དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
དྲོད་རྒྱུད་དུས་རླུང་གི་ནམ་ཟླ་ནི་སྐམ་ས་ཆེས་ཆེན་པོ་སྟེ་ཡ་ཨའོ་སྐམ་ས་ཆེན་པོ་དང་ཆེས་ཆེ་བའི་རྒྱ་མཚོ་སྟེ་ཞི་བདེ་རྒྱ་མཚོ་ཆེན་མོའི་བར་དུ་གནས་ཤིང་། རྒྱ་མཚོ་དང་སྐམ་སའི་ཚ་བའི་ཆེ་ཆུང་གི་ངོ་བོའི་ཁྱད་པར་མངོན་གསལ་ཡིན་ལ། དབྱར་དུས་ཀྱི་ཡ་ཨའོ་སྐམ་ས་ཆེན་པོའི་གནོན་ཤུགས་དམའ་བ་མུ་འབྲེལ་དུ་གནས་པ་དེ་དང་རྒྱ་མཚོ་སྟེང་གི་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོ་ནུབ་དུ་བསྲིངས་ནས་བྱང་ནས་ཞུགས་པ་ན་ལྷོ་ཤར་དུས་རླུང་གིས་ཆར་ཆུ་ཤིན་ཏུ་མང་བར་འགྱུར་བ་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ལྔ་བརྒྱ་ནས་ཆིག་སྟོང་ཡིན་ལ། དབྱར་དུས་ཀྱིས་ཆར་ཆུ་འབབ་ཚད་ཀྱི་སུམ་ཆའི་གཉིས་ཟིན་པ་དང་། ལོ་ཧྲིལ་བོར་དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་ཞིང་། ནམ་ཟླའི་འགྱུར་བག་རྒོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温带季风气候
ཕྱི་ཡིག་གི་མིང་།
monsoon climate of medium latitudes
ཁྱབ་སའི་ས་ཁུལ།
འཕྲེད་ཐིག་བྱང་མའི་ཏུའུ་སུམ་ཅུ་སོ་ལྔ་ནས་ལྔ་བཅུ་ང་ལྔའི་ཡས་མས་ཀྱི་ཡ་ཨའོ་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཡོད།
ནམ་ཟླའི་ཁྱད་ཆོས།
དབྱར་དུས་ཚ་བ་ཆེ་ཞིང་ཆར་ཆུ་མོད་པ་དང་དགུན་དུས་གྲང་ངར་རྒོད་ལ་སྐམ་ཤས་ཆེ།
1 ངོ་སྤྲོད།

དྲོད་རྒྱུད་དུས་རླུང་གི་ནམ་ཟླ་ནི་སྐམ་ས་ཆེས་ཆེན་པོ་སྟེ་ཡ་ཨའོ་སྐམ་ས་ཆེན་པོ་དང་ཆེས་ཆེ་བའི་རྒྱ་མཚོ་སྟེ་ཞི་བདེ་རྒྱ་མཚོ་ཆེན་མོའི་བར་དུ་གནས་ཤིང་།     རྒྱ་མཚོ་དང་སྐམ་སའི་ཚ་བའི་ཆེ་ཆུང་གི་ངོ་བོའི་ཁྱད་པར་མངོན་གསལ་ཡིན་ལ།     དབྱར་དུས་ཀྱི་ཡ་ཨའོ་སྐམ་ས་ཆེན་པོའི་གནོན་ཤུགས་དམའ་བ་མུ་འབྲེལ་དུ་གནས་པ་དེ་དང་རྒྱ་མཚོ་སྟེང་གི་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོ་ནུབ་དུ་བསྲིངས་ནས་བྱང་ནས་ཞུགས་པ་ན་ལྷོ་ཤར་དུས་རླུང་གིས་ཆར་ཆུ་ཤིན་ཏུ་མང་བར་འགྱུར་བ་ཡིན།   

ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ལྔ་བརྒྱ་ནས་ཆིག་སྟོང་ཡིན་ལ།     དབྱར་དུས་ཀྱིས་ཆར་ཆུ་འབབ་ཚད་ཀྱི་སུམ་ཆའི་གཉིས་ཟིན་པ་དང་།     ལོ་ཧྲིལ་བོར་དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་ཞིང་།    ནམ་ཟླའི་འགྱུར་བག་རྒོད།

2 ཁྱད་ཆོས།    

1.ཉིན་དཀར་རིང་བ་དང་དྲོད་ཚད་ཅུང་མཐོ་བ་ནི་ཚ་རྒྱུད་རྒྱ་མཚོ་ནས་གཡུགས་འོངས་པའི་ལྷོ་ཤར་དུས་རླུང་གི་རྐྱེན་གྱིས་ཆར་ཆུ་ཧ་ཅང་མོད་པ་ཡིན།

2.དགུན་དུས་གྲང་ངར་རྒོད་པ་དང་སྐམ་ཤས་ཆེ་བའི་དུས་སུ།     ཆེས་འཁྱག་པའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན་པ་དང་།     དགུན་དུས་གྲང་ངར་ཧ་ཅང་ཆེ།   

3.དུས་རླུང་ཧ་ཅང་མངོན་གསལ་ཡིན།

4.དབྱར་དུས་དང་སྟོན་དུས་སུ་རྒྱུན་པར་ཚ་རྒྱུད་རླུང་འཁྱིལ་གྱི་ཤུགས་རྐྱེན་ཐེབས་པ་ཡིན།

3 གྲུབ་རྐྱེན།

དྲོད་རྒྱུད་དུས་རླུང་གི་ནམ་ཟླའི་གྲུབ་རྐྱེན་ནི་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་དང་འདྲ་ཞིང་།    དགུན་དུས་དྲོད་རྒྱུད་སྐམ་ས་ཆེན་པོའི་རླུང་ཚོམ་གྱིས་ཚོད་འཛིན་ཐེབས་པས་གྲང་ངར་རྒོད་ལ་སྐམ་ཤས་ཆེ་བར་མ་ཟད།     ལྷོ་བྱང་གི་དྲོད་ཚད་ཀྱི་ཧེ་བག་ཆེ།    ཡང་དབྱར་དུས་དྲོད་རྒྱུད་རྒྱ་མཚོའི་རླུང་ཚོམ་མམ་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་གྱི་ཤུགས་རྐྱེན་འོག     ནམ་ཟླ་དྲོ་བ་དང་ཆར་ཆུ་ཤིན་ཏུ་མོད་པ་ཡིན་པར་མ་ཟད།     ལྷོ་བྱང་གི་དྲོད་ཚད་ཀྱི་ཧེ་བག་ཆུང་།     གཞན་གྲུབ་རྐྱེན་གཙོ་བོ་ནི་རྒྱ་མཚོ་དང་སྐམ་སའི་ཚ་བའི་ཆེ་ཆུང་གི་ངོ་བོའི་ཤུགས་རྐྱེན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།