འདོད་བློ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདོད་བློ།
འདོད་བློ་ནི་སེམས་ཀྱི་རང་སྟོབས་རང་བཞིན་ཡིན་ལ། བློ་རིག་གི་རྒྱུ་རྐྱེན་མ་ཡིན་པའི་གྲས་སུ་གཏོགས། དེ་ངོས་འཛིན་གྱི་བརྒྱུད་རིམ་ཁྲོད་ཐོན་པ་དང་། ཡང་ངོས་འཛིན་ཀྱི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད། འདོད་བློ་ཡོད་པའི་གནས་ཚུལ་འོག་སེམས་ཁམས་ལ་རང་རྟོགས་ཀྱི་དམིགས་ཡུལ་ཅན་དང་རང་རྟོགས་ཀྱི་དམིགས་ཡུལ་མེད་པ་གཉིས་སུ་དབྱེ་ཆོག འདོད་བློ་ནམ་ཡང་ངོས་འཛིན་གྱི་བརྒྱུད་རིམ་དང་མ་འབྲེལ་བར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
意愿
ཕྱི་ཡིག་གི་མིང་།
Desire
འགྲེལ་བ།
སེམས་འདུན་དང་རེ་འདུན།
1 གོ་དོན།

འདོད་བློ་ནི་རང་རྟོགས་ཀྱིས་དམིགས་ཡུལ་གཏན་འབེབས་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད་དེ། དམིགས་ཡུལ་དེ་མངོན་འགྱུར་བྱེད་པའི་སེམས་ཁམས་ཀྱི་བརྒྱུད་རིམ་ཞིག་ཡིན། འདོད་བློ་ནི་འདུ་ཤེས་ཀྱི་རང་སྟོབས་རང་བཞིན་དང་ཧུར་ཐག་རང་བཞིན་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། མིའི་རིགས་ཁོ་ན་ལ་ཡོད་པའི་ཆོས་ཤིག་རེད། འདོད་བློ་དང་བྱ་སྤྱོད་གཉིས་ཁ་བྲལ་ཐབས་མེད་དེ། འདོད་བློ་ནི་རང་སྣང་ཡུལ་ཅན་གྱི་སེམས་ཁམས་བྱ་འགུལ་དང་། འགུལ་སྐྱོད་ནི་རང་སྣང་ཡུལ་ཅན་གྱི་མཐོང་བའི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཡིན། འདོད་བློའི་བཀོད་འདོམས་ཐེབས་པའི་བྱ་སྤྱོད་ལ་འདོད་བློའི་བྱ་སྤྱོད་ཟེར། འདོད་བློའི་བཀོད་འདོམས་དང་། བྱ་སྤྱོད་སྙོམས་སྒྲིག་བཅས་འདོད་བློའི་འགུལ་སྐྱོད་ནང་མངོན་ཐུབ། འདོད་བློའི་མཚན་ཉིད་རྟོགས་པར་གཤམ་གསལ་གྱི་གནད་དོན་འགའ་ངེས་དགོས།

1 འདོད་བློའི་བྱ་སྤྱོད་ཀྱི་གནད་འགག་ནི་འདོད་བློའི་སྙོམས་སྒྲིག་དང་། བཀོད་འདོམས་བྱེད་པའི་ནུས་པ་ཡིན། མིའི་བྱ་སྤྱོད་ནི་སྣང་མང་ཡིན་ལ། སྟབས་བདེ་ཅན་དང་རྙོག་འཛིང་ལྡན་པ། རིམ་པ་མཐོ་ང་དང་རིམ་པ་དམའ་བའི་དབྱེ་བ་ཡང་ཡོད། དབྱེ་བ་དགར་བའི་གཞི་འཛིན་ས་ནི་དམིགས་ཡུལ་ཡོད་པའི་སྒོ་ནས་བཀོད་འདོམས་དང་སྙོམས་སྒྲིག་བྱས་ཡོད་མིན་ཡིན། དམིགས་ཡུལ་མེད་པའི་བཀོད་འདོམས་དང་སྙོམས་སྒྲིག་ནི་སྟབས་བདེ་ཅན་དང་རིམ་པ་དམའ་བའི་བྱ་སྤྱོད་དམ་ཡང་ན་རང་བཞིན་གྱི་བྱ་སྤྱོད་དང་། ཧོལ་རྒྱུགས་ཀྱི་བྱ་སྤྱོད། གོམས་གཤིས་སུ་ཆགས་པའི་བྱ་སྤྱོད་ཡིན། དམིགས་ཡུལ་ཡོད་པའི་བཀོད་འདོམས་དང་སྙོམས་སྒྲིག་ནི་རྙོག་འཛིང་ཅན་དང། རིམ་པ་མཐོ་བའམ་ཡང་ན་འདོད་བློའི་བྱ་སྤྱོད་ཡིན། དེ་ལས། འདོད་བློ་ནི་འདོད་བློའི་བྱ་སྤྱོད་འབྱུང་བའི་གནད་འགག་ཡིན་པ་ཤེས་ཐུབ།

