ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་སྐར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་སྐར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་།
རྟེན་རྫས་བཤམས་མཛོད་ཁང་དེ་ནི་ཨ་རིའི་མཁའ་སྐྱོད་སྐར་སྐྱོད་སྐོར་གྱི་བཤམས་སྟོན་དང་ཞིབ་འཇུག་བྱེད་སའི་ལྟེ་གནས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国国家航空航天博物馆
ཕྱི་ཡིག་གི་མིང་།
The Smithsonian Institutions National Air and Space
ས་གནས།
ཨ་རི།
རིགས་དབྱེ།
མཁའ་སྐྱོད་སྐར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་།
1 ​མཚམས་སྦྱོར།

ལའེ་ཐེ་སྤུན་མཆེད་གཉིས་ཀྱིས་བཟོས་པའི་འཛམ་གླིང་གི་སྒྲ་བརྒལ་གནམ་གྲུ་དང་པོ།  སུའུ་ལེན་དང་ཨ་རི་ཡིས་ཐེངས་དང་པོར་བཏང་བའི་སྐར་གྲུ“མཛའ་བཤེས”7པ་དང“ཨ་ཕོ་ལོ”11པ། ཟླ་སྐྱོད་རུ་ཁག་གིས་ཁྱེར་འོངས་པའི་ཟླ་བའི་བྲག་རྡོའི་སྨར་དཔེ་ལ་སོགས་མིའི་རིགས་ཀྱི་མཁའ་སྐྱོད་སྐར་སྐྱོད་ལོ་རྒྱུས་སྟེང་གི་དྲན་གསོའི་རྡོ་རིང་ལྟ་བུའི་དངོས་རྫས་རྣམས་ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་སྐར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དུ་གཅེས་སུ་ཉར་ཡོད།  རྟེན་རྫས་བཤམས་མཛོད་ཁང་དེ་ནི་ཨ་རིའི་མཁའ་སྐྱོད་སྐར་སྐྱོད་སྐོར་གྱི་བཤམས་སྟོན་དང་ཞིབ་འཇུག་བྱེད་སའི་ལྟེ་གནས་ཡིན་ལ།  ཧྲི་སྨི་སིན་སློབ་ཚོགས་ཀྱི་མངའ་འོག་ཏུ་ཡོད།  དེ་ཉིད་སྤྱི་ལོ1946ལོར་འདེབས་མགོ་བརྩམས་པ་དང་སྤྱི་ལོ1976ལོར་ཝ་ཞུན་ཏོན་དུ་སྒར་གསར་བཏབ་པ་དེའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ཁྲི་ཚོ6.3ཡོད་པ་དང་།  བཤམས་སྟོན་ཁང24ཡོད་པས་རྒྱ་ཁྱོན་སྟོང་སྨི་ཁྲི་ཚོ2ཟིན་ཡོད།  སྤྱི་ལོ1981ལོའི་བར་དུ་རྟེན་རྫས་བཤམས་མཛོད་ཁང་དེར་ལོ་རྒྱུས་ཀྱི་དོན་སྙིང་ཆེ་ལ་ལག་རྩལ་རྩེར་སོན་པའི་གནམ་གྲུ270དང་།  སྐར་སྐྱོད་ཡོ་ཆས་རིགས100།  འཕུར་མདའ་དང་ཁྲིད་མདའ་སྣ་ཚོགས།  སྐད་གྲགས་ཆེ་བའི་གསར་གཏོད་མཁན་པོ་དང་མཁའ་སྐྱོད་པའི་ཤུལ་རྫས་ལ་སོགས་འབོར་ཆེན་ཉར་ཡོད་པ་རེད། དེ་མིན་ད་དུང་འདུག་སྟེགས400ཅན་གྱི་ཡོལ་ཆེན་གློག་བརྙན་ཁང་ཞིག་ཡོད་པ་དེ་རུ་མཁའ་སྐྱོད་སྐར་སྐྱོད་སྐོར་གྱི་གློག་བརྙན་གཏོང་གི་ཡོད་པ་དང་།  ཚངས་ཐིག་སྨི21ཅན་གྱི་སྒོར་དབྱིབས་མཁའ་དབྱིངས་ཁང་ཞིག་ཡོད་པ་དེ་རུ་སྐར་ཁུངས་དང་སྐར་སྐྱོད་སྐོར་གྱི་ལྟད་མོ་སྟོན་གྱི་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།