཐག་བཅད།  ཀུ་ལའེ་ཧྥོས་གནས་ཚུལ་དེ་ཐོས་རྗེས་མིའུ་ཐུང་རྒྱལ་ཁབ་དེ་ལས་བྲོས་བྱོལ་བྱས་ཏེ་ཕྱིར་དབྱིན་ཇིར་བསླེབས།

ཐེངས་གཉིས་པར་ཀུ་ལའེ་ཧྥོ“ཉེན་མཆོང”རྟགས་ཅན་གྱི་གྲུ་ལ་བསྡད་དེ་སླར་ཡང་མཚོ་རུ་ཞུགས་ཤིང་།  དེའི་ཚེ་ཡང་མཚོ་གྲུ་རླུང་ཆེན་གྱིས་དེད་དེ་མི་བོ་ཆེའི་རྒྱལ་ཁབ་ཅིག་ལ་བསླེབས།   ཁོ་ཞིང་པ་ཞིག་གིས་བཟུང་སྟེ་བཙུན་མོར་རྩེད་ཆས་སུ་བཙོངས་ཤིང་།  བཙུན་མོའི་སྐུ་མདུན་པ་གཟུགས་ཐུང་ཞིག་ཡོད་པ་དེས་ཁོར་བརྙས་བཅོས་གང་མང་བྱས།  ཉིན་ཞིག་རྒྱལ་པོའི་སྐུ་མདུན་དུ་རྒྱལ་པོར་དབྱིན་ཇིའི་གནས་ཚུལ་དང་ལོ་རྒྱུས་མཚམས་སྦྱོར་བྱེད་པའི་སྐབས།  རྒྱལ་པོས་འདྲི་རྩད་ནན་མོ་བཅད་པས་མ་བསམས་ས་ནས་དབྱིན་ཇིའི་ལམ་ལུགས་ནི་སྔོན་ཐོན་མིན་པ་དང་།  དབྱིན་ཇིའི་ལོ་རྒྱུས་ནི“ངན་ཇུས་ཀྱི་ཕུང་བོ་དང་ངོ་ལོག   ལྐོག་གསོད།  དམར་གསོད།   གསར་བརྗེ་དང་མཐར་སྐྲོད་པ”བཅས་ཀྱི་དམྱལ་ཁམས་ཤིག་ཡིན་ཅེས་རང་གི་བསམ་དོན་གྱི་ལྡོག་ཕྱོགས་སུ་བདེན་དཔང་བྱས།  ཀུ་ལའེ་ཧྥོ་མི་བོ་ཆེའི་རྒྱལ་ཁབ་ཏུ་ལོ་གསུམ་འགོར་པ་ན་ཕ་ཡུལ་དྲན་དྲགས་པས་གཞན་ལ་བསྐུལ་ནས་རང་མཚོ་ལ་བལྟ་རུ་འཁྲིད་དུ་བཅུག   དེ་ནས་ཁོ་སྒམ་ཆུང་དུ་ཉལ་ཡོད་དུས་བྱ་རྒོད་ཀྱིས་སྒམ་དེ་རུས་སྦལ་དུ་འཁྲུལ་ཏེ་བར་སྣང་ལ་ཁུར་ཅིང་།  བྱ་རྒོད་འགས་འཕྲོག་རྩོད་བྱས་ཏེ་སྒམ་ཆུང་མཚོ་ནང་དུ་ལྷུང་བར་མཚོ་དེ་བརྒྱུད་ནས་བསྐྱོད་པའི་གྲུ་ཐོག་གི་མིས་མཐོང་སྟེ་ཁོ་བསྐྱབས་པ་དང་།  ཡང་བསྐྱར་དབྱིན་ཇིར་འབྱོར་ཐུབ་པ་བྱུང་།