2 འདོད་བློའི་བཀོད་འདོམས་དང་སྙོམས་སྒྲིག་ལ་འདོད་བློའི་ནུས་རྩོལ་ཡང་ཟེར། མི་ཞིག་གི་འདོད་བློ་ཤུགས་དྲག་པ་དང་ཉམས་ཆུང་བ་བྱ་སྤྱོད་ལས་ཕྱིར་མངོན་ཐུབ།

3 འདོད་བློའི་བཀོད་འདོམས་དང་སྙོམས་སྒྲིག་གི་བྱེད་ནུས་གཙོ་བོ་ཕྱོགས་གཉིས་ལས་མཚོན་ཐུབ། གཅིག་ནི་དམིགས་ཡུལ་སྒྲུབ་པའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནི་དམིགས་ཡུལ་ངེས་ཅན་སྒྲུབ་པར་བཀག་འགོག་བྱེད་པའི་བྱ་སྤྱོད་དང་འདོད་པ་རེད། དེ་གཉིས་ཕན་ཚུན་ཕུད་རེས་བྱེད་པ་མ་ཡིན་ལ། ལག་ལེན་གྱི་རྨང་གཞིའི་ཐོག་གཅིག་གྱུར་ཡིན། དེ་གཉིས་ཀྱིས་མཉམ་དུ་མིའི་ཕྱིའི་སྤྱོད་པ་དང་ནང་སེམས་ཀྱི་འགྱུར་བ་ཐ་ན་དབང་རྩ་སྐྱེ་ཁམས་འགུལ་སྐྱོད་ལ་བཀོད་འདོམས་དང་སྙོམས་སྒྲིག་བྱེད།

4 འདོད་བློ་ནི་མིའི་ཀླད་པའི་ནང་ཕྱི་རོལ་ཡུལ་ཚུར་སྣང་བྱུང་བ་ཞིག་ཡིན། དེས་ཚུར་སྣང་བྱས་པ་ནི་ཕྱི་རོལ་ཡུལ་གྱི་དངོས་དོན་དང་རང་སྣང་དགོས་མཁོའི་བར་གྱི་འབྲེལ་བ་ཡིན། དེ་བས་དེ་ནི་དམིགས་བསལ་ཅན་གྱི་ཚུར་སྣང་རྣམ་པ་ཞིག་ཡིན།

