ཚ་རྒྱུད་དུས་རླུང་གི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚ་རྒྱུད་དུས་རླུང་གི་ནམ་ཟླ།
ཚ་རྒྱུད་དུས་རླུང་གི་ནམ་ཟླ་ནི་ནམ་ཟླའི་རིགས་ཀྱི་གཅིག་ཡིན་པ་དང་། གཙོ་བོ་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ཏུའུ་ཉི་ཤུ་ཉེར་གསུམ་སྐར་མ་ཉི་ཤུ་ཉེར་དྲུག་གི་ཡ་གླིང་སྐམ་ས་ཆེན་པོའི་ལྷོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད་ལ། ཡ་གླིང་ན་མ་གཏོགས་མེད་པའི་ནམ་ཟླ་ཅིག་ཡིན། བྱེ་བྲག་ཏུ་ཀྲུང་གོའི་ཀོང་ཏུང་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན། ཧྥི་ལི་ཕིན་གླིང་ཚོམ་གྱི་བྱང་རྒྱུད་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་སོགས་སྟེ། ཨེ་ཤ་ཡ་ལྷོ་མའི་དུས་རླུང་ཁུལ་དུ་ཁྱབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热带季风气候
ཕྱི་ཡིག་གི་མིང་།
tropical monsoon climate
ཁྱབ་སའི་ས་ཁུལ་གཙོ་བོ།
ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་མང་ཆེ་བ།
ཆར་བའི་དུས།
ཟླ་བཞི་བ་ནས་ཟླ་དགུ་བའི་ནང་།
ཐན་པའི་དུས།
ཟླ་བཅུ་བ་ནས་ཕྱི་ལོའི་ཟླ་གསུམ་པའི་བར།
ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད།
ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཀྱི་ཡན།
གྲོང་ཁྱེར་གཙོ་བོ།
སན་ཡ་དང་ཞི་ཧྲོང་པན་ན། མན་ཀུའུ། མེང་མའེ་སོགས།
1 ངོ་སྤྲོད།

ཚ་རྒྱུད་དུས་རླུང་གི་ནམ་ཟླ་ནི་ནམ་ཟླའི་རིགས་ཀྱི་གཅིག་ཡིན་པ་དང་།     གཙོ་བོ་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ཏུའུ་ཉི་ཤུ་ཉེར་གསུམ་སྐར་མ་ཉི་ཤུ་ཉེར་དྲུག་གི་ཡ་གླིང་སྐམ་ས་ཆེན་པོའི་ལྷོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད་ལ།      ཡ་གླིང་ན་མ་གཏོགས་མེད་པའི་ནམ་ཟླ་ཅིག་ཡིན།     བྱེ་བྲག་ཏུ་ཀྲུང་གོའི་ཀོང་ཏུང་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན།     ཐའེ་ཝན་གླིང་ཕྲན།     ཧྥི་ལི་ཕིན་གླིང་ཚོམ་གྱི་བྱང་རྒྱུད་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་སོགས་སྟེ།     ཨེ་ཤ་ཡ་ལྷོ་མའི་དུས་རླུང་ཁུལ་དུ་ཁྱབ་ཡོད།

2 གྲུབ་རྐྱེན།     

ཐན་པའི་དུས།      རླུང་གནོན་ཁུལ་དང་རླུང་ཁུལ་གྱི་རྒྱུ་བ་ལྷོ་ཕྱོགས་སུ་འགུལ་སྐྱོད་བྱས་པ་དང་།    གནས་དེར་བྱང་ཤར་གཏན་རླུང་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་ས་ཁུལ་ནས་རྒྱ་མཚོར་གཡུགས་པ་དང་འཕྲེད་ཐིག་ས་ཁུལ་དུ་ལྡོག་འཁོར་བྱས་པ་བརྒྱུད་ནས་གྲུབ་པའི་བྱང་ཤར་དུས་རླུང་གི་ཤུགས་རྐྱེན་འོག་ཐན་པའི་དུས་བྱུང་བ་ཡིན།

ཆར་བའི་དུས།     དབྱར་དུས་ཀྱི་རླུང་གནོན་ཁུལ་དང་རླུང་ཁུལ་གྱི་རྒྱུ་བ་བྱང་ཕྱོགས་སུ་འགུལ་སྐྱོད་བྱས་པའི་རྐྱེན་གྱིས།     གནས་དེར་ལྷོ་ཤར་གཏན་རླུང་ཐིག་དམར་བརྒལ་ནས་ལྡོག་འཁོར་བྱས་པ་ལས་ཐོན་པའི་ལྷོ་ནུབ་དུས་རླུང་དང་སྐམ་ས་དང་རྒྱ་མཚོའི་དྲོད་ཚད་ཀྱི་ངོ་བོའི་བར་ཁྱད་ཀྱིས་བསྐྱེད་པའི་རྒྱ་མཚོ་ནས་སྐམ་སར་གཡུགས་པའི་དུས་རླུང་གི་ནུས་པའི་ཆ་རྐྱེན་འོག་ཆར་བའི་དུས་བྱུང་བ་ཡིན།