ཐེངས་གསུམ་པར་ཀུ་ལའེ་ཧྥོ་དེ་ནས་ཅང་མ་འགོར་པར་སླར་ཡང“སྨོན་ལེགས”རྟགས་ཅན་གྱི་གྲུར་བསྡད་དེ་མཚོ་སྐྱོད་བྱེད་སྐབས།  གྲུ་དེ་མཚོ་ཇག་གིས་བཅོམ་སྟེ་ཁོ་གཅིག་པུ་གཡོར་གྲུ་ཆུང་ཆུང་ཞིག་གི་ནང་ཕུད་དེ་སྤྱུགས།  གྲུ་དེ་རླབས་རྒྱུན་གྱིས་དེད་དེ་གཡེང་བཞིན་གླིང་ཕྲན་འགར་སླེབས་ཤིང་།  ཉིན་ཞིག་ཁོས་གློ་བུར་དུ་ནམ་མཁའ་རུ“ལེ་ཕའེ་ཐ”ཞེས་པའི་འཕུར་འགྲོའི་གླིང་ཕྲན་ཞིག་ཡོད་པ་མཐོང་།  གླིང་ཕྲན་དེར་ཡོད་པའི་མི་རྣམས་བྱད་གཟུགས་རྒྱུན་ལྡན་ཅན་མ་ཡིན་པ་དང་གྱོན་པ་ཡ་མཚན་གོན་པ།  སྤྱོད་པ་ཆ་བཞག་མེད་པ་ཤ་སྟག་ཏུ་འདུག   གླིང་ཕྲན་དེར་གནས་ཡོད་པ་ནི་རྒྱལ་པོ་དང་སྐུ་དྲག་རྐྱང་རྐྱང་ཡིན་ལ།  མངའ་འབངས་རྣམས་པཱར་ཉི་པ་པུའུ་སོགས་གླིང་ཕྲན་གཞན་ན་གནས་ཡོད།  ཀུ་ལའེ་ཧྥོ་པཱར་ཉི་པ་པུའུ་རུ་བསླེབས་རྗེས་དེ་གའི“ལ་ཀུ་ཏོ་ཚན་རིག་གླིང”དུ་ལྟ་སྐོར་ལ་སོང་།  ཚན་རིག་གླིང་གི་ཞིབ་འཇུག་བྱ་ཡུལ་ནི་ཚུལ་མིན་ལུགས་འཆལ་ཁོ་ན་རེད།  དེ་ནས་ཡང་ཁོ་ལྷ་པའི་གླིང་ཕྲན་དུ་སོང་།  གླིང་ཕྲན་དེའི་མངའ་བདག་གིས་རྫུ་འཕྲུལ་ལ་བརྟེན་ནས་རྣམ་ཤེས་འགུགས་ཐུབ་པས་ཀུ་ལའེ་ཧྥོས་གནའ་བོའི་མི་མིང་གྲགས་ཅན་མང་བོར་མཇལ་བའི་སྐལ་བ་ཐོབ་ཅིང་དེ་དག་དང་གླེང་མོལ་བྱས་མཐར།  ཁོས་ལོ་རྒྱུས་དཔེ་དེབ་ཏུ་དོན་དངོས་དང་མི་མཐུན་པའི་བདེན་རྫུན་གོ་ལྡོག་གི་ནོར་འཁྲུལ་གང་མང་ཡོད་པའང་ཤེས།   དེའི་རྗེས་ཀུ་ལའེ་ཧྥོ་ལཱ་ཀི་ནེ་ཀུ་རྒྱལ་ཁབ་དང་འཇར་པན་ལ་ཡུལ་སྐོར་ལྗོངས་རྒྱུ་རུ་སོང་ཞིང་།  མཐར་གྲུར་བསྡད་དེ་ཕྱིར་དབྱིན་ཇིར་བསླེབས།

ཆེས་མཇུག་མཐར་ནང་ཀུ་ལའེ་ཧྥོ“ཉེན་མཆོང་པའི”རྟགས་ཅན་གྱི་མཚོ་གྲུའི་གྲུ་དཔོན་དུ་གདན་ཞུས་ལྟར་མཚོ་སྐྱོད་ཐེངས་བཞི་པ་བྱས་ཚུལ་བྲིས་ཡོད།  ལམ་དུ་གྲུ་པ་རྣམས་ཀྱིས་ངོ་ལོག་བྱས་ཏེ་ཁོ་སྐམ་ས་ཞིག་ཏུ་བདས།  སྐམ་ས་དེར“ཅང་ཤེས་རྒྱལ་ཁབ”ཏུ་འབོད་ཅིང་།  དེ་རུ་ཁོ་ནི་མིང་ལ“ཡུས་ཧུའུ”ཞེས་པའི་དུད་འགྲོ་མི་ཡི་གཟུགས་ཅན་མང་བོས་རུབ་ཅིང་བསྐོར་མོད།  སྟབས་ལེགས་ཏེ“ཅང་ཤེས”(དོན་ལ་རྟ་ཞིག་ཡིན)ཤིག་གིས་ཁོ་བསྐྱབས།   