བྱེ་ཐང་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་ཐང་ནམ་ཟླ།
བྱེ་ཐང་ནམ་ཟླ་ལ་ཐན་པའི་ནམ་ཟླའམ་མྱ་ངམ་ཐང་གི་ནམ་ཟླ་ཡང་ཟེར་ཞིང་། དེ་ནི་འཕྲེད་ཐིག་མི་འདྲ་བའི་དབང་གིས་ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ། དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་བཅས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་ལ། བྱེ་ཐང་ནམ་ཟླ་ནི་བྱེ་ཐང་གི་ཁོར་ཡུག་གྲུབ་པའི་ཆེས་གལ་འགངས་ཆེ་བའི་རྒྱུ་རྐྱེན་གྲས་ཀྱི་གཅིག་ཡིན། དེ་ཡང་དེང་སྐབས་ཀྱི་བྱེ་ཐང་ནམ་ཟླ་ནི་ས་གཤིས་དུས་སྐབས་དང་ལོ་རྒྱུས་དུས་སྐབས་ཀྱི་འཕེལ་འགྱུར་བརྒྱུད་ནས་ཐོན་པ་ཡིན་ལ། བྱེ་ཐང་དུ་ཡོད་པའི་ནམ་ཟླ་ནི་མིའི་རིགས་འགུལ་སྐྱོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་མོད། འོན་ཀྱང་དེ་དང་དུས་མཉམ་དུ་རང་བྱུང་གི་གནོད་སྐྱོན་ཡང་དུ་མ་བསྐྱལ་འོང་བ་ནི། དཔེར་ན། བྱེ་རླུང་དང་ཚ་རླབས། ཤ་འོད་བཅས་པ་ལྟ་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙漠气候
ཕྱི་ཡིག་གི་མིང་།
desert climate
མིང་གཞན།
ཐན་པའི་ནམ་ཟླའམ་མྱ་ངམ་ཐང་གི་ནམ་ཟླ།
དབྱེ་བ།
དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ་གཉིས་ཡོད།
1 ངོ་སྤྲོད།

བྱེ་ཐང་ནམ་ཟླ་ལ་ཐན་པའི་ནམ་ཟླའམ་མྱ་ངམ་ཐང་གི་ནམ་ཟླ་ཡང་ཟེར་ཞིང་།    དེ་ནི་འཕྲེད་ཐིག་མི་འདྲ་བའི་དབང་གིས་ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ།     དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་བཅས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་ལ།     བྱེ་ཐང་ནམ་ཟླ་ནི་བྱེ་ཐང་གི་ཁོར་ཡུག་གྲུབ་པའི་ཆེས་གལ་འགངས་ཆེ་བའི་རྒྱུ་རྐྱེན་གྲས་ཀྱི་གཅིག་ཡིན།    དེ་ཡང་དེང་སྐབས་ཀྱི་བྱེ་ཐང་ནམ་ཟླ་ནི་ས་གཤིས་དུས་སྐབས་དང་ལོ་རྒྱུས་དུས་སྐབས་ཀྱི་འཕེལ་འགྱུར་བརྒྱུད་ནས་ཐོན་པ་ཡིན་ལ།    བྱེ་ཐང་དུ་ཡོད་པའི་ནམ་ཟླ་ནི་མིའི་རིགས་འགུལ་སྐྱོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་མོད།    འོན་ཀྱང་དེ་དང་དུས་མཉམ་དུ་རང་བྱུང་གི་གནོད་སྐྱོན་ཡང་དུ་མ་བསྐྱལ་འོང་བ་ནི།   དཔེར་ན།    བྱེ་རླུང་དང་ཚ་རླབས།    ཤ་འོད་བཅས་པ་ལྟ་བུ་ཡིན།

