དྲོད་རྒྱུད་སྐམ་ས་ཆེན་པོའི་བཞའ་ཚན་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲོད་རྒྱུད་སྐམ་ས་ཆེན་པོའི་བཞའ་ཚན་ནམ་ཟླ།
དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ལ་བཞའ་ཚན་གྱི་སྐམ་ས་ཆེན་པོའི་ནམ་ཟླའམ་དྲོད་རྒྱུད་ནགས་ཚལ་ནམ་ཟླ་ཡང་ཟེར་ལ། དེ་ནི་དྲོད་རྒྱུད་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་པ་དང་། དྲོད་གྲང་གི་འགྱུར་ལྡོག་ཅུང་ཆེན་པོ་ཡོད། ཡང་དབྱར་གྱི་དུས་སུ་ཚ་བ་ཤིན་ཏུ་ཆེ་བ་དང་། དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བ་ཡིན་ཞིང་། ནམ་ཟླ་དེའི་རིགས་ཀྱི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་རྒྱ་ནི་ཅུང་ཆ་སྙོམས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温带大陆性湿润气候
ཕྱི་ཡིག་གི་མིང་།
Temperate zone big six sex moist weathers
མིང་གཞན།
བཞའ་ཚན་གྱི་སྐམ་ས་ཆེན་པོའི་ནམ་ཟླ་དང་དྲོད་རྒྱུད་ནགས་ཚལ་གྱི་ནམ་ཟླ།
ཁྱབ་གནས།
འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་སོ་ལྔ་ནས་ལྔ་བཅུ་ང་ལྔའི་བར་གྱི་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་ཤར་རྒྱུད་དང་ཡ་ཨའོ་སྐམ་ས་ཆེན་པོའི་དྲོད་རྒྱུད་རྒྱ་མཚོ་རང་བཞིན་གྱི་ནམ་ཟླའི་ཁུལ་གྱི་ཤར་ཕྱོགས་སུ་ཁྱབ་ཡོད།
དཀར་ཆག

ངོ་སྤྲོད།

དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ལ་བཞའ་ཚན་གྱི་སྐམ་ས་ཆེན་པོའི་ནམ་ཟླའམ་དྲོད་རྒྱུད་ནགས་ཚལ་ནམ་ཟླ་ཡང་ཟེར་ལ།    དེ་ནི་དྲོད་རྒྱུད་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་པ་དང་།   དྲོད་གྲང་གི་འགྱུར་ལྡོག་ཅུང་ཆེན་པོ་ཡོད།    ཡང་དབྱར་གྱི་དུས་སུ་ཚ་བ་ཤིན་ཏུ་ཆེ་བ་དང་།    དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བ་ཡིན་ཞིང་།   ནམ་ཟླ་དེའི་རིགས་ཀྱི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་རྒྱ་ནི་ཅུང་ཆ་སྙོམས་ཡིན་ལ།    འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་སོ་ལྔ་ནས་ལྔ་བཅུ་ང་ལྔའི་བར་གྱི་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་ཤར་རྒྱུད་དང་ཡ་ཨའོ་སྐམ་ས་ཆེན་པོའི་དྲོད་རྒྱུད་རྒྱ་མཚོ་རང་བཞིན་གྱི་ནམ་ཟླའི་ཁུལ་གྱི་ཤར་ཕྱོགས་སུ་ཁྱབ་ཡོད་ཅིང་།    ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ལྔ་ནས་བཅོ་ལྔའི(5~15℃)བར་གྱི་ཡས་མས་ཡིན་པ་དང་།    ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་བདུན་བརྒྱ་ནས་ཆིག་སྟོང་བར་ཡིན་ལ།   ནམ་ཟླ་དེའི་རིགས་ཀྱི་དྲོད་གྲང་དང་ཆར་ཆུ་འབབ་ཚད་ཀྱི་འགྱུར་ལྡོག་ནི་དྲོད་རྒྱུད་དུས་རླུང་ནམ་ཟླ་དང་འདྲ་མོད།   འོན་ཀྱང་རླུང་གི་ཁ་ཕྱོགས་དང་རླུང་ཤུགས་ཀྱི་དུས་ཚིགས་ཀྱི་འགྱུར་ལྡོག་ནི་དྲོད་རྒྱུད་དུས་རླུང་གི་ནམ་ཟླ་དང་འདྲ་བར་དེ་འདྲའི་མངོན་གསལ་མིན།   

དགུན་དུས་སུ་གྲང་ངར་ཆེ་ཞིང་ཆར་ཆུ་འབབ་ཚད་ཉུང་བ་དང་།    རྒྱ་མཚོ་ནས་ཐོན་པའི་ནུབ་རླུང་དེ་སྐམ་སའི་འགྱུར་བའི་ཤུགས་རྐྱེན་གྱིས།    དྲོད་ཚད་ཅུང་དམའ་བར་མ་ཟད་རློན་ཚད་ཀྱང་དེ་འདྲའི་མཐོན་པོ་མིན་ལ།    ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་གོར་ཐིག་མན་གྱི་ཧྲེ་ཧྲིའི་དྲོད་ཚད་བཅུ་གཅིག་ནས་གོར་ཐིག་མན་གྱི་ཧྲེ་ཧྲིའི་དྲོད་ཚད་ལྔའི(-11~-5℃)བར་ཡིན་མོད།     འོན་ཀྱང་རྒྱུན་པར་རྣོ་ངར་ཅན་གྱི་རླུང་འཁྱིལ་དེ་རུ་བརྒྱུད་པ་མང་།    ཡང་དགུན་དུས་ཀྱི་ཆར་ཆུ་འབབ་ཚད་ནི་དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དང་བསྡུར་ན་ཉུང་བ་ཡིན་མོད།    འོན་ཀྱང་དྲོད་རྒྱུད་དུས་རླུང་གི་ནམ་ཟླ་དང་བསྡུར་ན་མང་བ་ཡིན་པ་དང་།    དབྱར་དུས་སུ་ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་བཅོ་བརྒྱད་ནས་ཉི་ཤུ་ཉེར་བཞིའི(18~24℃)བར་ཡིན་མོད།    འོན་ཀྱང་དབྱར་དུས་ཀྱི་ཆར་འབབ་ཚད་དྲོད་རྒྱུད་དུས་རླུང་ནམ་ཟླ་དང་འདྲ་བར་དེ་འདྲའི་མངོན་གསལ་མིན།    གཞན་སྔོ་ཁེབས་ལ་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་ཀྱི་ནགས་ཚལ་ནི་གཙོ་བོ་ཡིན་ཞིང་།    ནམ་ཟླ་ཁུལ་དེའི་ཞིང་ལས་ལ་གཙོ་བོ་ཕྱུགས་ལས་དང་ཞིང་ལས་སོགས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།