2 ཁྱད་རྟགས།

1 རང་རྟོགས་ཀྱི་དམིགས་ཡུལ་རང་བཞིན།

འདུ་ཤེས་དང་དམིགས་ཡུལ་ལྡན་པ། འཆར་གཞི་ཡོད་པ་བཅས་ཀྱི་འགུལ་སྐྱོད་ནི་འདོད་བློའི་ཐོག་མའི་ཁྱད་ཆོས་ཡིན་ལ། མིའི་རིགས་ཀྱི་འགུལ་སྐྱོད་དང་སྲོག་ཆགས་འགུལ་སྐྱོད་གཉིས་ཀྱི་རྩ་བའི་ཁྱད་པར་ཡང་ཡིན། སྲོག་ཆགས་ཀྱིས་ཚང་བཟོ་བ་དང་མིའི་ཁང་བ་ལས་པ་གཉིས་ལ་མཚོན་ལ་སྔ་མ་ནི་འདུ་ཤེས་མེད་པའི་རང་བཞིན་གྱི་འགུལ་སྐྱོད་དང་། ཕྱི་མ་ནི་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་འདུ་ཤེས་དང་ལྡན་པའི་འགུལ་སྐྱོད་ཡིན། མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཁྱད་ཆོས་མཚོན་ཚུལ། མིའི་རིགས་ཀྱིས་རང་ཉིད་ཀྱི་དགོས་མཁོ་ལྟར་རང་འགུལ་ངང་བྱ་བ་བྱེད་ཐུབ་པས་མི་ལ་རང་ཉིད་ཀྱི་འགུལ་སྐྱོད་སྙོམས་སྒྲིག་བྱེད་པའི་ནུས་པ་ལྡན་པ་མ་ཟད། རང་ཉིད་ལ་ཕན་པའི་བྱ་ཧུར་ཐག་གིས་སྒྲུབ་པ་དང་། དམིགས་ཡུལ་དང་མི་འཚམས་པའི་བྱ་བ་བཀག་འགོག་བྱེད་པའི་ནུས་པ་ལྡན།

2 རང་ཉིད་ཀྱི་བྱ་སྤྱོད་སྙོམས་སྒྲིག་བྱེད་པ།

འདོད་བློ་མིའི་འགུལ་སྐྱོད་དང་ཁ་བྲལ་ན་གནས་ཐབས་མེད། འདོད་བློ་དེ་མིའི་སེམས་ཁམས་ཀྱི་འགུལ་སྐྱོད་དང་རང་འགུལ་གྱི་འགུལ་སྐྱོད་གཉིས་ལས་ཕྱིར་མངོན་ཡོད། ཕྱོགས་གཅིག་ནས་མཐའ་མཇུག་གི་དམིགས་ཡུལ་དེ་མངོན་འགྱུར་ཡོང་བར་འགོག་རྐྱེན་བཟོ་བའི་སེམས་པ་དང་། བྱ་སྤྱོད་ལ་ཚོད་འཛིན་བྱེད་པ་ལས་གཞན་ད་དུང་སེམས་ཁམས་ཀྱི་བདེ་ཐང་དང་ཧོལ་རྒྱུགས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་ནས་རང་ཉིད་དཀའ་ངལ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱས་ཏེ་མཐའ་མཇུག་གི་དམིགས་ཡུལ་མངོན་འགྱུར་ཡོང་བར་རེ་བ་བྱེད། ཕྱོགས་གཞན་ཞིག་ནས་སེམས་ཁམས་སྙོམས་སྒྲིག་གི་སྙོམས་སྒྲིག་བྱས་པའི་སེམས་ཁམས་ལྟར་ཆོད་ཆེ་བའི་བྱ་ཐབས་དག་གདམ་ནས་སྔོན་དཔག་གི་དམིགས་ཡུལ་དེ་སྒྲུབ་ཀྱི་ཡོད། འདོད་བློའི་སྙོམས་སྒྲིག་གི་ནུས་པས་སློབ་སྦྱོང་གི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་། སློབ་མའི་ཀུན་སྤྱོད་ཀྱི་རྒྱུ་སྤུས་སྐྱེད་སྲིང་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན།

