རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟེན་རྫས་བཤམས་མཛོད་ཁང་།
རྟེན་རྫས་བཤམས་མཛོད་ཁང་ནི་དབྱིན་ཇིའི་སྐད་དུmuseumཞེས་པ་སྟེ་མུ་སི་ལྷ་ཁང་ཞེས་པའི་དོན་ཡིན། མུ་སི་ལྷ་ཁང་ནི་སྤྱི་ལོའི་སྔོན་གྱི་དུས་རབས3པའི་ནང་དུ་ཐོ་ལེ་སྨི་རྒྱལ་རབས་ཀྱིས་ཡ་ལེ་ཧྲི་ཏོ་ཏེ་སློབ་གླིང་དུ་ཉར་བའི་རིན་པོ་ཆེའི་འཇོག་གནས་ཡིན་པ་དེ་ནི་མིའི་རིགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ཐོག་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
博物馆
ཕྱི་ཡིག་གི་མིང་།
museum
1 མཚམས་སྦྱོར།

རྟེན་རྫས་བཤམས་མཛོད་ཁང་ནི་དབྱིན་ཇིའི་སྐད་དུmuseumཞེས་པ་སྟེ་མུ་སི་ལྷ་ཁང་ཞེས་པའི་དོན་ཡིན།  མུ་སི་ལྷ་ཁང་ནི་སྤྱི་ལོའི་སྔོན་གྱི་དུས་རབས3པའི་ནང་དུ་ཐོ་ལེ་སྨི་རྒྱལ་རབས་ཀྱིས་ཡ་ལེ་ཧྲི་ཏོ་ཏེ་སློབ་གླིང་དུ་ཉར་བའི་རིན་པོ་ཆེའི་འཇོག་གནས་ཡིན་པ་དེ་ནི་མིའི་རིགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ཐོག་མ་ཡིན།  འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཞི་བདེ་དང་གོང་འཕེལ་གྱི་བསྐལ་བ་བཟང་པོ་ཤར་བས་རྟེན་རྫས་བཤམས་མཛོད་ཁང་གི་བྱེད་ལས་ཀྱང་སྔར་བས་རྒྱ་ཇེ་ཆེར་སོང་ཡོད། རྩི་ཤིང་ཁང་དང་།  རི་དྭགས་ཁང་།  ཆུ་སྐྱེས་ཁང་།  རང་བྱུང་སྲུང་སྐྱོང་ཁུལ།  གནམ་རིག་ཁང་ལ་སོགས་པ་ཚང་མ་རྟེན་རྫས་བཤམས་མཛོད་ཁང་གི་གྲས་སུ་ཞུགས་ཡོད།  རྟེན་རྫས་བཤམས་མཛོད་ཁང་གིས་སློབ་གསོ་དང་།  ཚན་རིག  རིག་གནས།  ཡུལ་སྐོར།  ཁོར་ཡུག་སྲུང་སྐྱོང་ལ་སོགས་ལས་དོན་ཁག་གི་ཁྲོད་དུ་ནུས་པ་གལ་ཆེན་པོ་ཐོན་གྱི་ཡོད་པ་དང་།  དེ་ཉིད་སློབ་མ་ཚོའི་སློབ་ཁང་གཉིས་པ་ཡིན་པར་འདོད་ལ། མི་རྣམས་ཀྱིས་ཤེས་བྱ་ཡོན་ཏན་སྦྱོང་བའི་གནས་ཡུལ་གལ་ཆེན་པོ་ཡིན། དེ་དང་ཕྱོགས་མཚུངས་རྟེན་རྫས་བཤམས་མཛོད་ཁང་ནས་མིའི་རིགས་ཀྱི་རིག་གནས་ཀྱི་ཤུལ་བཞག་ཉར་ཚགས་དང་ཞིབ་འཇུག་བྱེད་པའི་འགན་འཁྲི་ཐེག་ཡོད་པ་དང་།  མཛོད་ཉར་དང་།  ཚན་ཏུ་བསྡུས་ཡོད་པའི་རིག་གནས་ཀྱི་ཕུང་པོ་ཞིག་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།