མའེ་ཅི་རི་མོའི་བྲག་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའེ་ཅི་རི་མོའི་བྲག་ཕུག
རི་བོ་མའེ་ཅི་ཧྲན་བྲག་ཕུག་ནི་ཀྲུང་གོའི་ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས་སུ་སྟོང་སྨི45འདས་པའི་ཆིན་ལིན་རི་རྒྱུད་ནུབ་ཕྱོགས་ཀྱི་རི་བོ་མའེ་ཅི་ཧྲན་ཤར་ངོས་དང་ནུབ་ངོས་སུ་བཏབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
麦积山石窟
ཕྱི་ཡིག་གི་མིང་།
Maiji Mountain Grottoes
ས་གནས།
ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས།
1 ​མཚམས་སྦྱོར།

རི་བོ་མའེ་ཅི་ཧྲན་བྲག་ཕུག་ནི་ཀྲུང་གོའི་ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས་སུ་སྟོང་སྨི45འདས་པའི་ཆིན་ལིན་རི་རྒྱུད་ནུབ་ཕྱོགས་ཀྱི་རི་བོ་མའེ་ཅི་ཧྲན་ཤར་ངོས་དང་ནུབ་ངོས་སུ་བཏབ་ཡོད།  ཀྲུང་གོའི་ནང་པའི་ཆོས་ཀྱི་བྲག་ཕུག་གི་ཡ་གྱལ་ཡིན་པའི་རི་བོ་མའེ་ཅི་ཧྲན་བྲག་ཕུག་ལ་ཐོ་བཀོད་པའི་ཕུག་པའི་ཀུན་དགའ་ར་བ194ཡོད།   བྲག་ཕུག་དེར་བཞུགས་སུ་གསོལ་བའི་སྐུ་འདྲ་མང་ཆེ་བ་འདམ་སྐུ་ཡིན་པ་དང་ཁྱོན་བསྡོམས3519ཡོད་པ་དང་།  རྡོ་ལས་བརྐོས་པའི་སྐུ་འདྲ19མ་གཏོགས་མེད་ལ་རྡོ་རིང་སྟེང་དུ་བརྐོ་བཞེངས་བྱས་པའི་སངས་རྒྱས་སྟོང་སྐུ་རྩིས་ན་ཁྱོན་བསྡོམས3600ཡོད།  ལྡེབས་བྲིས་སྨི་གྲུ་བཞི་མ1000ལྷག་ཡོད་པ་ལས་མང་ཆེ་ཤོས་ཉམས་རྒུད་དུ་སོང་ཚར་བ་རེད། བྲག་ཕུག་དགོན་པ་དེ་ནི་རྒྱལ་ཁབ་བཅུ་དྲུག་དང་ཆིན་རྒྱལ་རབས་མགོའི་སྐབས་སུ(སྤྱི་ལོ394-416)འདེབས་མགོ་བརྩམས་པ་དང་།  དེ་ནས་ཆིན་རྒྱལ་རབས་ནུབ་མ་དང་།  ཝེ་རྒྱལ་རབས་བྱང་མ།  ཝེ་རྒྱལ་རབས་ནུབ་མ།  ཀྲོའུ་རྒྱལ་རབས་བྱང་མ།  སུའེ་རྒྱལ་རབས།  ཆིང་རྒྱལ་རབས་བཅས་སུ་བསྟུད་མར་འདེབས་བཞེངས་བྱས་ཡོད་པ་རེད།  དེ་ནི་ཀྲུང་གོའི་འདམ་སྐུ་ཉར་འབོར་མང་ཤོས་ཀྱི་ནང་པའི་ཆོས་ཀྱི་སྒྱུ་རྩལ་གྱི་གཏེར་མཛོད་ཅིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།