3 དཀའ་ངལ་སྣ་ཚོགས་སེལ་བ།

མིའི་འདོད་བློའི་འགུལ་སྐྱོད་ཀྱིས་ནམ་ཡང་མིའི་ཧུར་ཐག་རང་བཞིན་ལ་བརྟེན་ནས་དཀའ་ངལ་དག་ཁྱད་གསོད་བྱེད་པ་དང་། འགུལ་སྐྱོད་ཀྱི་འགོག་རྐྱེན་དག་སེལ་བ་དང་ཁ་འབྲལ་ཐབས་མེད། དཔེར་ན། མེ་ཤུགས་འཕུར་མདའ་བར་སྣང་དུ་གཏོང་བར་ཕམ་ཁ་བྱུང་ཚེ་ཚན་རིག་པ་དང་ལག་རྩལ་པ་ཚང་མས་ཕམ་ཁ་བྱུང་བའི་རྒྱུ་རྐྱེན་འཚོལ་བར་མ་ལག་རེ་རེ་དང་ལྷུ་ལག་རེ་རེ་ནས་བརྟག་དཔྱད་བཏང་ནས་ཉིན་ཧྲིལ་བོར་ཚོད་ལྟ་ཁང་དང་ཁ་བྲལ་མི་ཆོག་པ། འདོད་བློའི་བྱ་སྤྱོད་ཁྲོད་ཀྱི་དཀའ་ངལ་དག་ངོ་བོའི་སྒོ་ནས་དབྱེ་ན། ཕྱི་ནང་གི་དབྱེ་བ་ཡོད། ནང་གི་དཀའ་ངལ་ནི་རྒྱུན་པར་ཉམས་མྱོང་མེད་པ་དང་། ནུས་པ་ཞན་པ། ཐེ་ཚོམ་མང་བ། སེམས་ཁམས་རྙོག་དྲ་བཟོ་བ་སོགས་ཡིན། ཕྱིའི་དཀའ་ངལ་ནི་དམིགས་ཡུལ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་ཕྱི་རོལ་གྱི་འགོག་རྐྱེན་དག་ཡིན། དཔེར་ན། སྒྲིག་ཆས་མི་འདང་བ། སྤྱི་ཚོགས་ཀྱི་འགོག་རྐྱེན་ཆེ་བ། ཁོར་ཡུག་གི་ཆ་རྐྱེན་ཞན་པ། བསམ་བློ་རྙིང་བའི་བཀག་རྒྱ་བཅས་ཡིན། དཀའ་ངལ་སེལ་ཐུབ་མིན་ནི་གཙོ་བོ་རང་སྟོབས་ཀྱི་ནུས་པ་གང་ལེགས་འདོན་ཐུབ་མིན་ལ་རགས་ལས་བ་དང་། དེ་གཙོ་བོ།

1. སྒྲུབ་པའི་བྱ་བ་རླབས་ཆེ་མིན་དང་། དམིགས་ཡུལ་ཇི་ལྟར་ཆེ་ན་དཀའ་ངལ་དེ་ལྟར་ཆེ་བ་ཡོད་པས། སི་ཏ་ལིན་གྱིས་གསུངས་དོན་དམིགས་ཡུལ་རྒྱ་ཆེ་བ་ཡོད་ན། ད་གཟོད་བྱ་སྤྱོད་རླབས་ཆེ་བ་ཡོད་སྲིད་ཅེས་གསུངས་ཡོད།

2. བྱ་བ་དེ་སྒྲུབ་རྗེས་སྤྱི་ཚོགས་ལ་ཕན་ནུས་ཇི་ཙམ་ཡོད་པ་ངེས་ཡོད། སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་ཇི་ལྟར་ཆེ་ན་དཀའ་ངལ་ལས་རྒྱལ་བའི་ཆོད་སེམས་དེ་ལྟར་ཆེ་བ་དང་། རྒྱལ་ཁ་ལེན་པའི་རེ་བའང་དེ་ཙམ་གྱིས་ཆེ་བ་ཡོད།

3. དགོས་ངེས་ཀྱི་དངོས་པོའི་སྒྲིག་ཆས་དང་ཚན་རིག་གི་ཤེས་བྱ་ཡོད་མིན། དངོས་བོའི་སྒྲིག་ཆས་ཆ་ཚང་བ་དང་། ཚན་རིག་གི་ཤེས་བྱ་ཡོད་ན་དཀའ་ངལ་ཁྱད་དུ་བསད་ནས་དམིགས་ཡུལ་སྒྲུབ་པར་ཕན་པ་ཡོད། དཀའ་ངལ་ཁྱད་བསོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐོག་མར་རང་ངོས་ཀྱི་ནང་གི་དཀའ་ངལ་སེལ་ཐབས་བྱེད་པ་དང་། དེ་ནས་ཧུར་བརྩོན་དང་གསར་གཏོད་རང་བཞིན་ལྡན་པའི་ཕྱིའི་དཀའ་ངལ་སེལ་ཏེ་སྔོན་དཔག་གི་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས།

