IP(དྲ་རྒྱའི་བར་གྱི་སྦྲེལ་རེས་བྱེད་པའི་གྲོས་མཐུན)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་བར་གྱི་སྦྲེལ་རེས་བྱེད་པའི་གྲོས་མཐུན་ནི་རྩིས་འཁོར་དྲ་རྒྱའི་ཕན་ཚུལ་འབྲེལ་མཐུད་འཕྲིན་གཏོང་ལ་ཇུས་འགོད་བྱས་པའི་གྲོས་མཐུན་ཡིན། དབྱིན་ཐེ་དྲ་རྒྱའི་ནང་དུ། དེ་ནི་དྲ་སྟེང་གི་རྩིས་འཁོར་དྲ་རྒྱས་ཕན་ཚུན་འཕྲིན་གཏོང་བྱེད་པ་མངོན་འགྱུར་བྱེད་པའི་སྒྲིག་སྲོལ་ཆ་ཚང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络之间互连的协议
ཕྱི་ཡིག་གི་མིང་།
Internet Protocol
རྒྱ་ཡིག་གི་བསྡུས་མིང་།
网络协议
ཕྱི་ཡིག་གི་བསྡུས་མིང་།
IP
རིགས་དབྱེ།
དྲ་རྒྱའི་ཐ་སྙད།
རྣམ་པ།
གོ་དོན།
1 མཚན་ཉིད།

དྲ་རྒྱའི་བར་གྱི་སྦྲེལ་རེས་བྱེད་པའི་གྲོས་མཐུན(IP)ནི་དབྱིན་སྐདInternet Protocolཡི་བསྡུས་འབྲི་ཡིན།

དྲ་རྒྱའི་བར་གྱི་སྦྲེལ་རེས་ཀྱི་གྲོས་མཐུན་ནི་རྩིས་འཁོར་དྲ་རྒྱའི་ཕན་ཚུལ་འབྲེལ་མཐུད་འཕྲིན་གཏོང་ལ་ཇུས་འགོད་བྱས་པའི་གྲོས་མཐུན་ཡིན། དབྱིན་ཐེ་དྲ་རྒྱའི་ནང་དུ། དེ་ནི་དྲ་སྟེང་གི་རྩིས་འཁོར་དྲ་རྒྱས་ཕན་ཚུན་འཕྲིན་གཏོང་བྱེད་པ་མངོན་འགྱུར་བྱེད་པའི་སྒྲིག་སྲོལ་ཆ་ཚང་ཞིག་ཡིན། རྩིས་འཁོར་གྱིས་དབྱིན་ཐེ་དྲ་རྒྱའི་སྟེང་འཕྲིན་གཏོང་བྱེད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྒྲིག་སྲོལ་ལ་གཏན་འབེབས་བྱས་ཡོད། བཟོ་གྲྭ་གང་རུང་གིས་ཐོན་སྐྱེད་བྱས་པའི་རྩིས་འཁོར་རྒྱུད་ཁོངས་དེསIPགྲོས་མཐུན་བརྩི་སྲུང་བྱས་ཚེ་དབྱིན་ཐེ་དྲ་རྒྱར་སྦྲེལ་མཐུད་བྱེད་ཐུབ། IPཤག་གནས་ལ་གཅིག་པུའི་རང་བཞིན་ལྡན་ཞིང་། སྤྱོད་མཁན་གྱི་ངོ་བོ་མི་འདྲ་བའི་གཞིགས་ནས། རིགས་ལྔར་དབྱེ་ཆོག གཞནIPའགན་སྲུང་དང་ཤེས་བྱའི་བདག་དབང་ཡོད་ལ། ཕྱོགས་སྟོན་བཅོལ་ཆས་སོགས་ཀྱི་ནང་དོན་ཚུད་ཡོད།

2 ཁག་བགོས་དང་བསྐྱར་སྒྲིག
2_1  ཁག་བགོ

ཁག་བགོ་བྱས་རྗེས་ཀྱིIPགཞི་གྲངས་ཐུམ་ནི་དམིགས་ཡུལ་ལ་སླེབས་ཚེ་ད་གཟོད་བསྐྱར་སྒྲིག་བྱེད་ཆོག ཡང་བསྐྱར་བསྐྱར་སྒྲིག་བྱེད་པ་དེ་དམིགས་ཡུལIPབང་རིམ་གྱིས་ལེགས་འགྲུབ་བྱེད་དགོས། དེའི་དམིགས་ཡུལ་ནི་ཁག་བགོས་དང་བསྐྱར་སྒྲིག་གོ་རིམ་ནི་བརྒྱུད་གཏོང་བང་རིམ(TCPདངUDP)ལ་མངོན་གསལ་ཡིན། ཁག་བགོས་བྱས་པའི་གཞི་གྲངས་ཐུམ་ཡང་བསྐྱར་ཁག་བགོ་བྱེད་ངེས།