ཐན་པ་ཤིན་ཏུ་ཆེ་བའི་བྱེ་ཐང་ནམ་ཟླ་ཡི་འཕྲེད་ཐིག་བརྒལ་བའི་ཚད་ནི་མཐོན་པོ་ཡིན་པ་དང་།    ས་ཁུལ་མི་འདྲ་བའི་དྲོད་ཚད་ཀྱི་བར་ཁྱད་ནི་ཧ་ཅང་ཆེ་བ་ཡིན་ལ།    འཕྲེད་ཐིག་མི་འདྲ་བ་ལྟར་ན།   འཕྲེད་ཐིག་དམའ་མོའི་བྱེ་ཐང་དང་བར་མའི་བྱེ་ཐང་གཉིས་སུ་བཀར་ཆོག་པ་ཡིན།    དེ་ཡང་འཕྲེད་ཐིག་དམའ་མོའི་བྱེ་ཐང་ལ་ཚ་བའི་བྱེ་ཐང་ཡང་ཟེར་ཞིང་།    དེ་ནི་ལྷོ་བྱང་ཉི་མའི་ལྡོག་ཐིག་གི་ཉེ་འཁོར་གྱི་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ས་ཁུལ་དུ་ཁྱབ་ཡོད་པ་ནི།    དཔེར་ན།   ཨ་ཧྥེ་རི་ཁ་གླིང་གི་བྱང་རྒྱུད་ཀྱི་ས་ཧ་ར་བྱེ་ཐང་དང་ཡ་གླིང་གི་ལྷོ་ནུབ་རྒྱུད་ཀྱི་ཨ་རབ་བྱེ་ཐང་།    ཨོ་སི་ཁྲུ་ལི་ཡའི་དབུས་རྒྱུད་ཀྱི་བྱེ་ཐང་ཆེན་མོ་སོགས་ལྟ་བུ་ཡིན།    ཡང་འཕྲེད་ཐིག་བར་མའི་བྱེ་ཐང་ལ་འཁྱག་པའི་བྱེ་ཐང་ཡང་ཟེར་ཞིང་།    དེ་ནི་དྲོད་རྒྱུད་སྐམ་ས་ཆེན་པོའི་ནང་ཁུལ་དུ་ཁྱབ་ཡོད་པ་ནི།    དཔེར་ན།    རང་རྒྱལ་གྱི་ཞིན་ཅང་དང་ནང་སོག་རྒྱུད།    མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་ལྷོ་ནུབ་རྒྱུད་ཀྱི་བྱེ་ཐང་ལ་སོགས་པ་ལྟ་བུ་ཡིན།    

བྱེ་ཐང་ནམ་ཟླ་ནི་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླའི་ཕྱོགས་སུ་ལྷུང་བའི་གནས་ཚུལ་ཡིན་ལ།    མཚན་མོའི་དུས་སུ་ས་ངོས་འཁྱག་པས་བསྡམས་པ་ཧ་ཅང་དྲག་པོ་ཡིན་པར་མ་ཟད།    ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ལ་ལྷུང་བའང་ཡོད།    དེའི་རྐྱེན་གྱིས་ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་ལ་འགྱུར་ལྡོག་ཧ་ཅང་ཆེ་བ་དང་།     ཧྲེ་ཧྲིའི་དྲོད་ཚད་ལྔ་བཅུའི(50℃)ཡན་ལ་སོན་པའི་དུས་ཀྱང་ཡོད།   

བྱེ་ཐང་ནམ་ཟླའི་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་བ་དང་།    སྤྱིར་བཏང་དུ་ཧའོ་སྨི་ལྔ་བཅུ་ལ་མི་སོན་པའང་ཡོད།

2 ཁྱད་ཆོས།

1.ཆར་ཆུ་འབབ་ཚད་ཉུང་བ།

2.དྲོད་ཚད་མཐོ་བ་དང་དྲོད་གྲང་གི་བར་ཁྱད་ཤིན་ཏུ་ཆེ་བ།

3.རླངས་འགྱུར་དྲག་པོ་ཡིན་པ་དང་རློན་ཚད་ཅུང་དམའ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།