འདོད་བློ་ནི་མིའི་འདུ་ཤེས་ཀྱི་བྱ་འགུལ་ནང་རང་འགུལ་ལྡན་པ་དང་། དམིགས་ཡུལ་ཡོད་པའི་རང་སྟོབས་ཀྱི་ནུས་པ་ཞིག་རེད། མིའི་འདོད་བློའི་ནུས་པ་ཁས་མི་ལེན་པར་མིའི་བྱ་འགུལ་ཡོད་ཚད་ཚང་མ་ཕྱིའི་དངོས་བོ་ལ་བརྟེན་ནས་ཐག་བཅད་པའམ་ཡང་ན་མིའི་འདོད་བློ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྟེན་ནས་ཡོད་པ་དང་། འདོད་བློ་ནི་རང་དབང་ཤ་སྟག་ཡིན་པར་སྨྲ་བ་གཉིས་ཀ་ནོར་བ་རེད། འདོད་བློ་ནི་རང་དབང་ལྡན་ལ་རང་དབང་མེད་པ་ཞིག་ཀྱང་ཡིན། རང་དབང་ཅན་ཡིན་ཞེས་པ་ནི་ཆ་རྐྱེན་ངེས་ཅན་འོག་མི་རང་གི་འདོད་པ་ལྟར་རང་འགུལ་ངང་འགུལ་སྐྱོད་དང་ཚོད་འཛིན་བྱེད་ལ། ཐབས་གང་རུང་ངམ་རྣམ་པ་གང་རུང་ལ་བརྟེན་ནས་རང་འགུལ་ངང་འགུལ་སྐྱོད་དང་ཚོད་འཛིན་བྱེད་ལ། ཐབས་གང་རུང་ངམ་རྣམ་པ་གང་རུང་ལ་བརྟེན་ནས་བྱ་བ་དེ་སྒྲུབ་པར་གདམ་ག་བྱས་ཆོག རང་དབང་མེད་ཅེས་པ་ནི་མིའི་རེ་བ་མཐའ་དག་གམ་འགུལ་སྐྱོད་ཚང་མར་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་དགོས་པ་རེད། འདོད་བློ་བྱེད་ནུས་ཆེན་པོ་ལྡན་ཡང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་དགོས་པ་རེད། འདོད་བློ་ལ་བྱེད་ནུས་ཆེན་པོ་ལྡན་ཡང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་གཏན་ནས་འགལ་མི་རུང་ལ་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་ཡང་འཚམ་དགོས། མི་ཞིག་གི་ཚན་རིག་གི་ཤེས་བྱ་མང་པོ་ཁོང་དུ་ཆུད་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ངོས་འཛིན་དང་བེད་སྤྱོད་མཁས་པོ་ཡོད་ཚེ། ཕྱི་རོལ་ཡུལ་གྱི་དངོས་པོ་བསྒྱུར་བཀོད་གཏོང་བ་ལ་དེ་ལས་རང་འགུལ་ལྡན་པ་དང་རང་དབང་ཡོད་པར་འགྱུར་ངེས།