2_2  IPཤག་གནས།

IPགྲོས་མཐུན་ཁྲོད་ད་དུང་ནང་དོན་གལ་ཆེན་ཞིག་ཡོད། དེ་ནི་དབྱིན་ཐེ་དྲ་རྒྱའི་སྟེང་རྩིས་འཁོར་རེ་རེ་དང་སྒྲིག་ཆས་གཞན་ཚང་མར་གཏན་འཁེལ་བྱས་པའི་ཤག་གནས་དེ་རེད། དེར“IPཤག་གནས”ཟེར། ཤག་གནས་རྐྱང་པ་འདི་ཡོད་པའི་རྐྱེན་གྱིས་ད་གཟོད་སྤྱོད་མཁན་གྱིས་དྲ་རྒྱར་སྦྲེལ་ཡོད་པའི་རྩིས་འཁོར་སྟེང་བཀོལ་སྤྱོད་བྱེད་སྐབས། ལས་ཕྱོད་མཐོ་བ་མ་ཟད་སྟབས་བདེའི་སྒོ་ནས་རྩིས་འཁོར་ཁྲི་འབུམ་ནང་དུ་རང་ལ་མཁོ་བའི་བྱ་ཡུལ་བདམས་ཐོན་བྱུང་བ་རེད།

3 ཤག་གནས།
3_1  སྤྱི་སྤྱོད་ཤག་གནས།

IPཤག་གནས་ཞེས་པ་ནི་སྦྲེལ་རེས་དྲ་རྒྱའི་སྟེང་སྦྲེལ་བའི་གཙོ་འཁོར་རེ་རེ་བགོ་བཤའ་བྱས་པའི་གནས32ཅན་གྱི་ཤག་གནས་ལ་ཟེར།

IPཤག་གནས་ནི་ཁ་པར་ཨང་གྲངས་དང་འདྲ། (ཤག་ཨང)མི་ཆེ་གེ་མོའི་ཁ་པར་ཨང་གྲངས་ཡོད་ཚེ། ཁོ་ལ་ཁ་པར་གཏོང་ཆོག་པ་རེད། དེ་བཞིན་དུ། གཙོ་འཁོར་ཆེ་གེ་མོའིIPཤག་གནས་ཡོད་ཚེ་ཁྱོད་ཀྱིས་གཙོ་འཁོར་དེ་ལ་འཕྲིན་གཏོང་བྱེད་ཐུབ་པ་རེད།

3_2  གཞི་རྩའི་རྣམ་གཞག

དེང་སྐབས་ཀྱིIPདྲ་རྒྱའི་གནས32ཅན་གྱི་ཤག་གནས་བེད་སྤྱོད་བྱེད་ཀྱི་ཡོད། ཚེག་བགོས་བཅུ་གོང་འགྲིལ་ལུགས་ཀྱིས་མཚོན་ཚེ། དཔེར་ན། 192.168.0.1

ཤག་གནས་རྣམ་གཞག་ནི། IPཤག་གནས=དྲ་རྒྱའི་ཤག་གནས+གཙོ་འཁོར་ཤག་གནས་སམ་ཡང་ན། IPཤག་གནས=དྲ་རྒྱའི་ཤག་གནས+བུ་དྲའི་ཤག་གནས+གཙོ་འཁོར་ཤག་གནས།

3_3  ཤག་གནས་བགོ་བཤའ།

སྤྱོད་སྒོ་དང་བདེ་འཇགས་རང་བཞིན་བཅས་རིམ་པ་མི་འདྲ་བར་གཞིགས་ནས། IPཤག་གནས་ཧ་ལམ་རིགས་གཉིས་སུ་དབྱེ་ཆོག སྤྱི་སྤྱོད་ཤག་གནས་དང་སྒེར་གྱི་ཤག་གནས། སྤྱི་སྤྱོད་ཤག་གནས་ནིInternetཁྲོད་དུ་བཀོལ་སྤྱོད་བྱེད་པ་དང་། Internetཁྲོད་དུ་རང་དགར་དྲི་བ་འདོན་ཆོག སྒེར་གྱི་ཤག་གནས་ནི་ནང་ཁུལ་དྲ་རྒྱའི་ཁྲོད་དུ་མ་གཏོགས་བཀོལ་མི་རུང་པ་དང་། ལས་ཚབ་ཞབས་ཞུ་ཆས་བརྒྱུད་ན་གཞི་ནསInternetདང་འཕྲིན་གཏོང་བྱེད་ཐུབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། IT
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།