མཐོ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ།
མཐོ་འབྲིང་སློབ་མ་ནི་སྤྱིར་བཏང་དུ་ལོ15 . 16ནས17 . 18བར་ཡིན། ཏག་ཏག་ན་གཞོན་གྱི་དུས་འགོ་འམ་སློབ་ཞུགས་རྗེས་མའི་དུས་རིམ་ཡིན། དུས་རིམ་འདིའི་ནང་གི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ནི་ལུས་ཀྱི་སྐྱེ་འཕེལ་གཞི་ནས་སྨིན་ཡོད། གཏན་ཚིགས་ཀྱི་བསམ་གཞིགས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། སྤྲོ་སྣང་ལྡན་པའི་བརྩེ་སེམས་ཀྱི་འཚོ་བའི་ཕྱུག་པ། རང་ཉིད་ཤེས་རྟོགས་དེ་མྱུར་བར་འཕེལ་བ། རིམ་བཞིན་མི་ཚེའི་ལྟ་བ་ཆགས་པ། མི་ལ་ལས་ན་གཞོན་གྱི་དུས་ལ( སེམས་ཁམས་ངོ་བོའི་འོ་འཐུང་དུས་ཆད་ཀྱི་དུས)ཟེར་ལ། དེ་ལས་སེམས་ཁམས་ཀྱི་སྟེང་ནས་ཕ་མའི་རེ་བ་དང་བྲལ་ཏེ་རང་སྟོབས་རང་སྤེལ་གྱི་དུས་རིམ་ཡིན། མཐོ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕྱོགས་གཞན་ཞིག་གི་མངོན་གསལ་གྱི་ཁྱད་ཆོས་ནི་བཀག་རྒྱ་ཅན་ཡིན། སྤྱིར་བཏང་དུ་བྱིས་པའི་བློ་རིག་གསལ་བའི་སྒོ་མོ་ཕྱེ་ཡོད་དེ། ཁོ་ཚོའི་དགའ་བ་དང་། ཁྲོ་བ། སྤྲོ་བ་སོགས་ཡོད་ཚད་ཁོ་ནས་མངོན་ལ། ཁོ་ཚོའི་བསམ་བློ་ཡོད་ཚད་ཁ་ན་ཡོད། མཐོ་འབྲིང་སློབ་མ་ནི་དེ་ལས་མི་འདྲ་སྟེ། ཁོ་ཚོའི་བློ་རིག་གི་སྒོ་མོ་དེ་གཏན་པའི་འགོ་བརྩམས་འདུག(ལྐོག་གྱུར་གྱི་སེམས་ཁམས)ཐོག་མར་བྱུང་ཞིང་། ཧུར་བརྩོན་གྱིས་གསང་བའི་ཚུལ་དུ་འཇོག་པ། ཁོ་ཚོའི་རེ་བ་ཡིན་ལ་རང་ཉིད་ལ་ཁང་བ་ཡོད་པ་དང་། རང་ཉིད་ལ་འཐེན་སྒམ་དང་དེ་དག་གི་ཟྭ་ཡང་ཡོད་པར་བསམ། ཁོ་ཚོའི་ཁེར་རྐྱང་གི་སེམས་ཁམས་དང་རེ་སྙེག་ལ་(སེམས་ཁམས་གཅིག་མཐུན་རང་བཞིན)གྱི་མཛའ་བརྩེ་མངོན་པ། ཡོད་ཚད་སྒོ་གཏན་སེམས་ཁམས་དང་འབྲེལ་བ་ཡོད། མཐོ་འབྲིང་སློབ་མའི་སེམས་ཁམས་ཀྱི་སྒོ་གཏན་རང་བཞིན་གྱི་མཐོ་འབྲིང་སློབ་མར་རྒྱུས་ལོན་བྱེད་པ་དང་མཐོ་འབྲིང་སློབ་མར་སློབ་གསོ་གཏོང་བར་དཀའ་ངལ་ཆེན་པོ་བཟོས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高中生心理发展趋势
