རི་རྒྱུད་ཀྱི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་རྒྱུད་ཀྱི་ནམ་ཟླ།
རི་རྒྱུད་གྱི་ནམ་ཟླ་ནི་འཕྲེད་ཐིག་དབུས་མ་ས་ཁུལ་གྱི་མཐོ་སྒང་ས་ཁུལ་དུ་ཡོད་པ་ནི། དཔེར་ན། མདོ་དབུས་མཐོ་སྒང་དང་ཨན་ཏི་སི་རི་རྒྱུད་སོགས་ཀྱི་ས་ཁུལ་ལྟ་བུ་ཡིན་ལ། དེ་རུ་མཚོ་འཕགས་ཅུང་མཐོ་བ་དང་ལོ་ཧྲིལ་བོར་དྲོད་ཚད་ཅུང་དམའ་བ་དེ་ཡིས། མཐོ་སྒང་རི་རྒྱུད་གྱི་ནམ་ཟླ་གྲུབ་པ་ཡིན་ཞིང་། ས་ངོས་ཀྱི་འབུར་གཤོང་ཤིན་ཏུ་ཆེ་བ་དང་རི་རྩེ་དང་གྲོག་རོང་ཕན་ཚུན་འབྲེལ་བའི་རི་རྒྱུད་དུ་བྱེ་བྲག་ས་ཁུལ་གྱི་ནམ་ཟླ་བྱུང་བ་ཡིན། ཡང་རི་རྒྱུད་གྱི་ནམ་ཟླའི་དྲོད་གྲང་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ནི། དཔེར་ན་ཚ་རྒྱུད་མཐོ་སྒང་ལྟ་བུ་ཡིན་ལ། རི་འདབས་ནས་རི་རྩེར་ཚ་རྒྱུད་ནས་དྲོད་རྒྱུད་དང་། དྲོད་རྒྱུད་ནས་གྲང་རྒྱུད་གྱི་ནམ་ཟླ་དང་སྔོ་ཁེབས་ཀྱི་འགྱུར་ལྡོག་འབྱུང་བ་ཡིན། གཞན་དགུན་དུས་ལུང་གཞུང་དང་གཤོང་ས་རུ་མཁའ་དབུགས་གྲང་མོ་མར་འབབ་པ་ཡིན་ལ། དྲོད་ཚད་ལྡོག་མའི་སྣང་ཚུལ་འབྱུང་བ་ཡིན་ཞིང་། རི་རྒྱུད་ནམ་ཟླ་ས་ཁུལ་གྱི་རླངས་རྒྱུན་རི་བོ་དང་འཕྲད་པ་ན་མཐོ་རུ་སོང་སྟེ་སྤྲིན་ཏུ་གྲུབ་ནས་ཆར་དུ་འགྱུར་བ་ཡིན་པས། ཆར་ཆུ་འབབ་ཚད་རླངས་རྒྱུན་མཐོ་རུ་སོང་བ་དང་བསྟུན་ནས་ཇེ་མང་དུ་འགྲོ་བ་ཡིན་མོད། འོན་ཀྱང་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་པ་ན་སླར་ཡང་ཇེ་ཉུང་དུ་འགྲོ་བ་ཡིན་ལ། མཐོ་ཚད་དེ་ནི་ཆར་ཆུ་འབབ་ཚད་ཀྱི་མཐོ་ཚད་ཆེས་མཐོན་པོ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山地气候
ཚབ་མཚོན་གྲོང་ཁྱེར།
ཨེ་ཤ་ཡའི་གླིང་། ཨ་ཧྥེ་རི་ཁ་གླིང་། མེ་གླིང་ལྷོ་མ།
1 ངོ་སྤྲོད།