3 ནམ་ཟླའི་ཁྱད་ཆོས།

1.ལོ་ཧྲིལ་བོའི་དྲོད་ཚད་ཧ་ཅང་མཐོ་བ་དང་།      ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཀྱི་ཡན་ལ་སོན་པ་ཡིན་ལ།    ཡུན་ནན་གྱི་ཞི་ཧྲོང་པན་ན་དང་ཧིན་རྡུའི་ལྷོ་རྒྱུད།     ཧིན་རྡུའི་བྱང་རྒྱུད་གྱི་རི་སྒང་དང་གཤོང་ས་མཐོན་པོ།     མཐོ་སྒང་བཅས་ཀྱིས་མཁའ་དབུགས་འཁྱག་པ་ལྷོ་ཕྱོགས་ནས་ཞུགས་པར་བཀག་འགོག་ཐེབས་ནས།     ས་དེའི་འཕྲེད་ཐིག་ལྟོས་བཅས་ཀྱིས་མཐོ་བ་ཡིན་མོད།     འོན་ཀྱང་དགུན་གཞུང་གི་དྲོད་ཚད་ལྟོས་བཅས་ཀྱིས་ཅུང་མཐོ་བ་ཡིན།

2.ཐན་ཆར་གྱི་དུས་ནི་ཧ་ཅང་མངོན་གསལ་ཡིན་ལ།    ཆར་ཆུ་ནི་ཆར་བའི་དུས་ལ་འབབ་པ་མང་ཞིང་།     ཆར་འབབ་ཚད་ཧ་ཅང་ཆེ།     ཡང་སྐམ་ཤས་ཆེ་བའི་བྱང་ཤར་དུས་རླུང་གི་ཚོད་འཛིན་འོག     དགུན་དུས་ཆར་ཆུ་འབབ་ཚད་ཉུང་ལ།     དྲོད་ཚད་ནི་ལོ་ཧྲིལ་བོའི་ནང་ཆེས་བསིལ་བའི་དུས་ཡིན་ཞིང་།    སྤྱིར་བཏང་དུ་ཆ་སྙོམས་ཀྱི་རློན་ཚད་ནི་རྒྱུན་པར་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་བདུན་ཅུ་དོན་ལྔའི་བར་གནས་ཡོད་ལ།     དུས་དེ་ནི་སྐམ་ཤས་ཆེ་བའི་ཐན་པའི་དུས་ཡིན།     གཞན་དབྱར་གཞུང་ལ།     ཉི་མའི་འོད་གོ་ལ་ཕྱེད་བྱང་མའི་སྟེང་འཕྲོས་པ་དང་བརྟེན་ནས་དྲོད་ཚད་མཐོ་རུ་འགྲོ་བ་དང་དེ་ནི་ལོ་དེའི་ནང་དྲོད་ཚད་ཆེས་མཐོ་བའི་དབྱར་གཞུང་ཡིན་པ་དང་།    ལྷོ་ནུབ་དུས་རླུང་གཡུག་འགོ་བརྩམས་པ་ན།     འཕེལ་མེད་སོར་གནས་སྣ་ཚོགས་པ་འབྱུང་བར་སླ་ལ།     རྒྱུན་པར་རྒྱ་མཚོ་ལས་གྲུབ་པའི་ཚ་རྒྱུད་གྱི་རླུང་འཁྱིལ་གྱིས་རྒོལ་བ་དང་།     ཉིན་གུང་རྗེས་ཀྱི་ཚ་བ་རྒྱུག་རེས་ལས་ཐོག་ཆར་འབབ་པ་ཡིན་ཞིང་།    ཆར་ཆུ་འབབ་པའི་ཚད་ཇེ་མང་དུ་འགྲོ་བར་མ་ཟད།     སྐབས་ལ་ལར་དྲག་ཆར་འབབ་པའང་ཡོད།   

3.མངོན་གསལ་ཅན་གྱི་དུས་རླུང་ནི།   ཐན་པའི་དུས་སུ་སྐམ་ས་ཆེན་པོའི་གནོན་ཤུགས་མཐོན་པོ་ལས་མཆེད་པའི་བྱང་ཤར་དུས་རླུང་རྒྱ་མཚོ་སྟེང་གི་ཐིག་དམར་གྱི་འགྱེད་འཕྲོའི་ཁུལ་དུ་ཞུགས་པ་ཡིན།      ཡང་ཆར་བའི་དུས་སུ་གོ་ལ་ཕྱེད་ལྷོ་མའི་གནོན་ཤུགས་མཐོན་པོ་ཕལ་བ་ལས་མཆེད་པའི་ལྷོ་ནུབ་དུས་རླུང་ཐ་ཨེར་གནོན་ཤུགས་དམའ་བར་ཞུགས་པ་ཡིན།

4.ཚ་རྒྱུད་གྱི་རླུང་འཁྱིལ་རྒྱས་པ་ནི།    དབྱར་དུས་ཀྱི་རླུང་དང་དུས་མཉམ་ཡིན་ཞིང་།    ལོ་རེའི་ཟླ་ལྔ་བའི་ཟླ་དཀྱིལ་ནས་ཟླ་དགུ་བའི་ཟླ་དཀྱིལ་བར་ནི་ཚ་རྒྱུད་རླུང་འཁྱིལ་རྒྱས་པའི་དུས་ཚིགས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།