ཡུན་ཀང་བྲག་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ཀང་བྲག་ཕུག
ཡུན་ཀང་བྲག་ཕུག་ནི་ཧྲན་ཞིའི་ཏ་ཐུག་གི་ནུབ་ཕྱོགས་སུ་སྟོང་སྨི16རྒྱང་བའི་ཝུའུ་ཀྲོའུ་ཧྲན་རི་བོའི་འདབས་སུ་བཏབ་ཡོད་ལ། ཁ་ལྷོ་ཕྱོགས་སུ་གཏབ་པའི་གནས་དེར་ཕུག་པའི་ཀུན་དགའ་ར་བ་སྟོང་སྨི1ཙམ་ལ་བསྟར་མར་བཏབ་ཡོད་པ་དང་། ད་ལྟ་ཕུག་པ35དང་། ཀུན་དགའ་ར་བ1100ལྷག ལྷ་སྐུ་ཁྲི་ཚོ5.1བཅས་སོར་ལུས་སུ་ཉར་ཡོད། ཡུན་ཀང་བྲག་ཕུག་ནི་ཐོག་མར་ཝེ་རྒྱལ་རབས་བྱང་མའི་དུས་དཀྱིལ་དུ་འདེབས་མགོ་བརྩམས་པ་དང་། དེ་ནས་ཐང་རྒྱལ་རབས་དང་། ལིའོ་རྒྱལ་རབས། ཅིན་རྒྱལ་རབས་བཅས་ཀྱི་སྐབས་སུ་ཡང་མཐུད་དེ་བཏབ་པ་རེད། མིང་རྒྱལ་རབས་ཀྱི་སྐབས་སུ་ཡུན་ཀང་བྲག་ཕུག་ཞེས་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云冈石窟
ཕྱི་ཡིག་གི་མིང་།
Yungang Grottoes
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
ཧྲན་ཞི་ཞིང་ཆེན་ཏཱ་ཐུང་གྲོང་ཁྱེར།
1 གནས་ཁུངས།

ཡུན་ཀང་བྲག་ཕུག་ནི་ཧྲན་ཞིའི་ཏ་ཐུག་གི་ནུབ་ཕྱོགས་སུ་སྟོང་སྨི16རྒྱང་བའི་ཝུའུ་ཀྲོའུ་ཧྲན་རི་བོའི་འདབས་སུ་བཏབ་ཡོད་ལ། ཁ་ལྷོ་ཕྱོགས་སུ་གཏབ་པའི་གནས་དེར་ཕུག་པའི་ཀུན་དགའ་ར་བ་སྟོང་སྨི1ཙམ་ལ་བསྟར་མར་བཏབ་ཡོད་པ་དང་།  ད་ལྟ་ཕུག་པ35དང་།  ཀུན་དགའ་ར་བ1100ལྷག  ལྷ་སྐུ་ཁྲི་ཚོ5.1བཅས་སོར་ལུས་སུ་ཉར་ཡོད།  ཡུན་ཀང་བྲག་ཕུག་ནི་ཐོག་མར་ཝེ་རྒྱལ་རབས་བྱང་མའི་དུས་དཀྱིལ་དུ་འདེབས་མགོ་བརྩམས་པ་དང་།  དེ་ནས་ཐང་རྒྱལ་རབས་དང་།  ལིའོ་རྒྱལ་རབས། ཅིན་རྒྱལ་རབས་བཅས་ཀྱི་སྐབས་སུ་ཡང་མཐུད་དེ་བཏབ་པ་རེད།  མིང་རྒྱལ་རབས་ཀྱི་སྐབས་སུ་ཡུན་ཀང་བྲག་ཕུག་ཞེས་གྲགས།   

ཡིན་ཀང་བྲག་ཕུག་ཏུ་གཙོ་བོར་དུས་རབས5པའི་དུས་སྨད་ནས་དུས་རབས6པའི་དུས་སྟོད་ཀྱི་ཝེ་རྒྱལ་རབས་བྱང་མའི་ནང་པའི་ཆོས་ཀྱི་འདྲ་འབག་སྒྱུ་རྩལ་ཉར་ཡོད་ལ་གཞི་རྒྱ་ཧ་ཅང་ཆེན་པོ་ཡོད།  ཕུག་པ20པའི་ནང་རྟེན་གཙོ་སྟོན་སྐུ་ནི་བརྗིད་རྔམ་ལྡན་ལ་གཟི་བྱིན་ཆགས་པ་དང་།  ལྷུན་ཆགས་ཟབ་ཡངས་ཀྱི་ཉམས་འགྱུར་གྱིས་ཕྱུག་ཡོད་པས་མི་སེམས་ཟིལ་གྱིས་མནོན་པར་བྱེད་པའི་ནུས་སྟོབས་ལྡན་ཡོད། ཐན་ཡའོ་ཕུག་པ་རྣམ་ལྔ་ནི་ཝེ་རྒྱལ་རབས་ཀྱི་བྲག་ཕུག་སྒྱུ་རྩལ་གྱི་སྔ་དུས་གྲུབ་འབྲས་ཀྱི་མཚོན་བྱེད་ཡིན་པ་དང་།  དེས་ཕྱི་འོངས་ནབ་པའི་ཆོས་ཀྱི་རིག་གནས་ཀྱི་བརྗོད་བྱ་དང་རྣམ་པ་ཚུར་དྲངས་པ་དང་ལྷན་དུ་ཧན་རྒྱལ་རབས་ཀྱི་ཟབ་ཡངས་བརྗིད་ཆགས་ཀྱི་སྒྱུ་རྩལ་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་པས།  བཟོ་བཀོད་ལྷུན་གྱིས་གྲུབ་པ་དང་།  འདྲ་འབག་གི་གཏོས་དང་བོངས་ལ་དང་དོད་ཆེ་བ་རེད།  དེ་དང་མཐུན་པར་ཕུག་པ་རྣམས་ཀྱི་བཀོད་སྒྲིག་གཅིག་འདུས་ཡིན་ལ་ཚགས་དམ་པ་དང་།  གཙོ་སྐུ་གཟེངས་སུ་བཏོན་ཡོད་ལ་བརྗོད་གཞི་ཝེ་ལེར་གསལ་བ་རེད།

2 ​སྒྱུ་རྩལ་གྱི་ཁྱད་ཆོས།

ཡུན་ཀང་བྲག་ཕུག་སྒྱུ་རྩལ་ལ་ཨ་ཤེ་ཡ་དབུས་མ་དང་ལྷོ་མ་དང་དེ་བཞིན་དུ་པར་སིག་དང་དང་ཀེ་རེ་སིའི་ཤུགས་རྐྱེན་ཞུགས་ཡོད་པ་དང་།  དེ་ནི་རྒྱལ་རབས་ཀྱི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་བདེན་དཔང་ཡིན།  ཡུན་ཀང་བྲག་ཕུག་ཉིད་སྔོན་ཆད་ཝེ་རྒྱལ་རབས་བྱང་མའི་དུས་མགོའི་ནང་པའི་ཆོས་ཀྱི་སྒྱུ་རྩལ་གྱི་ལྟེ་གནས་ཡིན་པའི་ཆ་ནས་ས་གནས་ཁག་གི་བྲག་ཕུག་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།