རི་རྒྱུད་གྱི་ནམ་ཟླ་ནི་འཕྲེད་ཐིག་དབུས་མ་ས་ཁུལ་གྱི་མཐོ་སྒང་ས་ཁུལ་དུ་ཡོད་པ་ནི།    དཔེར་ན།    མདོ་དབུས་མཐོ་སྒང་དང་ཨན་ཏི་སི་རི་རྒྱུད་སོགས་ཀྱི་ས་ཁུལ་ལྟ་བུ་ཡིན་ལ།   དེ་རུ་མཚོ་འཕགས་ཅུང་མཐོ་བ་དང་ལོ་ཧྲིལ་བོར་དྲོད་ཚད་ཅུང་དམའ་བ་དེ་ཡིས།     མཐོ་སྒང་རི་རྒྱུད་གྱི་ནམ་ཟླ་གྲུབ་པ་ཡིན་ཞིང་།    ས་ངོས་ཀྱི་འབུར་གཤོང་ཤིན་ཏུ་ཆེ་བ་དང་རི་རྩེ་དང་གྲོག་རོང་ཕན་ཚུན་འབྲེལ་བའི་རི་རྒྱུད་དུ་བྱེ་བྲག་ས་ཁུལ་གྱི་ནམ་ཟླ་བྱུང་བ་ཡིན།    ཡང་རི་རྒྱུད་གྱི་ནམ་ཟླའི་དྲོད་གྲང་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ནི།    དཔེར་ན་ཚ་རྒྱུད་མཐོ་སྒང་ལྟ་བུ་ཡིན་ལ།     རི་འདབས་ནས་རི་རྩེར་ཚ་རྒྱུད་ནས་དྲོད་རྒྱུད་དང་།    དྲོད་རྒྱུད་ནས་གྲང་རྒྱུད་གྱི་ནམ་ཟླ་དང་སྔོ་ཁེབས་ཀྱི་འགྱུར་ལྡོག་འབྱུང་བ་ཡིན།    གཞན་དགུན་དུས་ལུང་གཞུང་དང་གཤོང་ས་རུ་མཁའ་དབུགས་གྲང་མོ་མར་འབབ་པ་ཡིན་ལ།    དྲོད་ཚད་ལྡོག་མའི་སྣང་ཚུལ་འབྱུང་བ་ཡིན་ཞིང་།   རི་རྒྱུད་ནམ་ཟླ་ས་ཁུལ་གྱི་རླངས་རྒྱུན་རི་བོ་དང་འཕྲད་པ་ན་མཐོ་རུ་སོང་སྟེ་སྤྲིན་ཏུ་གྲུབ་ནས་ཆར་དུ་འགྱུར་བ་ཡིན་པས།    ཆར་ཆུ་འབབ་ཚད་རླངས་རྒྱུན་མཐོ་རུ་སོང་བ་དང་བསྟུན་ནས་ཇེ་མང་དུ་འགྲོ་བ་ཡིན་མོད།   འོན་ཀྱང་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་པ་ན་སླར་ཡང་ཇེ་ཉུང་དུ་འགྲོ་བ་ཡིན་ལ།    མཐོ་ཚད་དེ་ནི་ཆར་ཆུ་འབབ་ཚད་ཀྱི་མཐོ་ཚད་ཆེས་མཐོན་པོ་དེ་ཡིན།

2 ཤུགས་རྐྱེན།

རི་རྒྱུད་གྱི་ནམ་ཟླའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས།    དེ་དང་མི་ལུས་བདེ་ཐང་བར་གྱི་འབྲེལ་བར་དཔྱད་བསྡུར་བྱས་པ་ཡིས།    རི་རྒྱུད་གྱི་ནམ་ཟླ་ལ་ནམ་ཟླ་སྣ་ཚོགས་པའི་ཁྱད་ཆོས་མངའ་བ་བདེན་དཔང་བྱས་ལ།    རི་རྒྱུད་གྱི་ནམ་ཟླ་ཡིས་མི་ལུས་ཀྱི་བདེ་ཐང་ལ་ཕན་པའང་ཡོད་ལ་གནོད་པ་ཡང་ཆེ་མོད།   འོན་ཀྱང་རི་རྒྱུད་གྱི་ནམ་ཟླ་ལེགས་པོ་ཡིས་མི་རྣམས་ལ་ཕན་ཐོགས་པ་དང་།   གཅོང་ནད་རིགས་དང་ཁྲག་རྩ་སྲ་འགྱུར།   ཁྲག་རྒྱུན་གྱི་ནད་རིགས་སྣ་ཚོགས།    རྙིང་ཚབ་གསར་བརྗེ་རང་བཞིན་གྱི་ནད་རིགས་སོགས་ལ་ཕན་པ་ཅུང་བཟང་བོ་ཡོད།

3 ཁྱད་ཆོས།

1.རླུང་ཁམས་ཆེན་པོའི་གནོན་ཤུགས་ཀྱི་ཚད་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ཡིན།

2.དྲོད་གྲང་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ཡིན།

3.ཆར་ཆུ་འབབ་ཚད་དང་ཆར་ཆུ་འབབ་ཚད་ཀྱི་ཉིན་གྲངས་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་མང་དུ་འགྲོ་བ་ཡིན།

4.རླུང་གི་རྒྱུ་བའི་མྱུར་ཚད་རི་རྒྱུད་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་ཆེ་རུ་འགྲོ་བ་ཡིན།

5.རློན་ཚད་ཀྱི་ཕྱོགས་ནས།   ཆུའི་གནོན་ཤུགས་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ཡིན།

6.ས་ངོས་ཀྱི་དྲོད་ཚད་ཀྱི་གནས་ཚུལ་མི་འདྲ་བའི་དབང་གིས།   མཚོ་འཕགས་ཀྱི་མཐོ་ཚད་མི་འདྲ་བའི་ནམ་ཟླ་དང་སྔོ་ཁེབས་སོགས་ཐད་དཔྱང་གི་ཚུལ་དུ་ཁྱབ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།