དུས་རབས་བར་མའི་ཨར་ལས་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་རབས་བར་མའི་ཨར་ལས་སྒྱུ་རྩལ།
དུས་རབས་བར་མ་ཟེར་བ་ནི་དུས་རབས5-15པའི་བར་གྱི་དུས་སྐབས་ལ་ཟེར། དུས་རབས་བར་མའི་རི་མོ་ནི་ཡེ་ཤུ་ཆོས་ལུགས་ཀྱི་རི་མོ་ཡིན་པ་དང་། དེའི་ཁྱད་ཆོས་ནི་འཇིག་རྟེན་མི་ཆོས་ཀྱི་མངོན་སུམ་ལ་རྩིས་མཐོང་མེད་པར་བསམ་བློ་འདུ་ཤེས་ཏེ་འཇིག་རྟེན་ལས་འདས་པའི་ལྷ་ཆོས་མཚོན་རྒྱུར་དང་དོད་ཆེ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中世纪的建筑工艺
ཕྱི་ཡིག་གི་མིང་།
The construction process of the Middle Ages
1 ཨར་ལས་སྒྱུ་རྩལ།

དུས་རབས་བར་མ་ཟེར་བ་ནི་དུས་རབས5-15པའི་བར་གྱི་དུས་སྐབས་ལ་ཟེར།  དུས་རབས་བར་མའི་རི་མོ་ནི་ཡེ་ཤུ་ཆོས་ལུགས་ཀྱི་རི་མོ་ཡིན་པ་དང་།  དེའི་ཁྱད་ཆོས་ནི་འཇིག་རྟེན་མི་ཆོས་ཀྱི་མངོན་སུམ་ལ་རྩིས་མཐོང་མེད་པར་བསམ་བློ་འདུ་ཤེས་ཏེ་འཇིག་རྟེན་ལས་འདས་པའི་ལྷ་ཆོས་མཚོན་རྒྱུར་དང་དོད་ཆེ་བ་རེད།

2 སྒྱུ་རྩལ་གྱི་གྲུབ་འབྲས་སྐོར།

དུས་རབས་བར་མའི་སྒྱུ་རྩལ་གྱི་གྲུབ་འབྲས་ཆེ་ཤོས་ནི་ལོ་རྒྱུས་ཀྱི་དྲན་རྟེན་རྡོ་རིང་ཞེས་གྲགས་པའི་ལྷ་ཁང་གི་ཨར་སྐྲུན་ཡིན་པ་དང་།  དེའི་ཁོངས་སུ་པའེ་ཟན་ཐིམ་ལུགས་ཀྱི་ཨར་སྐྲུན་དང་། རི་མོའི་ལུགས་ཀྱི་ཨར་སྐྲུན།  ཀོ་ཐེའི་ལུགས་ཀྱི་ཨར་སྐྲུན་བཅས་ཡོད། པའེ་ཟན་ཐིམ་ལུགས་ཀྱི་ཨར་སྐྲུན་ལ་ཤར་ཕྱོགས་ཀྱི་རྒྱན་སྤྲས་དང་ལྐོག་ཏུ་གྱུར་བའི་ཤས་ལྡན་པ་དང་།  དེ་ཉིད་ལ་རང་ཆོས་གྲུབ་ཡོད།  པའེ་ཟན་ཐིམ་ལུགས་ཀྱི་ལྷ་ཁང་གི་སྙོམ་ངོས་ནི་ཀེ་རེ་སིའི་རྒྱ་གྲམ་གྱི་དབྱིབས་ཡིན་པ་དང་།  དབུས་སུ་འདེགས་བྱེད་གུར་ཁང་ལྟ་བུ་དང་གཞུ་བྱེད་གུར་ཁང་ལྟ་བུའི་གཞུ་དབྱིབས་ཅན་གྱི་གནས་གདང་གིས་ཨར་སྐྲུན་ཧྲིལ་པོའི་བཀོད་གཞི་གྲུབ་ནས་གཅིག་བསྡུས་ཅན་གྱི་ཨར་སྐྲུན་གྱི་གྲུབ་ཆགས་ཡོད་པ་ནི་རྔམ་བརྗིད་ལྡན་པ་ཞིག་ཡིན།  རོ་མའི་ལུགས་ཀྱི་ཨར་སྐྲུན་གྱི་སྙོམ་ངོས་ནི་ལ་ཏིང་གི་རྒྱ་གྲམ་དབྱིབས་ཡིན་པ་དང་། འདེགས་བྱེད་ལ་གཞུ་དབྱིབས་ཀྱི་སྒོ་ཁུང་མང་པོ་སྤྱད་ཡོད་པ་རེད། དེའི་དཔེ་མཚོན་ནི་སྐད་གྲགས་ཅན་གྱི་པི་ས་ལྷ་ཁང་ཡིན་ལ།  པི་ས་ཡོ་ལྕོག་ནི་ལྷ་ཁང་དེའི་དྲིལ་ཁང་ཡིན།  ཀོ་ཐེའི་ལུགས་ཀྱི་ཨར་སྐྲུན་ནི་དུས་རབས་བར་མའི་སྐབས་ཀྱི་ཆེས་ཁྱད་དུ་འཕགས་པའི་ཨར་སྐྲུན་གྱི་དཔེ་མཚོན་ཡིན་པ་དང་།  དེའི་ཚན་མར་གྱུར་བའི་ཨར་སྐྲུན་ལ་ཧྥ་རན་སེའི་ཕ་རི་སིའི་འཕགས་མའི་ལྷ་ཁང་དང་། འཇར་མན་གྱི་ཁོ་ལུང་ལྷ་ཆེན་མོ།  ཨེ་ཐ་ལིའེ་སྨི་ལན་ལྷ་ཁང་ཆེན་མོ་སོགས་ཡོད། དེའི་ཁྱད་ཆོས་ནི་མཐོ་ཞིང་དྲང་ལ་རྩེ་ལྕོག་ཅན་ཡིན་པ་རེད། ལྷ་ཁང་གི་ཟུར་དུ་སྤྱིར་བཏང་གནམ་ལ་ཟུག་པ་ལྟ་བུའི་ལྕོག་མཐོན་པོ་ཆ་གཅིག་བསླངས་ཡོད་ཅིང་།  སྙུང་དབྱིངས་ཀྱི་འདེགས་སྐྱོར་སྤྱད་ཡོད་པས་ལྗིད་ཐེག་པའི་གནད་དོན་ཐག་གཅོད་བྱུང་ནས།  ཀོ་ཐེའི་ལུགས་ཀྱི་ཨར་སྐྲུན་ཉིད་རྩེ་མོ་གནམ་ལ་ཟུག་པ་ལྟར་སྣང་བ་དང་། ཤེལ་གྱི་ཚོན་ཁྲ་དུམ་ཆེན་དག་གིས་ངོ་མཚར་ཆེ་བའི་སྣང་བ་སྤྲོས་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།