རིམ་བརྒལ་ཡིག་དེབ་གྲོས་མཐུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིམ་བརྒལ་ཡིག་དེབ་གྲོས་མཐུན་ནི་རིམ་བརྒལ་སྦྲེལ་ཚུལ་གྱི་བྱེད་ཐབས་སྤྱད་ནས། བར་སྟོང་མི་མཚུངས་པའི་ཡི་གེའི་ཆ་འཕྲིན་སྣ་ཚོགས་མཉམ་གཅིག་ཏུ་རྩ་འཛུགས་བྱས་པའི་དྲ་དབྱིབས་རྣམ་པའི་ཡིག་དེབ་ཡིན་ལ། རིམ་བརྒལ་ཡིག་དེབ་ནི་དེ་བས་ཀྱང་སྤྱོད་མཁན་སྦྱོར་ངོས་ཀྱི་སྤྱི་འགྲོས་ཞིག་ཡིན་པ་དང་། ཡིག་དེབ་དང་ཡིག་དེབ་བར་གྱི་འབྲེལ་ཡོད་ནང་དོན་མངོན་པར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
超文本协议
ཕྱི་ཡིག་གི་མིང་།
Hypertext protocol
དཀར་ཆག
1 མཚན་ཉིད།

རིམ་བརྒལ་ཡིག་དེབ་གྲོས་མཐུན་ནི་རིམ་བརྒལ་སྦྲེལ་ཚུལ་གྱི་བྱེད་ཐབས་སྤྱད་ནས། བར་སྟོང་མི་མཚུངས་པའི་ཡི་གེའི་ཆ་འཕྲིན་སྣ་ཚོགས་མཉམ་གཅིག་ཏུ་རྩ་འཛུགས་བྱས་པའི་དྲ་དབྱིབས་རྣམ་པའི་ཡིག་དེབ་ཡིན་ལ། རིམ་བརྒལ་ཡིག་དེབ་ནི་དེ་བས་ཀྱང་སྤྱོད་མཁན་སྦྱོར་ངོས་ཀྱི་སྤྱི་འགྲོས་ཞིག་ཡིན་པ་དང་། ཡིག་དེབ་དང་ཡིག་དེབ་བར་གྱི་འབྲེལ་ཡོད་ནང་དོན་མངོན་པར་བྱེད་པ་ཡིན། དེང་སྐབས་རིམ་བརྒལ་ཡིག་དེབ་ཡོངས་ཁྱབ་ཏུ་གློག་རྡུལ་ཡིག་ཚགས་རྣམ་པར་གནས་ཤིང་། དེའི་ཁྲོད་ཀྱི་ཡི་གེ་གནས་ཡུལ་གཞན་པ་འམ་ཡང་ན། ཡིག་ཚགས་ལ་སྦྲེལ་མཐུད་བྱེད་ཆོག་པ་དང་། མིག་སྔའི་ཀློག་འདོན་གནས་ཡུལ་ཐད་ཀར་རིམ་བརྒལ་ཡིག་དེབ་ཀྱིས་བསྟན་པའི་གནས་ལ་བརྗེ་ཆོག རིམ་བརྒལ་ཡིག་དེབ་ལ་རྣམ་གཞག་མང་པོ་ལྡན་ཞིང་། མིག་སྔར་རྒྱུན་སྤྱོད་བྱེད་པ་ནི་རིམ་བརྒལ་ཡིག་དེབ་བཀོད་རྟགས་སྐད་བརྡ(Hyper Text Markup Language,HTML)དང་ཀུན་མཐུན་ཡིག་དེབ་རྣམ་གཞག (Rich Text Format,RTF)རིགས་གཉིས་ཡིན། ང་ཚོས་རྒྱུན་དུ་མིག་བཤར་བྱེད་པའི་དྲ་ངོས་སྟེང་གི་སྦྲེལ་མཐུད་ཚང་མ་ནི་རིམ་བརྒལ་ཡིག་དེབ་ཀྱི་ཁོངས་སུ་གཏོགས་པ་ཡིན། རིགས་གཅིག་ནི་ཆ་འཕྲིན་བར་གྱི་འབྲེལ་བ་ནི་ཐིག་གཤིས་མ་ཡིན་པའི་རྣམ་པས་གསོག་འཇོག་དང་རྩ་འཇུགས། དོ་དམ་དང་ཆ་འཕྲིན་མིག་བཤར་བྱེད་པའི་རྩིས་འཁོར་ལག་རྩལ་ཤིག་ཡིན། རིམ་བརྒལ་ཡིག་དེབ་ཀྱི་ལག་རྩལ་ཀྱིས་རང་བྱུང་སྐད་བརྡ་དང་རྩིས་འཁོར་སྤེལ་མའི་ཚུལ་གྱིས་སྤོ་སྒྱུར་འམ་ཡང་ན་འགུལ་རྣམ་ཀྱིས་ཐིག་གཤིས་ཡིག་དེབ་ཀྱི་ནུས་པ་དང་ཟུང་དུ་སྦྲེལ་བ་མངོན་པར་བྱེད་པ་དང་། དེའི་ངོ་བོ་དང་གཞི་རྩའི་ཁྱད་ཆོས་ནི་ཡིག་ཚགས་ནང་ཁུལ་དང་ཡིག་ཚགས་བར་འབྲེལ་བ་འཛུགས་པ་དང་། ཏག་ཏག་འབྲེལ་བ་འདི་ཡིས་ཡིག་དེབ་ལ་ཐིག་གཤིས་མ་ཡིན་པའི་རྩ་འཛུགས་གྲུབ་ཏུ་བཅུག་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། IT
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།