ནགས་ཚལ་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནགས་ཚལ་ནམ་ཟླ།
ནགས་ཚལ་ནམ་ཟླ་ནི་རང་བྱུང་སྔོ་ཁེབས་ཏེ་ནགས་ཚལ་ཡིན་པའི་ས་ཁུལ་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་ལ། ནམ་ཟླའི་ཁུལ་མི་འདྲ་བའི་ནགས་ཚལ་ནམ་ཟླ་དག་འདུ་བ་ནི། དཔེར་ན། ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་ནམ་ཟླ། དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནགས་ཚལ་གྱི་ནམ་ཟླ། དྲོད་རྒྱུད་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་ནམ་ཟླ་ལ་སོགས་པ་ལྟ་བུ་ནི་ནམ་ཟླ་ཆེན་པོའི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། ནགས་ཚལ་ནམ་ཟླ་ནི་རྒྱུན་པར་ནགས་ཚལ་ཡོད་པ་ལས་གྲུབ་པའི་ས་ཁུལ་བྱེ་བྲག་པའི་ནམ་ཟླ་ལ་གོ་བ་ཡིན་ལ། དེ་ནི་ནམ་ཟླ་བར་མ་དང་ནམ་ཟླ་ཆུང་ངུའི་རིགས་ཀྱི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
森林气候
ཕྱི་ཡིག་གི་མིང་།
forest climate
ཤུགས་རྐྱེན།
ས་ཁམས་གནས་ཡུལ་དང་ཁོར་ཡུག ནགས་ཤིང་གི་གྲུབ་ཚུལ།
བྱེད་ནུས།
དྲོད་ཚད་དང་རློན་ཚད། རླངས་འགྱུར། ཆར་ཆུའི་འབབ་ཚད་བཅས་ལ་སྙོམས་སྒྲིག་གི་ནུས་པ་ཐོན་པ་ཡིན།
1 ངོ་སྤྲོད།

ནགས་ཚལ་ནམ་ཟླ་ནི་རང་བྱུང་སྔོ་ཁེབས་ཏེ་ནགས་ཚལ་ཡིན་པའི་ས་ཁུལ་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་ལ།     ནམ་ཟླའི་ཁུལ་མི་འདྲ་བའི་ནགས་ཚལ་ནམ་ཟླ་དག་འདུ་བ་ནི།    དཔེར་ན།    ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་ནམ་ཟླ།     དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནགས་ཚལ་གྱི་ནམ་ཟླ།    དྲོད་རྒྱུད་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་ནམ་ཟླ་ལ་སོགས་པ་ལྟ་བུ་ནི་ནམ་ཟླ་ཆེན་པོའི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་།    ནགས་ཚལ་ནམ་ཟླ་ནི་རྒྱུན་པར་ནགས་ཚལ་ཡོད་པ་ལས་གྲུབ་པའི་ས་ཁུལ་བྱེ་བྲག་པའི་ནམ་ཟླ་ལ་གོ་བ་ཡིན་ལ།    དེ་ནི་ནམ་ཟླ་བར་མ་དང་ནམ་ཟླ་ཆུང་ངུའི་རིགས་ཀྱི་ཁོངས་སུ་གཏོགས།

2 ཁྱད་ཆོས།

1.ཉི་མའི་འགྱེད་འཕྲོ་དང་ཉི་འོད་ཕོག་པའི་དུས་ཡུན་ནི་ཁོད་ཡངས་པའི་ས་ཁུལ་དང་བསྡུར་ན་ཉུང་བ།

2.ནགས་ཚལ་ཁྲོད་ཀྱི་དྲོད་གྲང་གི་འགྱུར་ལྡོག་དལ་བ།

3.ནགས་ཚལ་ཁྲོད་ཀྱི་རླུང་འགྲོས་དལ་བ།

4.ནགས་ཚལ་ཁྲོད་ཀྱི་ལྟོས་བཅས་རློན་ཚད་དང་ལྟོས་མེད་རློན་ཚད་གཉིས་ནི་ཁོད་ཡངས་པའི་ས་ཁུལ་དང་བསྡུར་ན་མཐོ་བ།

5.སྡོང་བོའི་ཡལ་ག་བཅད་ཟིན་པའི་ནགས་ཚལ་གྱི་བར་སྣང་གི་ཆར་ཆུ་འབབ་ཚད་ཀྱིས་ནགས་ཚལ་ཁྲོད་དུ་གྲུབ་པའི་གཞུང་རྒྱུན་གྱི་དྲག་ཚད་ཅུང་ཆུང་དུ་གཏང་བ།

6.ནགས་ཚལ་ཁྲོད་ཀྱི་ས་ངོས་ཀྱི་དྲོད་ཚད་ཀྱི་ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ནི་ཁོད་ཡངས་པའི་ས་ཁུལ་དང་བསྡུར་ན་ཅུང་ཆུང་བ་ཡིན་པར་མ་ཟད།    ཟབ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་མགྱོགས་མྱུར་སྒོས་ཇེ་ཉུང་དུ་འགྲོ་བ་ཡིན།

3 གྲུབ་རྐྱེན།

1.ཁོད་ཡངས་པའི་ནགས་ཚལ་གྱི་གཞི་ཁྱོན་དང་རླངས་འཕྱུར་མང་བོ་ཡིས།    བར་སྣང་དུ་ཆུའི་རླངས་པ་མང་བོ་གྲང་རྒྱུན་དང་འཕྲད་ནས་ཆར་དུ་འགྱུར་བ་ཡིན།

2.སྡོང་བོའི་ཡལ་གས་ཉི་མའི་འཕྲོ་ཐིག་བཀག་པའི་རྐྱེན་གྱིས།    ནགས་ཚལ་ཁྲོད་ཀྱི་དྲོད་ཚད་དང་།    ས་ངོས་ཀྱི་དྲོད་ཚད་ཕྱོགས་སུ་མཆེད་པ་དལ་བ་ཡིས།    ས་གཤིན་རླངས་འགྱུར་བྱ་ཐུབ་པ་དང་རླུང་འགྲོས་ཇེ་དམའ་རུ་འགྲོ་བ་ཡིན།    ཡང་སྡོང་བོའི་ཡལ་ག་དང་ལོ་མ་སོགས་ཀྱིས་ཆར་ཆུ་ས་རུ་འབབ་པ་ཇེ་དལ་དུ་གཏང་བ་ཡིན།

3.སྡོང་བོའི་ཡལ་ག་དང་ལོ་མ་སོགས་ས་རུ་ལྷུང་བ་དེ་རྣམས་རུལ་རྗེས་ལུད་རྫས་སུ་རུང་བ་ཡིན།

4.སྡོང་བོའི་རྩད་པ་ཆེ་ནས་ཆེ་རུ་ཕྱིན་པ་དང་ས་འོག་ཏུ་ཕན་ཚུན་རྐྱ་འཐབ་པ་ཡིས།    ས་གཤིན་ལེགས་བཅོས་སུ་གཏང་བ་དང་ནགས་ཚལ་སྟུག་པོར་སྐྱེ་བར་ཧ་ཅང་ཕན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།