ཕྱི་ཡིག་གི་མིང་།
Psychological development trend of senior high school students
1 མཐོ་འབྲིང་སློབ་མའི་བསམ་གཞིགས་འཕེལ་ཚུལ་གྱི་ཁྱད་ཆོས།

གཅིག གཞུང་ལུགས་ཀྱི་བསམ་གཞིགས་གོང་འཕེལ་བྱུང་བ། དམའ་འབྲིང་སློབ་མའི་གཏན་ཚིགས་དང་མཐུན་པའི་བསམ་བློ་གཏོང་བ་དེ་ཏག་ཏག་ཉམས་མྱོང་རང་བཞིན་དང་གཞུང་ལུགས་རང་བཞིན་ལས་གོང་འཕེལ་བྱུང་ཞིང་། འོན་ཀྱང་ཉམས་མྱོང་གི་བསམ་བློའི་འཕེལ་ཕྱོགས་ཀྱི་ཁྱད་ཆོས་མི་དམན་པ་བཟུང་ཡོད། གཞུང་ལུགས་ཀྱི་བསམ་གཞིགས་གོང་འཕེལ་ཅུང་དལ། དམའ་འབྲིང་སློབ་མའི་བསམ་གཞིགས་ཀྱི་འཕེལ་ཕྱོགས་དེ་ཚད་ངེས་ཅན་གྱི་སྟེང་ནས་ཉམས་མྱོང་གི་རྒྱུ་ཆར་བརྟེན་དགོས་ལ། དེ་ལས་གཞུང་ལུགས་ཀྱི་སྟེང་ནས་དེ་འདྲ་འདེད་མི་ནུས། མཐོ་འབྲིང་དུ་ཐོན་པ་ན། སློབ་མའི་གཏན་ཚིགས་དང་མཐུན་པའི་བསམ་བློ་གཏོང་སྟངས་དེ་མངོན་གསལ་གྱིས་ཉམས་མྱོང་ཅན་གྱི་ཆུ་ཚད་ནས་གཞུང་ལུགས་ཅན་ཀྱི་ཆུ་ཚད་དུ་བརྒལ། སེམས་ཁམས་རིག་པའི་ཞིབ་འཇུག་ལྟར་ན། མཐོ་འབྲིང་སློབ་མར་ངེས་གཏན་རང་བཞིན་གྱི་སྤྱི་མཐུན་རགས་བསྡུས་ཀྱི་ནུས་ཤུགས་ལྡན། མཐོ་འབྲིང་དུ་ཐོན་པའི་རྗེས་ནས་བཟུང་གཏན་ཚིགས་དང་མཐུན་པའི་བསམ་གཞིགས་ཀྱི་ནུས་པ་རང་རིམ་བཞིན་འཕེལ་རྒྱས་བྱུང་བའི་འགོ་བརྩམས་པ་ཡིན། ཁོ་ཚོའི་ཚད་མའི་ནང་གི་གཞི་རྩའི་གཞུང་ལུགས་འདྲེན་ཐུབ་ལ། དེ་ལས་གོམ་གང་མདུན་སྤོས་ཀྱིས་རྩོད་སྒྲུབ་ཀྱི་རིགས་པས་འབྲེལ་ཡོད་གནད་དོན་ལ་དབྱེ་ཞིབ་བྱེད་ཐུབ། དེ་ལས་མཐོ་འབྲིང་སློབ་མའི་གཞུང་ལུགས་ཀྱི་བསམ་བློ་ལ་ཅུང་བཟང་བའི་འཕེལ་རྒྱས་ཡོད་ལ། ཁོ་ཚོའི་ཉམས་མྱོང་སྣ་ཚོགས་ཀྱི་རྒྱུ་ཆ་དེ་གཞུང་ལུགས་དུ་སྦྲེལ་ཐུབ་ལ། ཆོས་ཉིད་ངོ་བོ་རགས་བསྡུས། དེ་ལས་གཞུང་ལུགས་ཀྱིས་རྒྱུ་ཆ་སྣ་ཚོགས་གཅིག་ཏུ་སྦྲེལ་ཞིང་། གཞུང་ལུགས་ཀྱི་མཛུབ་སྟོན་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱིས་ཤེས་ཡོན་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་། དེ་ལས་མཐོ་འབྲིང་སློབ་མའི་གཞུང་ལུགས་ཀྱི་བསམ་བློ་འཕེལ་རྒྱས་སོང་བ་བསྟུན་ནས་ཁོ་ཚོའི་གཞུང་ལུགས་ངོས་ཟིན་ལ་ཧ་ཅང་ཡིད་འཇོག་བྱེད་ལ། གཞུང་ལུགས་ལ་དགའ་བ། གཞུང་ལུགས་རྩད་ཞིབ་བྱེད་པར་མོས་པ། རྒྱུན་དུ་གཞུང་ལུགས་བསམ་བློའི་དྲག་ཆས་ལས་འཇིག་རྟེན་ལ་ངོས་ཟིན་བྱེད་པ། སྤྱི་ཚོགས་ལ་ངོས་ཟིན་བྱེད་པ། མི་ཚེ་ལ་ངོས་ཟིན་བྱེད་པ། མཐོ་འབྲིང་སློབ་མ་རེ་རེ་ནི་ཕལ་ཆེར(བསམ་གཞིགས་པ་དང་།)(གཞུང་ལུགས་པ)དེ་ལས་གཞུང་ལུགས་ཀྱིས་མི་འདང་བ་དང་། གཏིང་མི་ཟབ་པའི་སློབ་གསོ་ལས་ཁོ་ཚོ་དེ་འདྲ་ཡིད་མི་མགུའོ།། དུས་རབས་ཀྱི་གོམ་འགྲོས། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། རིག་གནས་སྣ་མང་བྱུང་བ་བསྟུན་ནས། དེང་དུས་ཀྱི་མཐོ་འབྲིང་སློབ་མར་དེ་ལས་མང་བའི་བསམ་བློའི་ངོས་ཟིན་གྱི་གནད་བྱུང་ཞིང་དེར་སློབ་གསོ་བ་སོང་ནས་ཐག་གཅོད་བྱེད་བཞིན་ཡོད། ཁོ་ཚོར་སྐབས་ལན་རེར་བསམ་ཡུལ་ལས་འདས་པའི་སྣང་བ་སྟེར་ལ། ཧ་ཅང་མག་མོག་གི་ཚིག་འགྲེལ་ལ་ལན་འདེབས་དུ་འཇུག་པ་དང་། ཞོར་དུ་དཀའ་ཁག་མི་ཉུང་བར་ཡང་འཕྲད་དུ་འཇུག དོན་དངོས་སུ་ཁོ་ཚོ་རང་ཉིད་ཀྱང་ངེས་པར་ལྟ་བ་འདི་ལ་ཡིད་ཆེས་ཡོད་དེ། འོན་ཀྱང་ཁོ་ཚོ་ལྟ་བ་འདི་དག་གིས་མགོ་འཐོམ་དུ་བཅུག