སྲིད་ཇུས་རང་བཞིན་གྱི་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ནི་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་དངུལ་ཁང་ཡིན་ལ། སྲིད་གཞུང་གི་ཆེད་དམིགས་ཀྱི་དཔལ་འབྱོར་སྲིད་ཇུས་དང་དམིགས་ཡུལ་མཐའ་འཁྱོང་དང་མཉམ་འབྲེལ་བྱ་ཆེད། མ་དངུལ་གཏོང་བ་དང་ཡིད་རྟོན་གྱི་བྱེད་སྒོའི་ལས་ཁུངས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
政策性银行
ཕྱི་ཡིག་གི་མིང་།
policy lender/non-commercial bank
ལས་ཁུངས་གཙོ་བོ།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་།
1 ངོ་སྤྲོད།

སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ནི་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་དངུལ་ཁང་ཡིན་ལ། སྲིད་གཞུང་གི་ཆེད་དམིགས་ཀྱི་དཔལ་འབྱོར་སྲིད་ཇུས་དང་དམིགས་ཡུལ་མཐའ་འཁྱོང་དང་མཉམ་འབྲེལ་བྱ་ཆེད། མ་དངུལ་གཏོང་བ་དང་ཡིད་རྟོན་གྱི་བྱེད་སྒོའི་ལས་ཁུངས་ལ་གོ་བ་ཡིན། དེ་ཡང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་དམིགས་ཡུལ་གཙོ་བོ་ནི་ཁེ་གཉེར་མིན་ཞིང་། སྲིད་གཞུང་གི་ཆེད་དམིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྲིད་ཇུས་མཐའ་འཁྱོང་དང་མཉམ་འབྲེལ་བྱ་ཆེད་དམ། ཡང་ན་ཆེད་དམིགས་ཀྱི་ལས་སྒོའི་ཁྱབ་ཁོངས་སུ་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་སྒོ་ནས་སྲིད་ཇུས་རང་བཞིན་གྱི་མ་དངུལ་གཏོང་བའི་བྱེད་སྒོའི་ལས་གཉེར་བར་ཟེར། དེ་ནི་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་སྔོན་སུ་འགྲོ་བར་སྐུལ་འདེད། དཔལ་འབྱོར་དོ་དམ་བཅས་ཀྱི་ལག་ཆར་གྱུར་ཡོད། གཞན་སྤྱི་ལོ1994ལོར། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལརྒྱས་དངུལ་ཁང་བཅས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ཆེན་པོ་གསུམ་བཙུགས་ཤིང་། དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་གཏོགས་འགོ་ཁྲིད་བྱ་བའི་ཁོངས་སུ་གཏོགས་པ་ཡིན།

2 དམིགས་ཡུལ།

ཚོང་རའི་མ་དངུལ་གཏོང་བའི་ལས་ཁུངས་ཁ་གསབ་དང་ལེགས་བཅོས་བྱ་བ།

ཚོང་ལས་རང་བཞིན་གྱི་མ་རྩའི་འཁོར་ཕྱོགས་སྣེ་ཁྲིད་དང་དཔེ་སྟོན་བྱ་བ།

ཆེད་ལས་རང་བཞིན་གྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱ་བ།

3 ཁྱད་ཆོས།

མ་དངུལ་གྱི་རང་བཞིན་གྱི་སྒོ་ནས་བཤད་ན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ནི་སྤྱིར་བཏང་དུ་སྲིད་གཞུང་གིས་མ་དངུལ་བཏང་བའམ་སྲིད་གཞུང་གིས་བཙུགས་པ་ཡིན་ཞིང་། སྲིད་གཞུང་ལ་འབྲེལ་བ་དམ་ཟབ་མཆིས་པ་ཡིན།

ཚོང་གཉེར་རྩ་དོན་གྱི་ཐད་ནས་བལྟས་ན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་དམིགས་ཡུལ་གཙོ་བོ་ནི་ཁེ་གཉེར་མིན་ཞིང་། སྲིད་གཞུང་གི་ཆེད་དམིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྲིད་ཇུས་མཐའ་འཁྱོང་དང་མཉམ་འབྲེལ་བྱ་ཆེད་དམ། ཡང་ན་ཆེད་དམིགས་ཀྱི་ལས་སྒོའི་ཁྱབ་ཁོངས་སུ་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་སྒོ་ནས་སྲིད་ཇུས་རང་བཞིན་གྱི་མ་དངུལ་གཏོང་བའི་བྱེད་སྒོའི་ལས་གཉེར་བ་དེ་ཡིན།

ལས་སྒོའི་ཁྱབ་ཁོངས་ཀྱི་ཐད་ནས་བལྟས་ན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་དུས་ངེས་མེད་ཀྱི་དངུལ་བཅོལ་དང་མང་ཚོགས་དངུལ་བཅོལ་གཉིས་གཉེར་བ་མ་ཡིན་ལ། དེ་ཡི་མ་དངུལ་གྱི་ཁུངས་གཙོ་བོ་ནི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་མ་རྩའི་དངུལ་སོགས་ཡིན།

མ་དངུལ་གཏོང་བའི་རྩ་དོན་གྱི་ཐད་ནས་བལྟས་ན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ལ་དམིགས་བསལ་གྱི་མ་དངུལ་གཏོང་བའི་རྩ་དོན་ཡོད།

ཡིད་རྟོན་གྱི་གསར་གཏོད་ནུས་པའི་ཐད་ནས་བལྟས་ན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ནི་སྤྱིར་བཏང་ཡིད་རྟོན་གྱི་གསར་གཏོད་གོ་རིམ་དུ་མི་ཞུགས་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-24

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།