ཞི་ལིང་པར་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་ལིང་པར་ཁང་།
ཞི་ལིང་པར་ཁང་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་བརྐོས་རིས་ཞིབ་འཇུག་བྱེད་མཁན་གྱི་རིག་གཞུང་ཚོགས་པ་སྐད་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西泠印社
ས་གནས།
ཀྲེ་ཅང་ཧང་ཀྲོའུ་ཞི་ཧུའུ།
གསར་སྐྲུན་ལོ་ཚིགས།
སྤྱི་ལོ1904ལོར།
1 ཞི་ལིང་པར་ཁང་།

ཞི་ལིང་པར་ཁང་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་བརྐོས་རིས་ཞིབ་འཇུག་བྱེད་མཁན་གྱི་རིག་གཞུང་ཚོགས་པ་སྐད་གྲགས་ཅན་ཞིག་ཡིན། དེ་ཉིད་ཆིང་གོང་མ་ཀོང་ཞུའི་ཁྲི་ལོ་བཅུ་གསུམ་པ(སྤྱི་ལོ1904)ནས་མཁས་པ་དུ་མས་བརྐོས་ཡིག་ཉར་ཚགས་པ་དང་པར་ལས་ཞིབ་འཇུག་བྱེད་པའི་ཆེད་དུ་འཛུགས་རྒྱུའི་ཇུས་གཞི་བཀོད་པ་དང་།  སྤྱི་ལོ1913ལོར་དངོས་གཞི་ཐོག་བཙུགས་པ་རེད།  ཝུའུ་ཁྲང་ཧྲུའོ་བྱ་བས་མགོ་འཛིན་གྱི་འཁུར་བཞེས་ཤིང་།  དེ་ནས་མ་ཧེང་དང་། ཀྲང་ཙུང་ཞང་།  ཧྲ་མེང་ཧའེ།  ཀྲའོ་ཝུའུ་ཁྲུའུ། ཆི་ཀུང་བཅས་པའི་མགོ་འཛིན་རིམ་པར་བྱོན།  ཞི་ལིང་པར་ཁང་གོས་ལོ་རེའི་དྭངས་གསལ་དུས་ཚིགས་ལ་འདུ་ཚོགས་ལ་འདུ་ཚོགས་ཟེར་བ་དང་། ལོ10རེ་ལ་དྲན་གསོའི་འདུ་ཚོགས་གཟབ་རྒྱས་ཅན་རེ་སྤེལ་གྱི་ཡོད་ལ།  དེ་དང་ལྷན་དུ་པར་ཁང་ཉིད་ཀྱི་མཛོད་ཉར་དང་ཚོགས་མི་ཚོའི་མཛད་པའི་ཀྲོན་བརྐོས་སུག་བྲིས་དང་རི་མོ་བཤམས་སྟོན་བྱེད་ཀྱི་ཡོད།

2 ཞི་ལིང་པར་ཁང་གི་དངོས་རྫས་སྐོར།

ཞི་ལིང་པར་ཁང་གིས་གནའ་བོའི་ལོ་རྒྱུས་རིག་དངོས་ཉར་ཚགས་དང་སྲུང་སྐྱོབ་བྱེད་རྒྱུར་དོ་སྣང་བྱེད་པས། གནའ་རབས་ཀྱི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡིག་རིས།  སུག་བྲིས་དང་རི་མོའི་དཔེ་དེབ་སོགས་འབོར་ཆེན་མཛོད་དུ་ཉར་ཡོད་པ་དང་།  མིང་དང་ཆིང་རྒྱལ་རབས་ཀྱི་ཀྲོན་བརྐོས་ཀྱི་ཉར་རྫས་ནི་ཕུན་སུམ་ཚོགས་པོ་ཡོད།གཞན་ཡང་ཞི་ལིང་པར་ཁང་གིས་ད་དུང་དཔེ་སྐྲུན་གྱི་ལས་སྒོ་གཉེར་གྱི་ཡོད་པ་སྟེ། ཉེ་ལོར་དེས་དཔེ་སྐྲུན་བྱས་པ་ལ《ཞི་ལིང་གི་མཁས་པ་གོང་མ་བཞིའི་ཐམ་ག་བཏུས་པ》དང་།  《ཞི་ལིང་གི་མཁས་པ་ཕྱི་མ་བཞིའི་ཐམ་ག་བཏུས་པ》 《ཨེར་པའེ་ལན་ཐིང་ཁང་གི་ཐམ་ག་བཏུས་པ》 《ཀྲུང་དབྱི་ཐང་གི་ཡིག་དྲིལ་གཅེས་བཏུས》སོགས་ཡོད་པ་དང་།  དེ་བཞིན་དུ《ཞི་ལིང་གི་སྒྱུ་རྩལ་ཚོམ་བུ》དང《ཞི་ལིང་གི་སྒྱུ་རྩལ་ཚགས་པར》གཙོ་གཉེར་བྱེད་ཀྱི་ཡོད། ཞི་ལིང་པར་ཁང་བཙུགས་པའི་ཚུན་དུ་སྔ་རྗེས་སུ་ཚོགས་མི100ལྷག་འདུས་མྱོང་བ་དང་།  སྐད་གྲགས་ཆེ་བའི་སུག་བྲིས་མཁན་པོ་དང་།  ཀྲོན་བརྐོས་མཁས་ཆེན། རི་མོའི་བདག་ཉིད་ཅན་ཝུའུ་ཁྲང་ཧྲུའོ་དང་།  ལི་ཧྲུའུ་ཧྲོའུ། ཕན་ཐེན་ཧྲོའུ། ཧྥུ་པའོ་ཧྲི། ཆི་ཀུང་སོགས་ཀྱང་ཚོགས་མའི་ཁོངས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།