ཁོ་ཚོའི་སློབ་གསོའི་ངེས་པར(གནད་ལུགས་དང་བསྟུན)པར་འདུག དེ་ལས་གཞུང་ལུགས་སྟེང་གི་རྩ་བའི་རང་བཞིན་ལས་གཞུང་ལུགས་སྟེང་ནས་ཁོ་ཚོར་གོ་སྐོན་བློ་འགུག་ཐུབ་པ། སྤྱིར་གཞུང་ལུགས་སྟེང་གི་རྒྱལ་ཁ་མེད་ན་མཐོ་འབྲིང་སློབ་མའི་སློབ་གསོ་ཡང་ཡོད་མི་སྲིད་དོ།།

2 མཐོ་འབྲིང་སློབ་མའི་རང་ཉིད་འདུ་ཤེས་འཕེལ་ཚུལ་གྱི་ཁྱད་ཆོས་གཙོ་བོ།

གཅིག མཐོ་འབྲིང་སློབ་མའི་གཏིང་ཟབ་སྒོས་རང་ཉིད་ལ་རྒྱུས་ལོན་བྱེད་དགོས།

རང་ཉིད་འདུ་ཤེས་འཕེལ་རྒྱས་ལ་རྒྱུད་རིམ་ཞིག་ཡོད་དེ། སློབ་ཆུང་གི་སྐབས་སུ་རང་ཉིད་ཀྱི་འདུ་ཤེས་ལ་དེ་འདྲའི་གསལ་ཆ་མེད་པས་རྒྱུན་དུ་རང་ཉིད་ཀྱི་སེམས་ཁམས་དང་དྲན་ཚུལ། རང་གཤིས་ལ་ཤེས་རྟོགས་ཅུང་ཙམ་ལས་བྱུང་མེད། དམའ་འབྲིང་གི་སྐབས་སུ་རང་ཉིད་ལ་དབྱེ་ཞིབ་དང་ཤེས་རྟོགས། གདེང་འཇོག་བྱེད་པའི་སྤྲོ་སྣང་ཇེ་ཆེར་འགྲོ་བ་རེད། མཐོ་འབྲིང་གི་སྐབས་སུ་དེ་ལས་ཀྱང་ཚད་ཇེ་མཐོར་སོང་ཡོད། དམའ་འབྲིང་སྐབས་དང་བསྡུར་ན་མཐོ་འབྲིང་སློབ་མས་རང་ཉིད་ཀྱི་ཤེས་རྟོགས་ལ་གོ་བ་ཟབ་མོ་བླངས་ཏེ་གནད་དོན་གང་མང་ལ་ཡང་བསམ་གཞིགས་བཏང་ནས་རང་ཉིད་མི་ཇི་ལྟ་བ་ཞིག་ཡིན་པ་ཤེས་འདོད་ཧ་ཅང་ཆེ། མཐོ་འབྲིང་སློབ་མའི་འདུ་ཤེས་འཕེལ་རྒྱས་སུ་སོང་བ་དེས་ཁོ་ཚོར་འདི་ལྟ་བུའི་དོགས་གཞི་ཞིག་ཡོད་དེ། ང་རང་དོན་དངོས་སུ་མི་ཇི་ལྟ་བུ་ཞིག་ཡིན་ནམ། གཞན་གྱིས་ལྟ་ཚུལ་གང་འདྲ་ཞིག་འཛིན་བཞིན་ཡོད་དམ། ངའི་སྐྱེས་གཟུགས་ཇི་ལྟ་བུ་ཞིག་ཡིན་ནམ། ངའི་ཇི་ལྟར་བྱེད་དགོས་སམ། འདི་ལྟ་བུའི་དོགས་གཞི་དང་མྱོང་ཚོར་གང་མང་ཞིག་རྒྱུན་དུ་ཁོ་ཚོས་བྲིས་པའི་ཉིན་ཐོའི་ནང་དུའང་མཐོང་ཐུབ་པ་རེད། ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན་སློབ་མ་མོ་ནི་ཕོ་ལས་སྔ་མོ་ནས་ཉིན་ཐོ་འབྲི་བར་གོམས་ཡོད། དེ་ནི་ཕལ་ཆེར་སློབ་མ་མོ་ནི་ཕོ་ལས་བསམ་ཤེས་པར་འབྲེལ་བ་ཡོད་ལས་ཆེ། མཐོ་འབྲིང་སློབ་མའི་ནང་སེམས་ཀྱི་དྲན་ཚུལ་དང་འདོད་ཚུལ་གང་མང་ཞིག་སེམས་ཀྱི་བཀག་རྒྱའི་དབང་གིས་རྒྱུན་དུ་མི་གཞན་ལ་ཤེས་སུ་མི་འཇུག་པར་རང་ཉིད་ཀྱིས་བསམ་གཞིགས་དང་ཡང་ན་གསང་བ་ཞིག་ཏུ་འཇོག་པར་གོམས་ཡོད། མཐོ་འབྲིང་སློབ་མ་ནི་དམའ་འབྲིང་སློབ་མ་དང་བསྡུར་ན་རང་ཉིད་ལ་སེམས་ཁུར་སེམས་ཁུར་བྱེད་པའི་ཚད་དེ་ཅུང་མཐོ་བ་ཡིན། དེའི་རྐྱེན་གྱིས་ཕྱིའི་རྒྱུ་རྐྱེན་ལ་བརྟེན་ནས་རང་གི་སྤྱོད་སྟངས་ལ་མཉམ་འཇོག་མང་པོ་བྱེད་པ་རེད། སློབ་མ་ཕོ་མོ་ལ་ལས་རང་ཉིད་ཀྱི་སྐྱེས་ཁམས་སྟེང་གནས་པའི་ནད་གཞི་སོགས་ཡོད་པ་ཤེས་ཚེ་སེམས་ཁམས་མི་བདེ་བ་རེད། ན་གཞོན་ཞིག་ཡིན་ཚེ་རང་ཉིད་ཀྱི་འདུ་ཤེས་ཀྱིས་ཕྱིའི་རྒྱན་ཆ་དང་གྱོན་གོས་སོགས་ཀྱི་ཐད་ལའང་མཉམ་འཇོག་བྱེད་ངེས། སློབ་ཆུང་དང་དམའ་འབྲིང་སློབ་མའི་མེ་ལོང་དུ་ལྟ་བ་ཅུང་ཉུང་མོད་མཐོ་འབྲིང་སློབ་མའི་ཉིན་ཕྱེད་ཀྱི་རིང་ལ་མེ་ལོང་དུ་ལྟ་བའི་སྣང་ཚུལ་འབྱུང་བ་རེད། མཐོ་འབྲིང་སློབ་མའི་མཛེས་པར་དོ་སྣང་བྱེད་པའི་ཁྱད་ཆོས་འདི་གཞིར་བཟུང་ནས་ཁོ་ཚོའི་མཛེས་དཔྱོད་ཀྱི་སློབ་གསོའི་ལྟ་བར་ཤུགས་སྣོན་དགོས། དཔེར་ན། མཛེས་མ་མིན་པའི་བུ་མོ་ཞིག་ལ་ཡག་དོད་ཚུལ་གྱི་སྟེང་ནས་མང་པོ་མི་གླེང་བར་གཙོ་བོ་རིག་གནས་ཀྱི་ཕྱོགས་ལ་ཧུར་བརྩོན་བྱེད་པའི་སློབ་གསོ་གཏོང་དགོས། དེའི་བྱེད་ཐབས་ནི་ཕྱིའི་མི་མཛེས་པའི་ཆ་དེ་རིག་གནས་ཀྱིས་རྒྱན་སྤྲས་པ་ཡིན། གལ་ཏེ་དངོས་གནས་བསྒྱུར་ཐབས་མེད་པའི་རིགས་ཏེ། དཔེར་ན། གཟུགས་ཐུང་ཞིང་ཕྱིའི་མི་ལེགས་པའི་ཆ་དེ་ནམ་ཡང་བསྒྱུར་ཐབས་མེད་པ་ཞིག་ཡིན་ཕྱིར་ཕྱོགས་གཞན་ནས་ཧུར་བརྩོན་བྱེད་པར་སློབ་གསོ་དང་སྐུལ་མ་བཏང་ནས་མི་ཞིག་གི་ཡོན་ཏན་ནི་གཟུགས་ཀྱི་ཆེ་ཆུང་དང་ཡག་མོ་སྒོ་ལ་འབྲེལ་བ་མེད་པ་ཤེས་རྟོགས་བྱེད་དུ་འཇུག་དགོས། ཚང་མས་ཤེས་གསལ་ལྟར་སྐྱེས་བུ་དམ་པ་གང་མང་ཞིག་གིས་ནང་གི་ཡོན་ཚད་དེ་ཕྱིའི་གཟུགས་ལས་ཧ་ཅང་མཐོང་ཆེན་བྱེད་པ་རེད། དེ་བས་ཁོ་ཚོའི་བྱས་རྗེས་ནི་མིའི་རིགས་ཀྱིས་ཁས་ལེན་ཐོབ་ཅིང་ནམ་ཡང་བསུབ་ཐབས་མེད་པ་རེད།

གཉིས། མཐོ་འབྲིང་སློབ་མའི་རང་ཉིད་ངེས་ཟིན་གྱི་ནུས་པ་ཇེ་མཐོར་གཏོང་དགོས། མཐོ་འབྲིང་གི་སྐབས་ནས། རང་ཉིད་ལ་ངེས་ཟིན་གྱི་ནུས་པ་ཇེ་མཐོར་སོང་ཡོད་པ་དེ་ཕྱི་རོལ་ཆོས་ཉིད་དང་ཁྱོན་ཡོངས་ནས་བསམ་བློ་གཏོང་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

1 ཁོ་ཚོའི་རང་ཉིད་ལ་ངོས་ཟིན་བྱེད་ཐུབ་པ།

སློབ་ཆུང་སློབ་མའི་གཙོ་བོ་མི་གཞན་གྱིས་རང་ཉིད་ལ་ངེས་ཟིན་བྱས་པར་གཙིགས་འཛིན་བྱེད་ཅིང་དམའ་འབྲིང་གི་སྐབས་སུའང་ཕལ་ཆེར་དེ་དང་གཅིག་མཚུངས་ཡིན་མོད་མཐོ་འབྲིང་གི་སྐབས་སུ་གཙོ་བོ་རང་ཉིད་ཀྱིས་རང་ཉིད་ལ་ངེས་ཟིན་བྱེད་པའི་འགོ་ཚུགས་པ་རེད།

2 ཁོ་ཚོའི་ཕྱོགས་ཡོངས་ནས་རང་ཉིད་ལ་ངེས་ཟིན་བྱེད་ཐུབ། དམའ་འབྲིང་སློབ་མར་ཕྱོགས་ཡོངས་ནས་ངེས་ཟིན་བྱེད་པའི་བསམ་བློ་མེད་ཅིང་ཁྱད་ཆོས་དང་རང་གཤིས་གཉིས་མཉམ་དུ་སྦྲེལ་ནས་དབྱེ་ཞིབ་བྱེད་པའི་ནུས་པ་མེད། གཙོ་བོ་ཕྱོགས་གཅིག་ལ་མ་གཏོགས་བསམ་བློ་མི་གཏོང་བ་རེད། མཐོ་འབྲིང་གི་སྐབས་སུ་ཀུན་སྤྱོད། ཤེས་རིག ལུས་ཕུང་སོགས་ཕྱོགས་ཡོངས་ནས་ངེས་ཟིན་བྱེད་པའི་བསམ་བློ་འབྱུང་བ་རེད།

