ཕ་བོང་གི་ཨར་སྐྲུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་བོང་གི་ཨར་སྐྲུན།
དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སོའར་ཚི་པོག་བདེ་ཐང་སྟེང་དུ་རྡོ་ཕ་བོང་གི་བཟོ་སྐྲུན་གྱི་བཀོད་པ་ཞིག་བཞེངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巨石阵
ཕྱི་ཡིག་གི་མིང་།
Stonehenge
འཛུགས་སྐྲུན་ལོ་ཚིགས།
སྤྱི་ལོ་སྔོན་གྱི4000—སྤྱི་ལོ་སྔོན་གྱི2000ལོའི་བར་ཡིན།
ས་གནས།
དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སོའར་ཚི་པོག་བདེ་ཐང་སྟེང་དུ་ཡོད།
1 ངོ་སྤྲོད།

དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སོའར་ཚི་པོག་བདེ་ཐང་སྟེང་དུ་རྡོ་ཕ་བོང་གི་བཟོ་སྐྲུན་གྱི་བཀོད་པ་ཞིག་བཞེངས་ཡོད་པ་སྟེ། དེའི་ཕྱི་མཐའ་རུ་ཕ་བོང་ཆེན་པོ་བསླངས་ནས་བསྐོར་བ་དང་།  བར་ཐག་སྙོམ་པའི་ཕ་བོང་ཀ་བ་རེ་རེའི་སྟེང་དུ་རྡོའི་གདུང་མ་བསྒར་ཡོད་ལ། ཁྱོན་བསྡོམས་ཡར་བསླངས་པའི་ཕ་བོང་གི་སྐོར་བ་གསུམ་ཡོད།  ཕ་བོང་གི་དཀྱིལ་འཁོར་དེའི་མཐའ་ན་ཆུ་འོབས་བསྐུན་ཡོད་པ་དང་ནང་དུ་ས་དཀར་པོ་བཏིང་ཡོད། དགོང་ཁའི་ཉི་འོད་ཀྱི་ཁྲོད་དུ་དེ་ལ་བསམ་གྱིས་མི་ཁྱབ་པའི་སྣང་བ་ཞིག་འཆར་འོང་གི་རེད།  ཨར་སྐྲུན་དེ་གནས་དེར་བཞེངས་པའི་རྒྱུ་མཚན་དང་དེའི་བྱེད་ལས་ནི་ད་ལྟའི་བར་གསང་བའི་གནས་ཤིག་ཡིན་པ་རེད།  འགའ་ཞིག་གིས་དེ་ནི་ཉི་མ་ལ་དད་མོས་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་གནས་ཡིན་པར་འདོད།

ཕ་བོང་གི་ཨར་སྐྲུན་ལ་གོང་སྨོས་ཕ་བོང་གི་དཀྱིལ་འཁོར་ཕུད་ད་དུང་ཕ་བོང་གི་ཀ་བ་དང་ཕ་བོང་གི་བང་སོ་ཡོད། ཕ་བོང་གི་ཀ་བ་ལ་ཧྥ་རན་སེའི་པུ་ལེ་ཐ་ནེ་ཞིང་ཆེན་གྱི་ཀ་བ་བསྟར་ཕྲེང་ནི་བརྗིད་ཉམས་ཆེ་ཤོས་ཡིན་པ་སྟེ།  ཕ་བོང་གི་ཀ་བ300ལྷག་ས་ཐག་སྟོང་སྨི3ཙམ་གྱི་སར་མུ་ཕྲེང་བསྒྲིགས་ཡོད་པ་རེད།  ཕ་བོང་གི་བང་སོ་ནི་ཧྥ་རན་སེ་དང་སི་ཁན་ཏེ་ན་ཝེ་ཡ་དང་དབྱིན་ཇི་སོགས་སུ་མཐོང་རྒྱུ་ཡོད།  དེ་མིན་ལྷ་ཁང་ཡང་ཕ་བོང་གི་ཨར་སྐྲུན་གྱི་རྣམ་པ་གཙོ་བོ་ཡིན།  མའར་ཐ་གླིང་ཕྲན་གྱི་ཕ་བོང་གི་ལྷ་ཁང་ནི་དཔེ་མཚོན་ཅན་ཡིན།  ཕ་བོང་གི་ཨར་སྐྲུན་ཆེན་པོ་དེ་དག་ཕ་བོང་གི་རིག་གནས་ཞེས་འབོད་པ་དང་།  དེ་དག་ནི་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་རིག་གནས་ཀྱི་མཛད་འཕྲིན་ངོ་མཚར་ཅན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།