རིག་ལྡན་རྩིས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་ལྡན་རྩིས་འཁོར་ནི་འགུལ་རྣམ་འཕེལ་རྒྱས་ཀྱི་དོན་སྤྱི་ཞིག་ཏུ་གྱུར་ཡོད་ལ། དེ་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་སྐུལ་འདེད་བྱེད་པའི་རྩིས་འཁོར་ལག་རྩལ་གྱི་འཐབ་ས་མདུན་མ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
智能计算机
ཕྱི་ཡིག་གི་མིང་།
intelligent computers
ཐོབ་ཐང་།
འགུལ་རྣམ་འཕེལ་རྒྱས་ཀྱི་དོན་སྤྱི་ཞིག
བྱེད་ནུས།
ཆ་འཕྲིན་འབོར་ཆེན་ཞིག་གསོག་འཇོག་བྱེད་ཐུབ་།
1 གོ་དོན།

རིག་ལྡན་རྩིས་འཁོར་ལ་ལས་མཁོའི་དཔེ་དེབ་ནང་འགྲེལ་བཤད་བྱས་པ་ནི།

ཆ་འཕྲིན་དང་ཤེས་བྱ་འབོར་ཆེན་གསོག་ཉར་བྱེད་པ་དང་། རིགས་འདེད(རྣམ་འབྱེད་དང་ཕྱོགས་བསྡུས)དང་། སློབ་སྦྱོང་བྱེད་ནུས་ལྡན་པ། རང་བྱུང་སྐད་བརྡ་དང་ཡི་གེ སྒྲ་དང་རིས་དབྱིབས། བརྙན་རིས་དང་མི་ལ་ཆ་འཕྲིན་དང་ཤེས་བྱ་བརྗེ་རེས་བྱེད་པའི་ཧྥེང་ནོ་དབྱི་ མན(John.VonNeumann)གྲུབ་ཚུལ་མ་ཡིན་པའི་སྤྱི་སྤྱོད་མྱུར་བགྲོད་གཤིབ་བགྲོད་ སྒྲིག་གཅོད་ཀྱི་རྩིས་འཁོར་ཞིག་དང་། དེང་རབས་རྩིས་འཁོར་ལག་རྩལ་དང་འཕྲིན་གཏོང་ལག་རྩལ། མིས་བཟོས་རིག་སྟོབས་དང་སྐྱེ་དངོས་དཔེ་འགྲེའི་རིག་པ་ཟུང་འབྲེལ་དམ་པོ་བྱས་ནས། ཤེས་བྱའི་ཐག་གཅོད་ལ་མཁོ་འདོན་བྱས་པའི་ལག་ཆ་ཞིག་ཡིན།

རིག་ལྡན་རྩིས་འཁོར་ལ་རིག་གཞུང་ཚད་ལྡན་ཡིག་ཆའི་ནང་འགྲེལ་བཤད་བྱས་ཡོད་པ་ནི།

(1)རིག་ལྡན་རྩིས་འཁོར་ཞེས་པ་ནི་ལད་ཟློས་ཐུབ་པ་དང། སྣུར་སྲིང་དང་རྒྱ་སྐྱེད། མིའི་རིགས་ཀྱི་རིག་པ་ལྡན་པའི་རྩིས་འཁོར་གསར་པ་ཞིག་རེད། དེ་མིག་སྔར་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པའི་ཧྥེང་ནོ་དབྱི་མན་ཅན་གྱི་རྩིས་ འཁོར་མ་ལག་གྲུབ་ཚུལ་དང་ཡང་ན་ལས་ཀ་བྱེད་སྟངས་དང་། བྱེད་ནུས་སོགས་ཀྱི་སྟེང་མི་འདྲ་ས་ཧ་ཅང་ཆེན་པོ་ཡོད།

(2)ལོ་རབས་བརྒྱད་ཅུ་པར་སླེབས་པ་ནས་བཟུང་རི་པིན། ཨ་རི་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རྩིས་འཁོར་རིམ་པ་ལྔ་པར་ཞིབ་འཇུག་དང་ གསར་བཟོ་བྱེད་པའི་ལས་འགོ་བརྩམས་ཏེ་དེ་ལ་རིག་ལྡན་རྩིས་འཁོར་ཞེས་ཀྱང་ཟེར་ལ། དེས་མངོན་གསལ་དོད་པོས། མིས་བཟོས་རིག་ལྡན་བྱེད་ཐབས་དང་ལག་རྩལ་གྱི་ནུས་པ་དེ་རྒྱུད་ཁོངས་ཇུས་འགོད་ ཁྲོད་ ཤེས་བྱའི་མཛོད་ཀྱི་དོ་དམ་རྒྱུད་ཁོངས་དང་རིགས་འདེད་འཕྲུལ་ཆས་བཟོ་སྐྲུན་ལ་ བསམ་གཞིགས་བྱས་ཡོད་པའི་དབང་གིས་འཕྲུལ་འཁོར་རང་ཉིད་ཀྱིས་གསོག་འཇོག་བྱས་ཡོད་ པའི་ཤེས་བྱར་གཞིགས་ནས་རིགས་འདེད་དང་བརྡར་གཅོད་བྱེད་ཐུབ་པ་རེད།