མ་གཞིར་རྒྱལ་ཁབ་དེ་རུ་དཔྱོད་ཤེས་ལྡན་པའི་སྡོད་དམངས་དང་དབང་སྒྱུར་པ་ནི་རྟ་ཡིན་ལ་མི་ལུས་ཅན་གྱི“ཡུས་ཧུའུ”ནི་ཁོ་ཚོའི་སྒོ་ཕྱུགས་ཡིན་འདུག   ཀུ་ལའེ་ཧྥོས་ཅང་མ་འགོར་པར་རྒྱལ་ཁབ་དེའི་སྐད་ཆ་སྦྱངས་ནས་ཤེས་པར་མ་ཟད་བདག་པོས་ཀྱང་ཁོ་གདན་ཞུ་བྱས།  ཁོས་དེ་དག་ལ་རྟ་ནི་འཛམ་གླིང་ས་ཆ་ཀུན་ཏུ་སྒོ་ཟོག་ཡིན་པ་དང་ཁོ་ལྟ་བུའི“ཡུས་ཧུའུ”ནི་ད་གཟོད་བདག་པོ་ཡིན་པ་སོགས་གླེངས་པས“ཅང་ཤེས”ནི་ཡ་མཚན་པར་གྱུར།  ཀུ་ལའེ་ཧྥོས་ད་དུང་ཁོ་ཚོ་ལ་དབྱིན་ཇིའི་ནག་ཉེས་གང་མང་མཚང་བརྟོལ་བྱས།  “ཅང་ཤེས”ཀྱིས་མིའི་རིགས་ལ་ལྡན་པའི་དཔྱོད་ཤེས་དེ་རིགས་ནི་ཁོ་ཚོའི“ལྷན་སྐྱེས་ནག་ཉེས་ཀྱི་ཁྱད་གཤིས”དེ་འབྱུང་བར་རམ་འདེགས་སུ་འགྲོ་བ་ལས་ཅི་ཡང་མེད་པར་འདོད་ཅིང་།  “མི་དམངས་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས”ཞེས་པས་ཀྱང་མི་དམངས་རྣམས་ཁྱིམ་སྟོངས་མི་ཡལ་གྱི་གནས་སུ་སྐྱེལ་བ་ལས་ཕན་ཁེ་ཅི་ཡང་མེད་པར་འདོད།  “ཅང་ཤེས”ཀྱི་ཀུན་སྤྱོད་བཟང་བོས་ཀུ་ལའེ་ཧྥོ་ཡི་ཡིད་རབ་ཏུ་ཁུགས་ཏེ་གནས་དེ་རུ་འཚོ་བ་རོལ་བར་བློ་ཐག་བཅད།  ཡིན་ནའང་རྒྱལ་ཁབ་དེའི་འཐུས་མི་ཚོགས་ཆེན་དུ“ཡུས་ཧུའུ”རྣམས་ཚར་གཅོད་བྱས་ཏེ་གཡུང་ལ་བབས་པའི་བོང་བུ་གསོ་བར་གྲོས་ཆོད་བྱུང་ལ།   ཀུ་ལའེ་ཧྥོ་ནི“ཡུས་ཧུའུ”གཞན་དག་དང་མི་འདྲ་བར་དཔྱོད་ཤེས་ཀྱི་བློ་རིག་མངའ་བས་གསད་བྱ་རུ་མ་གྱུར་མོད།  འོན་ཀྱང“ཅང་ཤེས”རྒྱལ་ཁབ་ལས་ཕྱིར་ངེས་པར་འབུད་དགོས་པར་ཐག་བཅད།   དེ་བས་ཀུ་ལའེ་ཧྥོར་ཐབས་ཟད་དེ་ཕྱིར་དབྱིན་ཇིར་མི་འགྲོ་ཀ་མེད་བྱུང་།  དབྱིན་ཇིར་བསླེབས་རྗེས་ཁོ་ལ་ངེས་འབྱུང་ཆེན་པོ་སྐྱེས་ནས་རྟ་དག་གྲོགས་པོར་བསྒོམས་ཏེ་མི་ཚེ་བསྐྱལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།