དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ།
དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་ནི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་བཅུ་སོ་ལྔའི་དྲོད་མ་ཚ་རྒྱུད་ཀྱི་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཁྱབ་ཡོད་ཅིང་། དེ་ནི་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེའི་སྐམ་ས་ཆེན་པོའི་རླུང་ཚོམ་རེས་མོས་སུ་ཚོད་འཛིན་དང་ཕན་ཚུན་རྐྱ་འཐབ་པའི་ས་ཁུལ་ཡིན་ལ། གཙོ་བོ་ཀྲུང་གོའི་ཤར་རྒྱུད་ཆིན་ལིང་ཧོའེ་ཧོ་ཡི་ལྷོ་ཕྱོགས་དང་ཚ་རྒྱུད་དུས་རླུང་ནམ་ཟླའི་རིགས་ཀྱི་བྱང་ཕྱོགས་ས་ཁུལ། འཇར་པན་གྱི་ལྷོ་རྒྱུད་དང་ལྷོ་ཁོ་རེ་ཡའི་ཕྱེད་གླིང་ལྷོ་རྒྱུད་ཀྱི་ས་ཆ་སོགས་སུ་ཁྱབ་ཡོད། དགུན་གྱི་དུས་སུ་ནམ་ཟླ་དེ་འདྲའི་འཁྱག་པ་མིན་ལ། ཟླ་དང་པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་པ་དང་། དབྱར་གྱི་དུས་སུ་ཅུང་དྲོ་ཞིང་། ཟླ་བདུན་པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཡས་མས་ཡིན། ཡང་དབྱར་དགུན་གཉིས་ཀྱི་རླུང་གི་ཁ་ཕྱོགས་ཀྱི་འགྱུར་བ་མངོན་གསལ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུའི་འབབ་ཚད་ནི་སྤྱིར་བཏང་དུ་ཧའོ་སྨི་ཆིག་སྟོང་ཡན་ལ་བརྒལ་ཡོད་ཅིང་། དབྱར་གྱི་དུས་སུ་ཆར་ཆུ་འབབ་པ་མང་བ་དང་། དགུན་དུས་ནི་དེ་ལས་ལྡོག གཞན་ནམ་ཟླ་འདིའི་རིགས་ཀྱི་ཚབ་མཚོན་ས་ཁུལ་ནི་ཀྲུང་གོའི་ལྷོ་ཤར་རྒྱུད་ཀྱི་ས་ཆ་ཁག་ཡིན་ལ། དེ་ལས་གཞན་པའི་ས་ཆ་དག་ཏུ་དགུན་གྱི་དུས་སུའང་ཆར་ཆུ་འབབ་ཚད་ཅུང་མང་བའི་རྐྱེན་གྱིས། དབྱར་དགུན་གཉིས་ཀྱི་ཐན་ཆར་གྱི་བར་ཁྱད་དེ་འདྲའི་ཆེན་པོ་མིན། དེ་བས་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
副热带季风气候
ཕྱི་ཡིག་གི་མིང་།
Subtropical monsoon climate
ཁྱབ་གནས།
འཕྲེད་ཐིག་བྱང་མའི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་བཅུ་སོ་ལྔའི་བར་གྱི་དྲོད་མ་ཚ་རྒྱུད་ཀྱི་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཁྱབ།
ཁྱད་ཆོས།
དབྱར་དགུན་གཉིས་ཀྱི་ཐན་ཆར་གྱི་བར་ཁྱད་དེ་འདྲའི་ཆེན་པོ་མིན།
1 ངོ་སྤྲོད།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་ནི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་བཅུ་སོ་ལྔའི་དྲོད་མ་ཚ་རྒྱུད་ཀྱི་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཁྱབ་ཡོད་ཅིང་།   དེ་ནི་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེའི་སྐམ་ས་ཆེན་པོའི་རླུང་ཚོམ་རེས་མོས་སུ་ཚོད་འཛིན་དང་ཕན་ཚུན་རྐྱ་འཐབ་པའི་ས་ཁུལ་ཡིན་ལ།   གཙོ་བོ་ཀྲུང་གོའི་ཤར་རྒྱུད་ཆིན་ལིང་ཧོའེ་ཧོ་ཡི་ལྷོ་ཕྱོགས་དང་ཚ་རྒྱུད་དུས་རླུང་ནམ་ཟླའི་རིགས་ཀྱི་བྱང་ཕྱོགས་ས་ཁུལ།    འཇར་པན་གྱི་ལྷོ་རྒྱུད་དང་ལྷོ་ཁོ་རེ་ཡའི་ཕྱེད་གླིང་ལྷོ་རྒྱུད་ཀྱི་ས་ཆ་སོགས་སུ་ཁྱབ་ཡོད།

