ས་དབུས་རྒྱ་མཚོའི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་དབུས་རྒྱ་མཚོའི་ནམ་ཟླ།
ས་དབུས་རྒྱ་མཚོའི་ནམ་ཟླ་ལ་དྲོད་མ་ཚ་རྒྱུད་ཀྱི་དབྱར་དུས་ཀྱི་ཐན་པའི་ནམ་ཟླ་ཡང་ཟེར་ཞིང་། ནུབ་རླུང་ཁུལ་དང་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གཉིས་ཕན་ཚུན་བརྗེ་སྤོར་དང་ཚོད་འཛིན་གྱིས་གྲུབ་པ་ཡིན་ལ། དེ་ནི་དྲོད་མ་ཚ་རྒྱུད་དང་དྲོད་རྒྱུད་གྱི་ནམ་ཟླའི་རིགས་ཤིག་ཡིན། དེ་ཡང་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་ནས་བཞི་བཅུའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དུ་ཁྱབ་ཅིང་། ས་དབུས་རྒྱ་མཚོའི་ས་ཁུལ་དུ་དབྱར་དུས་སུ་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཚོད་འཛིན་གྱིས། ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་དམའ་བས་གནོན་ཤུགས་མཐོན་པོ་གྲུབ་པ་དང་། དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གྱི་ཤུགས་རྐྱེན་མཐོ་རུ་ཕྱིན་པ་ཡིན་ལ། དགུན་གྱི་དུས་སུ་ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་ཅུང་མཐོན་པོ་ཡིན་པས། གནོན་ཤུགས་དམའ་མོ་གྲུབ་པ་དང་། ནུབ་རླུང་གཞིབ་པར་མ་ཟད། ནུབ་རླུང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པར་འགྱུར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地中海式气候
ཕྱི་ཡིག་གི་མིང་།
Mediterranean climate
མིང་གཞན།
དྲོད་མ་ཚ་རྒྱུད་ཀྱི་དབྱར་དུས་ཀྱི་ཐན་པའི་ནམ་ཟླ།
ཁྱབ་སའི་ས་ཁུལ།
འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་ནས་བཞི་བཅུའི་བར་གྱི་སྐམ་ས་ཆེན་པོའི་ནུབ་ངོགས་སུ་ཁྱབ།
སྔོ་ཁེབས་ཀྱི་རིགས།
དྲོད་མ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་སྲ་མོའི་རིགས་ཀྱི་ནགས་ཚལ།
ནམ་ཟླའི་ཁྱད་ཆོས།
དབྱར་དུས་སུ་ཚ་བ་ཧ་ཅང་ཆེ་ཞིང་སྐམ་ཤས་ཆེ་བ་དང་། དགུན་དུས་སུ་ཅུང་དྲོ་ལ་ཆར་ཆུ་མོད་པ་ཡིན།
1 ངོ་སྤྲོད།

ས་དབུས་རྒྱ་མཚོའི་ནམ་ཟླ་ལ་དྲོད་མ་ཚ་རྒྱུད་ཀྱི་དབྱར་དུས་ཀྱི་ཐན་པའི་ནམ་ཟླ་ཡང་ཟེར་ཞིང་།    ནུབ་རླུང་ཁུལ་དང་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གཉིས་ཕན་ཚུན་བརྗེ་སྤོར་དང་ཚོད་འཛིན་གྱིས་གྲུབ་པ་ཡིན་ལ།    དེ་ནི་དྲོད་མ་ཚ་རྒྱུད་དང་དྲོད་རྒྱུད་གྱི་ནམ་ཟླའི་རིགས་ཤིག་ཡིན།    དེ་ཡང་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་ནས་བཞི་བཅུའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དུ་ཁྱབ་ཅིང་།    ས་དབུས་རྒྱ་མཚོའི་ས་ཁུལ་དུ་དབྱར་དུས་སུ་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཚོད་འཛིན་གྱིས།    ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་དམའ་བས་གནོན་ཤུགས་མཐོན་པོ་གྲུབ་པ་དང་།    དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གྱི་ཤུགས་རྐྱེན་མཐོ་རུ་ཕྱིན་པ་ཡིན་ལ།    དགུན་གྱི་དུས་སུ་ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་ཅུང་མཐོན་པོ་ཡིན་པས།   གནོན་ཤུགས་དམའ་མོ་གྲུབ་པ་དང་།   ནུབ་རླུང་གཞིབ་པར་མ་ཟད།    ནུབ་རླུང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པར་འགྱུར་བ་ཡིན།

