ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་།
ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་སྟེང་གི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གཞི་རྒྱ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཨ་རིའི་རང་བྱུང་ལོ་རྒྱུས་ཀྱི་ཞིབ་འཇུག་དང་སློབ་གསོའི་ལྟེ་གནས་ཀྱི་གྲས་ཤིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国自然历史博物馆
ཕྱི་ཡིག་གི་མིང་།
American Museum of Natural History
རིགས་དབྱེ།
རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་།
ས་གནས།
ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་གྱི་མན་ཧ་ཏུན་གྲོང་ཁུལ་དུ་གནས་ཡོད།
1 ​མཚམས་སྦྱོར།

ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་སྟེང་གི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གཞི་རྒྱ་ཆེ་ཤོས་གྲས་ཤིག་ཡིན་ལ། ཨ་རིའི་རང་བྱུང་ལོ་རྒྱུས་ཀྱི་ཞིབ་འཇུག་དང་སློབ་གསོའི་ལྟེ་གནས་གྲས་ཤིག་ཀྱང་ཡིན། སྤྱི་ལོ1869ལོར་བཏབ་པ་དང་ཉིའུ་ཡུའེ་གྲོང་ཁྱེར་གྱི་མན་ཧ་ཏུན་གྲོང་ཁུལ་དུ་གནས་ཡོད།

རྟེན་རྫས་བཤམས་མཛོད་ཁང་དེའི་གནམ་རིག་ཁང་དུ་གནའ་རབས་ཀྱི་ཀྲུང་གོ་དང་།  ཧྥ་རན་སེ།  འཇར་མན་སོགས་ཀྱི་སྐར་དཔྱད་ཡོ་ཆས་དང་། དཔེ་གསར་ཅན་གྱི་ཚའེ་སི་གནམ་རིག་དཔྱད་ཆས། འཛམ་གླིང་སྟེང་གི་སྐར་རྡོ་སྐད་གྲགས་ཅན་སོགས་བཤམས་སྟོན་བྱས་ཡོད། གནའ་བོའི་སྐྱེ་དངོས་དང་མིའི་རིགས་རིག་པའི་མཛོད་ཉར་དངོས་རྫས་ཀྱིས་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་ཁག་གི་མཛོད་ཉར་དངོས་རྫས་དེའི་རིགས་ཀྱི་ཨང་དང་པོ་ཟིན་ཡོད་པ་སྟེ།  དེ་དག་གི་ཁྲོད་དུ་ཨ་རི་རང་གི་ཁྲོད་དུ་ཨ་རི་རང་གི་སྨར་དཔེ་ཕུད།  ད་དུང་ཨ་མེ་རི་ཀ་གླིང་ལྷོ་མ་དང་།  ཨ་ཧྥེ་རི་ཀ་གླིང་།  ཡོ་རོབ་གླིང་། ཨ་ཤེ་ཡ་གླིང་།  ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་དཔེ་མཚོན་རང་བཞིན་ཅན་གྱི་སྨར་དཔེ་ཡང་མཛོད་དུ་ཉར་ཡོད།

རྟེན་རྫས་བཤམས་མཛོད་ཁང་དེའི་བཤམས་སྟོན་བྱ་གཞི་གཙོ་བོ་ལ་གནམ་རིག་སྐར་རྩིས་དང་གཏེར་རྫས་རིག་པ།  མིའི་རིགས་ཀྱི་ལོ་རྒྱུས།  གནའ་བོའི་སྐྱེ་དངོས། དེང་རབས་ཀྱི་སྲོག་ཆགས་བཅས་ཕྱོགས་ལྔ་ཡོད། གནའ་བོའི་སྒལ་ཚིགས་སྲོག་ཆགས་ཀྱི་བཤམས་སྟོན་ཐད་དུ་འཛམ་གླིང་སྟེང་གི་བཙན་རྒོད་གཏུམ་འབྲུག་གི་འགྱུར་རྡོ་ཆེ་ཤོས་དང་ཆ་ཚང་ཤོས་དེ་ཡོད།  མིའི་རིགས་ཀྱི་ལོ་རྒྱུས་བཤམས་སྟོན་ལ་ཨ་མེ་རི་ཀ་བྱང་མའི་ཧིན་རྡུ་འན་པ་དང་དབྱིན་ཉིའུ་ཐེ་མི། དེ་བཞིན་དུ་ཨ་མེ་རི་ཀ་གླིང་དབུས་མ་དང་། ཨ་ཧྥེ་རི་ཀ་གླིང་།  རྒྱ་མཚོ་ཆེན་པོ་གླིང་བཅས་ཀྱི་གདོད་མིའི་ཡུལ་སྲོལ་གོམས་གཤིས་ཡོད། གཏེར་རྫས་བཤམས་སྟོན་ལ་འཛམ་གླིང་ན་དཀོན་པའི་ལྗིད་ཚད་ཁེ563ཅན་གྱི་ནོར་བུ་དབང་སྔོན་ཡོད་ལ།  རྟེན་རྫས་བཤམས་མཛོད་ཁང་དེར་ལོ་རེར་གཟིགས་མོ་བ་ས་ཡ4ཡོང་གི་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།