དགུན་གྱི་དུས་སུ་ནམ་ཟླ་དེ་འདྲའི་འཁྱག་པ་མིན་ལ།    ཟླ་དང་པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་པ་དང་།    དབྱར་གྱི་དུས་སུ་ཅུང་དྲོ་ཞིང་།    ཟླ་བདུན་པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཡས་མས་ཡིན།    ཡང་དབྱར་དགུན་གཉིས་ཀྱི་རླུང་གི་ཁ་ཕྱོགས་ཀྱི་འགྱུར་བ་མངོན་གསལ་ཡིན་ལ།    ལོ་ཧྲིལ་བོའི་ནང་གི་ཆར་ཆུའི་འབབ་ཚད་ནི་སྤྱིར་བཏང་དུ་ཧའོ་སྨི་ཆིག་སྟོང་ཡན་ལ་བརྒལ་ཡོད་ཅིང་།    དབྱར་གྱི་དུས་སུ་ཆར་ཆུ་འབབ་པ་མང་བ་དང་།    དགུན་དུས་ནི་དེ་ལས་ལྡོག    གཞན་ནམ་ཟླ་འདིའི་རིགས་ཀྱི་ཚབ་མཚོན་ས་ཁུལ་ནི་ཀྲུང་གོའི་ལྷོ་ཤར་རྒྱུད་ཀྱི་ས་ཆ་ཁག་ཡིན་ལ།   དེ་ལས་གཞན་པའི་ས་ཆ་དག་ཏུ་དགུན་གྱི་དུས་སུའང་ཆར་ཆུ་འབབ་ཚད་ཅུང་མང་བའི་རྐྱེན་གྱིས།    དབྱར་དགུན་གཉིས་ཀྱི་ཐན་ཆར་གྱི་བར་ཁྱད་དེ་འདྲའི་ཆེན་པོ་མིན།    དེ་བས་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ཟེར།

2 གྲུབ་རྐྱེན།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་ནམ་ཟླ་ནི་ཉི་མའི་ལྡོག་ཐིག་ཉེ་འཁོར་དུ་ཡོད་པའི་རྐྱེན་གྱིས་དྲོད་མ་ཚ་རྒྱུད་ཀྱི་ནམ་ཟླ་གྲུབ་པ་ཡིན་ལ།    དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་ནམ་ཟླ་མང་ཆེ་བ་ནི་ཉི་མའི་ལྡོག་ཐིག་གི་བྱང་རྒྱུད་དུ་ཁྱབ་ཡོད་ཅིང་།    དེ་ནི་གཙོ་བོ་རྒྱ་མཚོ་དང་སྐམ་སའི་ཚ་བའི་ཆེ་ཆུང་གི་ངོ་བོའི་བར་ཁྱད་ཀྱིས་བཟོས་པའམ།    ཡང་དེ་ནི་མཚོ་འགྲམ་རྒྱུད་དུ་ཡོད་པའི་རྐྱེན་གྱིས་དབྱར་གྱི་དུས་སུ་རྒྱ་མཚོ་དང་སྐམ་སའི་དྲོད་ཚད་བར་ཁྱད་ཀྱི་ཤུགས་རྐྱེན་འོག    ལྷོ་ཤར་གྱི་རླུང་གཡུགས་པ་ཡིན་པ་དང་།    དགུན་གྱི་དུས་སུ་ཞི་པོ་ལི་ཡ་ནས་ཐོན་པའི་གྲང་རླུང་གི་ཤུགས་རྐྱེན་འོག    ནུབ་བྱང་གི་རླུང་གཡུགས་པ་ཡིན།    དེ་བས་དེ་གཉིས་ཀྱིས་རེས་མོས་སུ་ཚོད་འཛིན་དང་།   དུས་ཚིགས་རང་བཞིན་གྱི་བརྗེ་སྤོར་གྱིས་དུས་རླུང་གྲུབ་པ་ཡིན།

3 ཁྱད་ཆོས།

དབྱར་དགུན་གཉིས་ཀྱི་དུས་ཚིགས་སུ་ཐན་ཆར་གྱི་བར་ཁྱད་དེ་འདྲའི་ཆེན་པོ་མིན་ལ།    དབྱར་གྱི་དུས་སུ་དྲོད་ཚད་མཐོ་ཞིང་ཆར་ཆུ་མོད་པ་དང་།     དགུན་གྱི་དུས་སུ་ནམ་ཟླ་དྲོ་བ་དང་བཞའ་ཚན་གྱི་རང་བཞིན་ལྡན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།