གླིང་སྣེའི་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་སྣེའི་ནམ་ཟླ།
གླིང་སྣེའི་ནམ་ཟླ་ལ་གྲང་རྒྱུད་གྱི་ནམ་ཟླ་ཡང་ཟེར་ཞིང་། རིགས་ལ་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་ཡོད་ལ། འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ལྷོ་སྣེའི་སྐམ་ས་ཆེན་པོ་དང་འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཚོམ་འགའ་རུ་ཁྱབ་ཡོད། དེ་ཡང་ལོ་ཧྲིལ་བོར་གྲང་ངར་ཧ་ཅང་ཆེ་བ་དང་ས་ངོས་སུ་གངས་མཐུག་པོས་གཡོགས་ཡོད། གཞན་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོའི་དུས་ཚིགས་ནི་དགུན་དུས་གཙོ་བོ་ཡིན་ལ་དབྱར་དུས་ནི་མེད་ལ། ས་ངོས་སུ་སྔོ་དྲེག་གི་རིགས་དང་སྤང་རྩི་ལ་སོགས་པའི་སྐྱེ་དངོས་ཀྱི་རིགས་སྐྱེས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
极地气候
ཕྱི་ཡིག་གི་མིང་།
polar climate
མིང་གཞན།
གྲང་རྒྱུད་གྱི་ནམ་ཟླ།
དབྱེ་བ།
སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་ཡོད།
1 ངོ་སྤྲོད།

གླིང་སྣེའི་ནམ་ཟླ་ལ་གྲང་རྒྱུད་གྱི་ནམ་ཟླ་ཡང་ཟེར་ཞིང་།       རིགས་ལ་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་ཡོད་ལ།    འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ལྷོ་སྣེའི་སྐམ་ས་ཆེན་པོ་དང་འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཚོམ་འགའ་རུ་ཁྱབ་ཡོད།    དེ་ཡང་ལོ་ཧྲིལ་བོར་གྲང་ངར་ཧ་ཅང་ཆེ་བ་དང་ས་ངོས་སུ་གངས་མཐུག་པོས་གཡོགས་ཡོད།    གཞན་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་ཁྱབ་ཡོད་ཅིང་།     ལོ་ཧྲིལ་བོའི་དུས་ཚིགས་ནི་དགུན་དུས་གཙོ་བོ་ཡིན་ལ་དབྱར་དུས་ནི་མེད་ལ།   ས་ངོས་སུ་སྔོ་དྲེག་གི་རིགས་དང་སྤང་རྩི་ལ་སོགས་པའི་སྐྱེ་དངོས་ཀྱི་རིགས་སྐྱེས་ཡོད་པ་ཡིན།

2 ཁྱད་ཆོས།

ལོ་ཧྲིལ་བོར་དུས་ཚིགས་མང་ཆེ་བ་ནི་དགུན་དུས་ཡིན་པ་དང་།    ཆར་ཆུ་འབབ་ཚད་ཉུང་བ།    རླུང་འཚུབ་དྲག་པོ་ལྡང་བ་བཅས་ཡིན་ལ།     སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་འདུ་བ་ཡིན།   དེ་ཡང་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་བྱང་རྒྱུད་ཀྱི་མཚོ་འགྲམ་དུ་ཁྱབ་ཅིང་།   ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་བཅུའི(10℃)མན་དང་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་ལ།     ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་གསུམ་བརྒྱའི་བར་ཡིན།    ཡང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ལྷོ་སྣེའི་གླིང་དང་ཀེ་རུན་ལན་གླིང་ཕྲན།    འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཕྲན་འགའ་ཤས་སུ་ཁྱབ་ཡོད་ཅིང་།     ལོ་ཧྲིལ་བོར་གྲང་ངར་ཧ་ཅང་ཆེ་བ་དང་།    ཟླ་སོ་སོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན་ལ།     ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་དང་ལྔ་བཅུའི་མན་ཡིན།    གཞན་ཁ་བ་ནི་གངས་འཁྱག་ཏུ་གྱུར་ནས་དུས་ཡུན་རིང་བོར་མི་ཞུ་བ་དང་།    ནམ་ཟླ་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བ་ཡིན་ཞིང་།     དགུན་གྱི་དུས་ནི་ཤིན་ཏུ་རིང་བ་དང་གྲང་ངར་ཧ་ཅང་ཆེ་བ་ཡིན་ལ།    དབྱར་གྱི་དུས་ནི་ཐུང་ལ་ཧ་ཅང་བསིལ་ཞིང་འཇམ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།