3 མཐོ་འབྲིང་སློབ་མར་རང་གཞན་གཉིས་ལ་བསམ་བློ་གཏོང་བའི་ནུས་པ་ཡོད། ཞིབ་འཇུག་བྱས་པ་ལས་མཐོ་འབྲིང་སློབ་མས་རང་ཉིད་ཀྱི་ཁྱད་ཆོས་དང་མི་འདང་སར་བསམ་བློ་གཏོང་མཁན93%ལས་མེད་ལ་ངེས་པར་དུ་རང་ཉིད་ཀྱི་འདུ་ཤེས་ངོས་ཟིན་བྱེད་པའི་ཆ་དེ་ཕྱོགས་ཡོངས་ནས་ཆ་ཚང་བ་ཞིག་མ་ཡིན། སྤྱིར་བཏང་དུ་ཕྱོགས་ཡོངས་ནས་གཏིང་ཟབ་པའི་ཆུ་ཚད་ཅིག་ལ་ཐོན་མེད། མཐོ་འབྲིང་སློབ་མའི་རང་ཉིད་ལ་འདུ་ཤེས་ཀྱི་འཕེལ་རྒྱས་ནི་མཐོ་འབྲིང་སློབ་མའི་རང་གཤིས་འཕེལ་རྒྱས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ལ། དེ་ནི་རང་རྟོགས་འཕེལ་ཞིང་རང་ཉིད་ཀྱི་སློབ་གསོའི་སྔོན་འགྲོ་ཡིན། དགེ་རྒན་དང་ཕ་མས་ན་གཞོན་རྣམས་ཀྱི་རང་ཉིད་འདུ་ཤེས་འཕེལ་རྒྱས་ལ་སེམས་ཁུར་བྱེད་དགོས་ལ། ཁོ་ཚོར་དེ་ལས་ལྷག་པའི་སྒོ་ནས་རང་ཉིད་རང་རྟོགས་བྱེད་པ་དང་། རང་ཉིད་རྒྱུས་ལོན། རང་ཉིད་མངོན་ཤེས། ཁོ་ཚོ་རང་ཉིད་ལ་དབྱེ་ཞིབ་བྱེད་པར་སྐྱེད་སྲིང་བྱེད་དུ་འཇུག་པ། རང་ཉིད་གདེང་འཇོག་བྱེད་པའི་ནུས་ཤུགས་སོགས་སྐྱེད་སྲིང་བྱེད་པར་རོགས་རམ་བྱེད་དགོས། གལ་ཏེ་ན་གཞོན་ཞིག་གིས་རང་ཉིད་ཅི་འདྲ་ཞིག་ཡིན་པ་མ་ཤེས་པ་དང་། སེམས་ན་མེད་པ། རང་ཉིད་ཀྱི་རང་གཤིས་སེམས་ཁམས་དང་ཀུན་སྤྱོད་སོགས་ལ་བསམ་བློ་མི་གཏོང་བ། ཁོའི་རང་ཉིད་ཀྱི་བྱ་སྤྱོད་ལ་རང་རྟོགས་ཀྱིས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་མི་སྲིད། ཚོད་འཛིན་རིག་པའི་ང་ཚོར་བཤད་པར། ཚོད་འཛིན་གང་ཞིག་ཡིན་ཡང་ཚང་མར་རང་ཉིད་ཀྱིི་གནས་ཚུལ་མཁོ་ལ། རང་ཉིད་ཚོད་འཛིན་ལ་ངེས་པར་དུ་རང་ཉིད་ཀྱི་གནས་ཚུལ་ལས་ཤེས་དགོས་པ་དང་། གལ་ཏེ་རང་ཉིད་ཀྱི་གནས་ཚུལ་ཤེས་མ་ཐུབ་ཚེ་རང་ཉིད་ཀྱི་སྙོམས་སྒྲིག་དང་ཚོད་འཛིན་གླེང་ཐབས་མེད། དེས་རྐྱེན་གྱིས་རང་ཉིད་ཤེས་རྟོགས་འཕེལ་རྒྱས་ཀྱི་མཐོ་ཚད་ནི་རང་ཉིད་ཀྱི་རང་ལ་སློབ་གསོ་གཏོང་བའི་སྔོན་འགྲོའི་གལ་ཆེན་རང་བཞིན་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།