3 འབྲེལ་བ།

གཅིག འདོད་བློ་དང་ཤེས་རྟོགས་ཀྱི་འབྲེལ་བ།

1 ཤེས་རྟོགས་ནི་འདོད་བློའི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན། དེའི་རྒྱུ་མཚན་ནི། ཐོག་མར་འདོད་བློའི་བྱ་སྤྱོད་ཁྲོད་ཀྱི་རང་འགུལ་ལྡན་པ་དང་དམིགས་ཡུལ་ཡོད་པ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ཤེས་རྟོགས་བྱེད་པའི་རྨང་གཞི་ཡིན། མི་རྣམས་ཀྱི་ཕྱི་རོལ་ཡུལ་གྱི་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་དང་། ཆོས་ཉིད་བེད་སྤྱད་ནས་འཇིག་རྟེན་ལ་བསྒྱར་བཀོད་བཏང་ནས་མིའི་དགོས་མཁོ་སྐོང་དུས་ད་གཟོད་རང་འགུལ་ངང་འགུལ་སྐྱོད་ཀྱི་དམིགས་ཡུལ་འདོན་ཐུབ། བར་དུ་དམིགས་ཡུལ་མངོན་འགྱུར་ཡོང་བར་མཁོ་བའི་འཆར་འགོད་དང་འགུལ་སྐྱོད་བྱ་ཐབས་སོགས་འགོད་ཐུབ། འདི་དག་ཚང་མ་ནན་ཏན་གྱིས་བསམ་གཞིགས་བཏང་བའམ་རྟོག་དཔྱོད་གཏོང་བ་བཅས་ལས་བྱ་བ་དེའི་མཇུག་འབྲས་སྔོན་དཔག་བྱེད་ཐུབ། མཐའ་མར་འདོད་བློའི་བྱ་སྤྱོད་ཁྲོད་རྒྱུན་པར་ཤེས་རྟོག་གི་བརྒྱུད་རིམ་ལ་འགྱུར་བ་ཡོང་སྲིད་པ་གཟབ་ནན་ངང་དེ་བསྟུན་ལྟར་རང་ཉིད་ཀྱི་འགུལ་སྐྱོད་ལ་སྙོམས་སྒྲིག་བྱེད་དགོས།

2 འདོད་བློས་མིའི་ཤེས་རྟོགས་ལ་ཤུགས་རྐྱེན་གཏོང་སྲིད། ཐོག་མར། མངོན་སུམ་གྱི་ཤེས་པ་ནས་རྗེས་དཔག་གི་ཤེས་པ་ལ་འཕོ་བར་ངེས་པར་རང་ཉིད་ཀྱི་སློབ་སྦྱོང་དང་། སློབ་སྦྱོང་གི་བརྒྱུད་རིམ་ལ་ཚོད་འཛིན་གང་ལེགས་བྱས་ནས་ནན་ཏན་གྱིས་ལག་ལེན་བྱས་ན། ད་གཟོད་དམིགས་ཡུལ་མངོན་འགྱུར་ཡོང་ཐུབ། འདི་ནི་འདོད་བློའི་བརྒྱུད་རིམ་རེད། བར་དུ། མི་རྣམས་ཀྱིས་རྗེས་དཔག་གི་ཤེས་པ་བེད་སྤྱད་ནས་འཇིག་རྟེན་ལ་བསྒྱུར་བཀོད་གཏོང་བའི་ལག་ལེན་ཡང་ཧ་ཅང་རྙོག་འཛིང་ལྡན་པའི་བརྒྱུད་རིམ་ཞིག་ཡིན་པས་དེར་དཔའ་མཛངས་གཉིས་ཀ་ལྡན་དགོས། མི་ལ་འདོད་བློ་མེད་ན་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤེས་རྟོགས་ཡང་ཡོད་མི་སྲིད། དེ་བས། འདོད་བློ་ཤུགས་དྲག་ལྡན་པ་དཔེར་ན། རང་འགུལ་དང་། ཆོད་སེམས། འགུགས་ཤུགས་སོགས་ཀྱིས་མི་དེའི་ཤེས་རྟོགས་ནུས་པ་གོང་འཕེལ་གཏོང་ཐུབ། ཕན་མེད་ཀྱི་འདོད་པ་སྟེ། དམིགས་ཡུལ་མེད་པ་དང་། སྒེར་གཅོད་ཆེ་བ། མཁྲེགས་འཛིན་བཅས་ཀྱིས་མིའི་ཤེས་རྟོགས་ཀྱི་ནུས་པ་གོང་འཕེལ་ཡོང་བར་བཀག་འགོག་ཐེབས་སྲིད།

