ཆེད་ལས་ཀྱི་མིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རིག་ལག་རྩལ་དང་ཐོན་སྐྱེད་རྒྱུན་མི་ཆད་པར་གོང་དུ་འཕེལ་བ་དང་། སྤྱི་ཚོགས་ཀྱི་ལས་བགོས་ཉིན་རེ་ནས་ཉིན་རེར་ཇེ་ཞིབ་ཏུ་སོང་བས། མིང་གི་ཚོགས་པར་རིག་གཞུང་ཚན་ཁག་སོ་སོའམ་ལས་རིགས་སོ་སོའི་ཆེད་དུ་བཀོལ་བའི་མིང་ཚིག་མང་བོ་བྱུང་བ་རེད། མིང་ཚིག་དེ་དག་ཁ་ཤས་ནི་ཆེད་ལས་ཀྱི་མིང་ལྐོག་གྱུར་བ་ཡིན་པ་དང་། ཁ་ཤས་ནི་བྱེ་བྲག་པའི་དབྱེ་བ་ཧ་ཅང་ཞིབ་མོར་ཕྱེ་བའི་དངོས་པོའི་མིང་རེད། ང་ཚོས་མིང་དེ་དག་ལ་ཆེད་ལས་ཀྱི་མིང་ཟེར།
1 ངོ་སྤྲོད།          

ཆེད་ལས་ཀྱི་མིང་གིས་ཆེད་ལས་སོ་སོའི་དམིགས་བསལ་གྱི་དོན་སྤྱི་མཚོན་པ་རེད། དེར་བརྟེན་ཐུན་མོང་དུ་སྤྱོད་པའི་ཁྱབ་ཁོངས་ཚད་ཡོད་པ་དང་། བཀོལ་སྤྱོད་བྱེད་མཁན་ཅུང་ཙམ་ཉུང་བ་རེད།

ཆེད་ལས་ཀྱི་མིང་ནི་སྤྱིར་བཏང་དུ་མིང་གཅིག་ལ་དོན་གཅིག་ཡིན་ཞིང་། ཉམས་འགྱུར་ཡང་མེད། གལ་ཏེ་རིག་གཞུང་ཚན་ཁག་ཅིག་གི་ནང་དུ་ཚན་རིག་གི་ཆེད་མིང་གཅིག་ལ་འགྲེལ་བཤད་གཉིས་ཡོད་ན་མགོ་ཉོག་སླ་བ་རེད། མི་རྣམས་ཀྱིས་མགོ་ཉོག་པ་གཡོལ་ཐབས་བྱ་ཆེད། བཀོལ་སྤྱོད་ཀྱི་བརྒྱུད་རིམ་དུ་ཐབས་ཅི་ཡོད་ཀྱིས་དོན་རྐྱང་བར་བསྒྱུར་བ་རེད། ཡིན་ན་ཡང་ལས་རིགས་མི་འདྲ་བའི་ནང་མིང་ཞིག་གི་ཐོག་ནས་དོན་སྤྱི་མི་འདྲ་བ་མཚོན་ཐུབ།

ཆེད་ལས་ཀྱི་མིང་བྱུང་མ་ཐག་ཏུ་རང་ཉིད་ཀྱི་ལས་རིགས་ཁོ་ན་ཙམ་དུ་བེད་སྤྱོད་བྱེད་རུང་། མི་དམངས་ཀྱི་རིག་གནས་ཆུ་ཚད་མཐོ་རུ་སོང་བ་དང་། ཚན་རིག་ལག་རྩལ་ཁྱབ་གདལ་དུ་བཏང་བ་དང་བསྟུན་ནས་ཁྱབ་ཁོངས་གཞན་དག་ལ་བེད་སྤྱོད་ཀྱི་རྒྱ་ཆེ་རུ་འགྲོ་སྲིད།

ཆེད་ལས་ཀྱི་མིང་ནི་མིང་གི་ཚོགས་པའི་གྲུབ་ཆ་གལ་ཆེ་བ་ཞིག་ཡིན། སྐད་རིགས་ཤིག་ལ་ཆེད་ལས་ཀྱི་མིང་ཅི་ཙམ་འཛོམས་ན་སྐད་རིགས་དེ་བེད་སྤྱོད་བྱེད་པའི་མི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་ཆུ་ཚད་དེ་ཙམ་དར་རྒྱས་ཆེ་བའི་རྟགས་ཀྱང་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།