2 ཐབས་ལམ་གཙོ་བོ།

རྒྱལ་ཁབ་ཁག་གི་མཁས་དབང་ཚོས་རིག་ལྡན་རྩིས་འཁོར་གསར་བཟོ་ལ་ཡུན་རིང་འབད་བརྩོན་ལྷོད་ མེད་བྱས་པ་དང་། འོན་ཀྱང་ཡང་སྙིང་ཐབས་ལམ་གང་ཞིག་བརྒྱུད་ན་གཞི་ནས་རྩིས་འཁོར་རིག་ལྡན་ནམ་ཡང་ན་རིག་ལྡན་བྱ་སྤྱོད་ཅན་དུ་འགྱུར་བ་དེ། ད་དུང་ཐག་གཅོད་བྱེད་ཐུབ་མེད་པའི་གནད་དོན་ཞིག་རེད་། རགས་བསྡུས་བྱས་ན། གཤམ་གྱི་ཐབས་ལམ་གཙོ་བོ་འགའ་བཏོན་ཡོད་དེ། དེ་དག་སོ་སོ་ནི་ཤེས་རྟོགས་སེམས་ཁམས་རིག་པ། དབང་རྩ་སྐྱེ་ལུགས་རིག་པ། མིའི་རིགས་ཀྱི་སྤྱི་ཚོགས་དང་སྐྱེ་དངོས་འཕེལ་འགྱུར་སྨྲ་བ་ནི་ལད་ཟློས་ཀྱི་ རྨང་གཞི་བྱས་ཡོད།

(1)ཡིག་རྟགས་ཀྱི་ཐག་གཅོད་དང་ཤེས་བྱ་ཐག་གཅོད།

(2)མིས་བཟོས་དབང་རྩའི་དྲ་རྒྱ།

(3)བང་རིམ་ཅན་གྱི་རིག་སྟོབས་དང་སྤྱི་ཚོགས་དཔེ་དབྱིབས།

(4)སྐྱེ་དངོས་འཕེལ་འགྱུར་ལ་གཞིགས་པའི་རིག་ནུས་རྒྱུད་ཁོངས།

3 ཉེར་སྤྱོད་མདུན་ལམ།

རྩིས་འཁོར་རིག་ལྡན་ཅན་དུ་འགྱུར་རྒྱུ་ནི་དུས་རབས་ཉེར་གཅིག་པར་ཆ་འཕྲིན་ཐོན་ལས་ཀྱི་ འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་རེད། རིག་ལྡན་རྩིས་འཁོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མགྱོགས་མྱུར་ངང་ཆ་འཕྲིན་ཐོན་ལས་མཚོན་རྟགས་སུ་བྱས་པའི་བཟོ་ལས་གསར་བརྗེ་གསར་པ་ཞིག་རེད། རིག་ལྡན་རྩིས་འཁོར་གྱི་བེད་སྤྱོད་གྱིས་མིའི་རིག་སྟོབས་ཆེར་གཏོང་རྒྱུ་དང་། རང་བྱུང་ཐོན་ཁུངས་ཀྱི་བེད་སྤྱོད་ཉུང་དུ་གཏོང་བ། དེ་ལ་ནུས་ཚད་དང་རྒྱུ་ཆ་ཉུང་ཉུང་ཞིག་མ་གཏོགས་མི་དགོས་ཤིང་། དེའི་རིན་ཐང་ནི་གཙོ་བོ་ཤེས་བྱ་ཡོད་པ་དེ་རེད། ཕྱོགས་གཞན་ཞིག་ནས། རིག་ལྡན་རྩིས་འཁོར་གསར་བཟོ་ཡིས་མི་རྣམས་ཀྱིས་གཏིང་ཟབ་པའི་སྒོ་ནས་མིའི་རིགས་ཀྱི་རང་ཉིད་ཀྱི་རིག་ནུས་ལ་རྒྱུས་ལོན་བྱུང་བ་དང་། མཐར་རིག་ནུས་ཀྱི་ངོ་བོ་དང་གསང་བ་གསལ་སྟོན་བྱེད་པ་དེ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། སྲ་ཆས། གློག་ཀླད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།