གཉིས། འདོད་བློ་དང་ཡིད་འགྱུར་གྱི་འབྲེལ་བ།

1 ཡིད་འགྱུར་ནི་འདོད་བློའི་བྱ་སྤྱོད་ཀྱི་སྒུལ་ཤུགས་སུ་འགྱུར་སྲིད་ལ་འགོག་ཤུགས་སུའང་འགྱུར་སྲིད། ཤུགས་དྲག་པའི་ཡིད་འགྱུར་གྱིས་མིའི་འདོད་བློའི་བྱ་སྤྱོད་ལ་སྒུལ་ཤུགས་དང་རྒྱབ་སྐྱོར་བྱེད་ལ། ཡིད་འགྱུར་ངན་པས་མིའི་འདོད་བློའི་བྱ་སྤྱོད་ལ་བཀག་འགོག་དང་བར་ཆད་བྱེད་ངེས། ཆོད་སེམས་དང་ལྡན་པའི་འདོད་པ་དེ་ནམ་ཡང་ཤུགས་དྲག་པའི་ཡིད་འགྱུར་དང་འགྲོགས་ནས་ཡོད། དེས་དམིགས་ཡུལ་མ་འགྲུབ་བར་དུ་ཤ་འབད་རུས་འབད་བྱེད་ལ། མི་ཞིག་ལ་དམིགས་ཡུལ་ངེས་གཏན་མེད་པ་དང་ཤུགས་དྲག་པའི་ཡིད་འགྱུར་མེད། མི་དེ་དཀའ་ངལ་གྱི་མདུན་ནས་ཐེ་ཚོམ་ཟ་བ་དང་། ཕྱིར་བསྣུར་བྱེད་པ། ཐ་ན་སྐེད་ནས་དམིགས་ཡུལ་འདོར་བ་སོགས་བྱས་ནས་རང་གི་འདོད་པ་མེད་བརླག་ཏུ་གཏོང་སྲིད། སྤྱིར་ཤུགས་དྲག་པའི་ཡིད་འགྱུར་གྱིས་བྱ་བ་གང་འགྲུབ་པར་བྱེད་ཐུབ་ལ། སྤྲོ་སེམས་ལྡན་ན་མིའི་བློ་སྟོབས་སྐྱེད་ཐུ།

2 འདོད་བློས་མིའི་ཡིད་འགྱུར་ལ་ཤུགས་རྐྱེན་གཏོང་སྲིད་ལ་སྙོམས་སྒྲིག་ཡང་བྱེད། འདོད་བློས་མིའི་ཡིད་འགྱུར་དང་སྤྲོ་སེམས་འཕེལ་བར་བྱས་ནས་མི་རྣམས་དགའ་སྤྲོས་ངང་བྱ་བ་དེར་འཇུག་པར་བྱེད་ལ། སྔར་ལས་ལྷག་པའི་རྒྱལ་ཁ་ཐོབ་པར་བྱེད་ཐུབ། འདོད་བློའི་མིའི་ཡིད་འགྱུར་ལ་གནོད་པའང་གཏོང་སྲིད། དེ་བས། ང་ཚོའི་རྒྱུན་པར་ཁོང་ཁྲོ་དང་བཅས་ཏེ་བྱ་བས་སྒྲུབ་མི་རུང་བ་དང་། སྡུག་བསྔལ་དེ་ནུས་ཤུགས་སུ་བསྒྱུར་དགོས་པར་བཤད་པ་ཚང་མ་ནི་འདོད་བློའི་མིའི་ཡིད་འགྱུར་ལ་ཁ་ལོ་བསྒྱུར་བའི་དཔེར་བརྗོད་ཡིན། འདོད་བློ་མེད་པའམ་ཞན་པའི་མི་དེས་རང་གི་ཡིད་འགྱུར་ལ་ཁ་ལོ་བསྒྱུར་མ་ཐུབ་པར་རྒྱུན་པར་ཕམ་ཁ་མྱོང་གི་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།