དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ།
སྒྲ་ཡངས་འཇུག་གི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ་ནི་དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་ཀྱི་སྡོང་བོ་སྐྱེ་བར་འཚམ་པར་མ་ཟད། སྔོ་ཁེབས་ཀྱི་རིགས་ནི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླའི་རིགས་ཡིན་ལ། དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དང་དྲོད་རྒྱུད་དུས་རླུང་གི་ནམ་ཟླ། དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླའི་ཁྲོད་ཀྱི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་སྐྱེ་བའི་ནམ་ཟླ་ཁུལ་ཡོད་ཚད་གོང་གསལ་གྱི་ནམ་ཟླ་དེའི་ནང་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温带落叶阔叶林气候
གནམ་གཤིས།
དུས་བཞིའི་དབྱེ་མཚམས་མངོན་གསལ་ཡིན་པ།
ལོ་རེའི་ཆར་ཆུ་འབབ་ཚད།
ཧའོ་སྨི་ལྔ་བརྒྱ་ནས་སྟོང་བར།
སྔོ་ཁེབས་ཀྱི་རིགས།
དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས།
1 ངོ་སྤྲོད།

སྒྲ་ཡངས་འཇུག་གི་དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ་ནི་དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་ཀྱི་སྡོང་བོ་སྐྱེ་བར་འཚམ་པར་མ་ཟད།    སྔོ་ཁེབས་ཀྱི་རིགས་ནི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླའི་རིགས་ཡིན་ལ།   དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དང་དྲོད་རྒྱུད་དུས་རླུང་གི་ནམ་ཟླ།   དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླའི་ཁྲོད་ཀྱི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་སྐྱེ་བའི་ནམ་ཟླ་ཁུལ་ཡོད་ཚད་གོང་གསལ་གྱི་ནམ་ཟླ་དེའི་ནང་དུ་གཏོགས།

2 ཁྱབ་གནས།

1.ཡོ་རོབ་ནུབ་མ་དང་ཡོ་རོབ་དབུས་མ་རུ་རྡོ་ཐལ་སྡོང་བོ་ནི་སྡོང་བོའི་གྲས་ཀྱི་ལེགས་ཤོས་ཡིན།   

2.མེ་གླིང་བྱང་མའི་མཚོ་ཆེན་ལྔའི་ས་ཁུལ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་དུ་མེ་གླིང་རྡོ་ཐལ་སྡོང་བོ་དང་ཇ་སྡོང་སེར་པོ་ནི་སྡོང་བོའི་གྲས་ཀྱི་ལེགས་ཤོས་ཡིན།

3.ཡ་གླིང་དབུས་མར་གཙོ་བོ་རང་རྒྱལ་དུ་ཁྱབ་ཡོད་ལ།    རང་རྒྱལ་གྱི་རྒྱུན་ལྗང་མ་ཡིན་པའི་ནགས་ཚལ་གྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་དང་།   བྱང་ཤར་གྱི་ལྷོ་རྒྱུད་དང་ཧྭ་བྱང་གི་ས་ཁུལ་མང་ཆེ་བ་ནང་དུ་འདུ།

3 སྔོ་ཁེབས།

1.དུས་ཚིགས་བརྗེ་སྤོར་གྱི་སྣང་ཚུལ་ཤིན་ཏུ་མངོན་གསལ་ཡིན་པ།

2.བར་སྐྱེ་རང་བཞིན་གྱི་སྐྱེ་དངོས་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་ལ།   སྡོང་རིང་གི་རིགས་ལ་ལོ་མ་ལྷེབ་ཆེན་དང་རྩྭའི་རྒྱུ་དང་འདྲ་བ།   མཉེན་ལྕུག་ལྡན་པ།    སྤུ་མེད་པ་བཅས་ཡོད།

3.གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན་ལ།   རིམ་པ་རེ་རེ་བཞིན་གསལ་བོ་ཡིན།

4.རིམ་པ་སོ་སོའི་བར་གྱི་སྐྱེ་དངོས་ནི་སྐྱེ་དངོས་ཀྱི་ཚོགས་ལས་མངོན་གསལ་མིན།

4 སྲོག་ཆགས།

འོ་གསོའི་སྲོག་ཆགས་ཀྱི་རིགས་ལ་ཤྭ་བ་དང་གྲུམ་པ།   དྲེད་མོང་།    ཕག་རྒོད།   ཝ།   ནགས་བྱི་སོགས་ཡོད་པ་དང་།     འདབ་ཆགས་ཀྱི་རིགས་ལ་རྒྱབ་བྱ།    འཇོལ་མོ་སོགས་ཡོད།    གཞན་ད་དུང་འབུ་སྲིན་རིགས་རྣམ་པ་སྣ་ཚོགས་བཅས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།