ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།
ཀྲུང་གོའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ནི་སྔ་མའི་ཀྲུང་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་གཉིས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国国家博物馆
ཕྱི་ཡིག་གི་མིང་།
National Museum of China
1 ​རྟེན་རྫས་བཤམས་མཛོད་ཁང་།

ཀྲུང་གོའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ནི་སྔ་མའི་ཀྲུང་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་གཉིས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན།  དེ་ཉིད་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་ཤར་ཕྱོགས་སུ་ཡོད།  ཀྲུང་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་དང་ཐོག་སྤྱི་ལོ1912ལོར་བཙུགས་པའི“རྒྱལ་ཁབ་ཀྲུང་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་གྲ་སྒྲིག་ལས་ཁུངས”ཞེས་པ་དེ་ཡིན་པ་དང་།  སྤྱི་ལོ1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས“རྒྱལ་ཁབ་པེ་ཅིན་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང”དུ་བསྒྱུར་བ་རེད།  ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་ནི་དང་ཐོག་སྤྱི་ལོ1950ལོར་བཙུགས་པའི་ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་གི་གྲ་སྒྲིག་ལས་ཁུངས་ཞེས་པ་དེ་ཡིན་པ་དང་།  སྤྱི་ལོ1960ལོར་ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་ཞེས་པར་བསྒྱུར། སྤྱི་ལོ2002ལོའི་ཟླ10པ་ནས་བཟུང་།  རྟེན་རྫས་བཤམས་མཛོད་ཁང་དེ་གཉིས་ཟླ་སྒྲིལ་བྱས་ཏེ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཙུགས་པ་རེད།

2 བཤམས་མཛོད་ཁང་དབུ་བརྙེས་པའི་སྐོར།

སྤྱི་ལོ2003ལོའི་ཟླ2པའི་ཚེས28ཉིན་ལ་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་དངོས་གཞིའི་ཐོག་དབུ་བརྙེས་པ་དང་། རྒྱས་སྐྲུན་ཨར་ལས་ཡང་དུས་མཚུངས་སུ་ལས་མགོ་བརྩམས་ནས་སྤྱི་ལོ 2007ལོར་ལས་མཇུག་རྫོགས།  རྒྱས་སྐྲུན་བྱས་རྗེས་སུ་དེའི་ཨར་སྐྲུན་གྱི་རྒྱ་ཁྱོན་སྔ་མའི་སྨི་གྲུ་བཞི་མ་ཁྲི་ཚོ6.5ནས་སྨི་གྲུ་བཞི་མ་ཁྲི་ཚོ15ལ་འཕར་སྣོན་བྱུང་ཡོད་པ་དང་།  དེ་རུ་ཀྲུང་ཧྭ་མི་རིགས་བྱུང་འཕེལ་གྱི་ལོ་རྒྱུས་བཤམས་སྟོན་བྱེད་པ་དང་།  ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་ལ། སྒྱུ་རྩལ་མཛད་ཆོས་ཚུད་པའི་ཆེད་དོན་འགྲེམས་སྟོན་སྐོང་གི་ཡོད་ཅིང་།  དེས་མི་ཚད་ད་དུང་ཆེད་དམིགས་འགྲེམས་སྟོན་སྣ་ཚོགས་སྐོང་གི་ཡོད།  ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་རིག་དངོས་འཚོལ་སྡུད་དང་།  གནའ་དཔྱོད།  མཛོད་ཉར།  ཞིབ་འཇུག  བཤམས་སྟོན་བཅས་གཞི་གཅིག་ཏུ་དྲིལ་བ་དང་།  ལོ་རྒྱུས་དང་། རིག་གནས།  སྒྱུ་རྩལ་བཅས་ཀྱི་ངོ་བོ་གཅིག་ཏུ་འདུས་པའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།