བྲག་ཕུག་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲག་ཕུག་སྒྱུ་རྩལ།
བྲག་ཕུག་ནི་རྡོའི་སྟེང་དུ་གཏོད་ཡོད་ལ། དེ་ལ་བྲག་ངོས་ཀྱི་དགོན་པ་སོགས་ཡོད། དེ་ནི་རྒྱ་གར་ལས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石窟艺术
ཁོངས་གཏོགས།
ཀྲུང་གོའི་གནའ་རབས་ཀྱི་རིག་གནས།
1 བྱུང་ཁུངས།

བྲག་ཕུག་སྒྱུ་རྩལ་ནི་ཐོག་མར་རྒྱ་གར་དུ་བྱུང་ཕྱིས་སུ་དར་བ་རེད།  ཀྲུང་གོའི་བྲག་ཕུག་སྒྱུ་རྩལ་བརྐོ་བཞེངས་བྱེད་པའི་མགོ་ནི་དུས་རབས3པ(ཅིན་རྒྱལ་རབས་ནུབ་མའི་སྐབས)ཐུག་ཡོད་པ་དང་།  དུས་རབས5-8པའི་སྐབས་སུ(ཝེ་དང་ཅིན་རྒྱལ་རབས་དང་རྒྱལ་རབས་ལྷོ་བྱང་ནས་ཐང་རྒྱལ་རབས་ཀྱི་སྐབས)རྫོགས་ལྡན་དུ་དར་ནས་དུས་རབས16པའི་རབ་དུ་དར་རྒྱན་བསྲིངས་ཡོད། ཀྲུང་གོའི་བྲག་ཕུག་སྒྱུ་རྩལ་ནི་ཁྱབ་ཆེན་པོ་ཡོད་པ་སྟེ།  རྒྱལ་ཡོངས་ཁྱབ་ཁུངས་སུ་བྲག་ཕུག་ཆེ་ཆུང་བརྒྱ་ལ་ཉེ་བ་ཡོད་པ་ལས་རྒྱལ་ཡོངས་ཀྱི་གནད་ཆེའི་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་བཞག་ཡོད་པ30ཡོད།  དེ་དག་ལས་ཀན་སུའུ་ཡི་ཏུན་ཧོང་བྲག་ཕུག་དང་།  ཧྲན་ཞིའི་ཏ་ཐུང་གི་ཡུན་ཀང་བྲག་ཐུག  ཀན་སུའུ་ཡི་ཐེན་ཧྲུའེ་ཡི་མའེ་ཅི་རི་བོའི་བྲག་ཕུག་སོགས་ལ་འཛམ་གླིང་ཁྱབ་ཁོངས་སུ་ཨར་སྐྲུན་དང་འདྲ་འབག་དང་ལྡེབས་བྲིས་བཅས་ཚུད་ཡོད།  གོང་སྨོས་བྲག་ཕུག་ལས་ལྡེབས་བྲིས་ཉར་བ་མང་ཤོས་དང་ཆ་ཚང་ཤོས་ནི་སྟོན་པའི་སྐྱེས་རབས་བརྗོད་བྱ་བྱས་ཁྱབ་ཆེ་བ་རེད།  དེ་ཡང་ས་གཤིས་ཀྱི་ཆ་རྐྱེན་མི་འདྲ་བའི་བདག་གིས་བརྐོ་བཞེངས་བྱེད་ཐབས་ཀྱང་མི་འདྲ་བ་བྱུང་ཡོད།  ཡུན་ཀང་བྲག་ཕུག་གི་སྐུ་འདྲ་ལ་བྱང་ཕྱོགས་ཀྱི་འབྲོག་པའི་མི་རིགས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་།  ལུང་མོན་བྲག་ཕུག་གི་ལྷ་སྐུ་ལ་ཀྲུང་ཡོན་ས་ཁུལ་གྱི་རྣམ་པ་མངོན་ཡོད།  མའེ་ཅི་རི་བོའི་བྲག་ཕུག་གི་སྒྱུ་རྩལ་ནི་འབྲི་བརྐོ་སྦྱར་གསུམ་གཉམ་དུ་བསྡེབས་ནས་བག་ཆགས་ལྷུན་གྲུབ་ཀྱི་ཁྱད་ཆོས་མངོན་ཡོད།

2 ​ཁྱད་ཆོས།

ནང་པའི་ཆོས་ཀྱི་བྲག་ཕུག་སྒྱུ་རྩལ་ནི་ཀྲུང་གོའི་གནའ་རབས་སུ་དར་བའི་ཆོས་ལུགས་ཀྱི་སྒྱུ་རྩལ་ཡིན་པ་དང་།  དེང་རབས་སུ་ཀྲུང་གོའི་གནའ་རབས་ཀྱི་སྤྱི་ཚོགས་དང་ཆབ་སྲིད།  དཔལ་འབྱོར།  ཆོས་ལུགས།  རི་མོ།  ཨར་སྐྲུན་ལ་སོགས་མང་པོར་ཞིབ་འཇུག་བྱེད་པའི་གཟུགས་སུ་གྲུབ་པའི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།