2 ཁྱད་ཆོས།
2_1 ནམ་ཟླའི་ཁྱད་ཆོས།   

དབྱར་དུས་སུ་ཚ་བ་ཧ་ཅང་ཆེ་ཞིང་སྐམ་ཤས་ཆེ་བ་དང་།    དགུན་དུས་སུ་ཅུང་དྲོ་ལ་ཆར་ཆུ་མོད་པ་ཡིན་ཞིང་།   ནམ་ཟླའི་རིགས་བཅུ་གསུམ་ལས་ཐན་ཆར་གྱི་དུས་མི་འདྲ་བའི་ནམ་ཟླའི་རིགས་གཅིག་པུ་དེ་ཡིན།   

2_2 དྲོད་ཚད་ཀྱི་ཁྱད་ཆོས།     

དབྱར་དུས་སུ་མཚོ་འགྲམ་དང་སྐམ་ས་ཆེན་པོའི་ནང་ལོགས་ཀྱི་དྲོད་ཚད་ཀྱི་ཁྱད་པར་ཅུང་ཆེ་བ་དང་།    མཚོ་འགྲམ་ནི་གྲང་རྒྱུན་གྱི་ཤུགས་རྐྱེན་འོག    དྲོད་ཚད་ཅུང་དམའ་བ་ཡིན་ལ།    ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཀྱི་མན་ཡིན་པ་དང་།    མཁའ་དབུགས་ལ་ཅུང་བརླན་གཤེར་ལྡན་ཞིང་།   སྨུག་སྤྲིན་མང་བའི་རྐྱེན་གྱིས་བསིལ་དུས་སུ་འབོད།    ཡང་སྐམ་ས་ཆེན་པོའི་ནང་ལོགས་ནི་རྒྱ་མཚོ་དང་རྒྱང་ཐག་རིང་བས་ན།    མཁའ་དབུགས་ཧ་ཅང་སྐམ་ཤས་ཆེ་བ་དང་།   ནམ་ཟླ་ཅུང་དྲོ་བ་ཡིན་ལ།    ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཀྱི་ཡན་ཡིན་པས་དྲོད་དུས་སུ་འབོད་པ་ཡིན།

2_3 སྔོ་ཁེབས་ཀྱི་ཁྱད་ཆོས།    

ནམ་ཟླ་དེའི་རིགས་ཀྱིས་སྐྱེ་དངོས་ཀྱི་འདེབས་འཛུགས་ལ་ཕན་པ་མ་ཡིན།  དེ་ཡང་ནམ་ཟླ་དེར་གཏོགས་པའི་ས་ཁུལ་གྱི་སྔོ་ཁེབས་རིགས་ནི་དྲོད་མ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་སྲ་མོའི་རིགས་ཀྱི་ནགས་ཚལ་ཡིན།

3 གྲུབ་རྐྱེན།

དགུན་དུས་སུ་ནུབ་རླུང་ཁུལ་ལྷོ་ཕྱོགས་སུ་གནས་སྤར་ནས་ས་དབུས་རྒྱ་མཚོའི་ནམ་ཟླའི་ས་ཁུལ་དུ་ཐོན་པ་ཡིན་ལ།    ནུབ་རླུང་དང་བསྡོངས་ནས་རྒྱ་མཚོའི་སྟེང་གི་རླན་གཤེར་གྱི་རླངས་རྒྱུན་དེ་རུ་ལྡང་བ་དང་།    རྣོ་ངར་ཅན་གྱི་རླུང་འཁྱིལ་ཧ་ཅང་མང་བའི་རྐྱེན་གྱིས་ནམ་ཟླ་དྲོ་ཞིང་ཆར་ཆུ་མོད་པ་ཡིན།    ཡང་དབྱར་གྱི་དུས་སུ་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའམ་གཏན་རླུང་ལྷོ་ཕྱོགས་སུ་གནས་སྤར་ནས་ས་དབུས་རྒྱ་མཚོའི་ནམ་ཟླའི་ས་ཁུལ་དུ་ཐོན་པ་ཡིན་ཞིང་།    རླངས་རྒྱུན་ནི་མར་འབབ་པ་གཙོ་བོ་ཡིན་པ་དང་།   མཚོ་འགྲམ་གྱི་གྲང་རྒྱུན་གྱི་ཤུགས་རྐྱེན་འོག     ཆར་ཆུ་རུ་འགྱུར་བར་དཀའ་བས་ནམ་ཟླ་ནི་ཧ་ཅང་སྐམ་ཤས་ཆེ་ལ་ཚ་བ་ཆེ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།