གྲོང་ཁྱེར་ནམ་ཟླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་ཁྱེར་ནམ་ཟླ།
གྲོང་ཁྱེར་ནམ་ཟླ་ནི་གྲོང་ཁྱེར་ཆེན་པོ་རུ་ཡོད་པར་མ་ཟད། མཐའ་འཁོར་གྱི་གྲོང་ཁུལ་དང་མི་འདྲ་བའི་ནམ་ཟླའི་ཆ་རྐྱེན་ལ་གོ་ཞིང་། ནམ་ཟླ་དེ་ནི་གྲོང་ཁུལ་གྱི་ཞིང་སྡེའི་ནམ་ཟླ་དང་བསྡུར་ན་ནམ་ཟླའི་གླིང་ཕྲན་ཞིག་ཡིན་པ་ནི། དཔེར་ན། གྲོང་ཁྱེར་གྱི་ཚ་བའི་གླིང་ཕྲན་དང་རློན་པའི་གླིང་ཕྲན། ཐན་པའི་གླིང་ཕྲན། ཆར་བའི་གླིང་ཕྲན། དུ་སྨིག་གི་གླིང་ཕྲན། སྨུག་པའི་གླིང་ཕྲན་ལ་སོགས་པ་ལྟ་བུ། དེ་ཡང་གྲོང་ཁྱེར་གྱི་ཁོར་ཡུག་གིས་གྲོང་ཁྱེར་ནམ་ཟླ་ལ་ཐེབས་པའི་ཤུགས་རྐྱེན་ནི་ཅུང་ཆེ་བ་དང་། དེ་ནི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ནམ་ཟླ་ཆུང་ངུའི་རིགས་ལ་ཐེབས་པའི་མངོན་སྟངས་མངོན་གསལ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
城市气候
ཁྱད་ཆོས།
ཚ་བའི་གླིང་ཕྲན་དང་རློན་པའི་གླིང་ཕྲན།
1 ངོ་སྤྲོད།

གྲོང་ཁྱེར་ནམ་ཟླ་ནི་གྲོང་ཁྱེར་ཆེན་པོ་རུ་ཡོད་པར་མ་ཟད།     མཐའ་འཁོར་གྱི་གྲོང་ཁུལ་དང་མི་འདྲ་བའི་ནམ་ཟླའི་ཆ་རྐྱེན་ལ་གོ་ཞིང་།    ནམ་ཟླ་དེ་ནི་གྲོང་ཁུལ་གྱི་ཞིང་སྡེའི་ནམ་ཟླ་དང་བསྡུར་ན་ནམ་ཟླའི་གླིང་ཕྲན་ཞིག་ཡིན་པ་ནི།    དཔེར་ན།    གྲོང་ཁྱེར་གྱི་ཚ་བའི་གླིང་ཕྲན་དང་རློན་པའི་གླིང་ཕྲན།  ཐན་པའི་གླིང་ཕྲན།    ཆར་བའི་གླིང་ཕྲན།    དུ་སྨིག་གི་གླིང་ཕྲན།    སྨུག་པའི་གླིང་ཕྲན་ལ་སོགས་པ་ལྟ་བུ།    དེ་ཡང་གྲོང་ཁྱེར་གྱི་ཁོར་ཡུག་གིས་གྲོང་ཁྱེར་ནམ་ཟླ་ལ་ཐེབས་པའི་ཤུགས་རྐྱེན་ནི་ཅུང་ཆེ་བ་དང་།    དེ་ནི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ནམ་ཟླ་ཆུང་ངུའི་རིགས་ལ་ཐེབས་པའི་མངོན་སྟངས་མངོན་གསལ་བ་ཞིག་ཡིན།

2 གྲུབ་རྐྱེན།

1.དེང་རབས་གྲོང་ཁྱེར་ནི་རྣོ་ལྕགས་སོགས་ཀྱི་རྒྱུ་ཆས་གྲུབ་པ་ཡིན་པས།    དེ་ནི་རང་བྱུང་གི་ས་ངོས་དང་མི་འདྲ་བའི་དབང་གིས།    ནམ་ཟླའི་ལྡོག་འཕྲོ་དང་འགྱེད་འཕྲོའི་ཁྱད་གཤིས་ལ་འགྱུར་བ་བྱུང་བ་ཡིན།

2.བཟོ་ལས་ཐོན་སྐྱེད་སོགས་ཀྱིས་ཕྱིར་གཏོང་བྱས་པའི་གད་སྙིགས་དང་ས་རྡུལ་ནི།    གྲོང་ཁྱེར་ནང་ཁུལ་དུ་རང་བྱུང་ནམ་ཟླ་དང་མི་འདྲ་བའི་མིས་བཟོས་ནམ་ཟླའི་ཁོར་ཡུག་གྲུབ་པའི་རྒྱུ་རྐྱེན་ཡིན།

3.བཙོག་ཆུ་དང་དེའི་རླངས་པ་སོགས་མང་བོ་མཁའ་དབུགས་ཁྲོད་དུ་རྒྱུ་བ་ཡིས།    གྲོང་ཁྱེར་གྱི་བར་སྣང་གི་རླུང་ཁམས་ཆེན་པོར་འགྱུར་བ་མངོན་གསལ་བཏང་བ་ཡིན།

3 མངོན་སྟངས།

1.དྲོད་ཚད་མཐོ་བ།

2.རློན་ཚད་དམའ་བ།

3.རླུང་འགྲོས་དལ་བ།

4.ཉི་མའི་འགྱེད་འཕྲོ་ཞན་པ།

5.མཐོང་ཚད་ཞན་པ།

6.ཆར་ཆུ་མོད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།