འདར་རྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདར་རྒྱ།
འཕྲུལ་ཆས་འགུལ་སྐྱོད་མི་འདྲ་བ་སྣ་ཚོགས་ལ་གནས་སྤོ་དང་འགྲོས་ཚད། འགྲོས་སྣོན་ཚད་སོགས་ཀྱི་དངོས་ལུགས་ཚད་ཀྱི་བརྗོད་དགོས། འོན་ཀྱང་འགུལ་སྐྱོད་མི་འདྲ་བ་ལ་ཁྱད་ཆོས་མི་འདྲ་བ་ལྡན་པས་ཁྱད་ཆོས་འདི་རིགས་ལ་དངོས་ལུགས་ཚད་མི་འདྲ་བ་བཀོལ་ནས་མཚོན་དགོས་པ། མཐུན་སྦྱོར་འགུལ་སྐྱོད་བྱེད་པའི་དངོས་གཟུགས་འདར་འགུལ་ཧྲིལ་བོ་ཐེངས་གཅིག་བྱེད་པར་མཁོ་བའི་དུས་ཚོད་ལ་འདར་འགུལ་གྱི་འཁོར་ཡུན་ཟེར། འཇལ་བྱེད་དུས་ཚོད་ནང་དུ་འདར་འགུལ་ཧྲིལ་བོ་བྱེད་པའི་ཐེངས་གྲངས་ལ་འདར་འགུལ་གྱི་ཟློས་ཕྱོད་ཟེར། འཁོར་ཡུན་དང་ཟླུས་ཕྱོད་ནི་འདར་འགུལ་གྱི་དལ་མགྱོགས་མཚོན་པའི་དངོས་ལུགས་ཚད་ཡིན་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
振幅
1 འདར་རྒྱ།

འཕྲུལ་ཆས་འགུལ་སྐྱོད་མི་འདྲ་བ་སྣ་ཚོགས་ལ་གནས་སྤོ་དང་འགྲོས་ཚད། འགྲོས་སྣོན་ཚད་སོགས་ཀྱི་དངོས་ལུགས་ཚད་ཀྱི་བརྗོད་དགོས། འོན་ཀྱང་འགུལ་སྐྱོད་མི་འདྲ་བ་ལ་ཁྱད་ཆོས་མི་འདྲ་བ་ལྡན་པས་ཁྱད་ཆོས་འདི་རིགས་ལ་དངོས་ལུགས་ཚད་མི་འདྲ་བ་བཀོལ་ནས་མཚོན་དགོས། སྒོར་མཐའི་འགུལ་སྐྱོད་བརྗོད་སྐབས་ཟུར་གྱི་འགྲོས་སྣོན་ཚད་དང་། འཁོར་ཡུན། འཁོར་འགྲོས་སོགས་ཀྱི་དངོས་ལུགས་ཚད་དྲངས་ཡོད། མཐུན་སྦྱོར་འགུལ་སྐྱོད་བརྗོད་སྐབས་ཀྱང་དངོས་ལུགས་ཚད་གསར་བ་འདྲེན་དགོས་ཏེ། དེ་ནི་འདར་རྒྱ་དང་། འཁོར་ཡུན། ཟློས་ཕྱོད་བཅས་ཡིན། འདར་འགུལ་དངོས་གཟུགས་ནི་ནམ་ཡང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་འགུལ་སྐྱོད་བྱེད་པ་ཡིན། འདར་རྡུལ་དེ་ཆུ་སྙོམས་དབྱུག་པའི་སྟེང་གི་ཚེགAདང་ཚེགA'བར་དུ་བསྐྱར་སྐོར་འགུལ་སྐྱོད་བྱེད་ཅིང་། འདར་རྡུལ་དོ་མཉམ་གནས་ས་དང་བྲལ་བའི་ཆེས་ཆེ་བའི་བར་ཐག་ནིOAདང་ཡང་ནOA'ཡིན། འདར་འགུལ་དངོས་གཟུགས་དོ་མཉམ་གནས་ས་དང་བྲལ་བའི་ཆེས་ཆེ་བའི་བར་ཐག་ལ་འདར་འགུལ་གྱི་འདར་རྒྱ་ཟེར། 

2 འཁོར་ཡུན་དང་ཟློས་ཕྱོད།

མཐུན་སྦྱོར་འགུལ་སྐྱོད་བྱེད་པའི་དངོས་གཟུགས་འདར་འགུལ་ཧྲིལ་བོ་ཐེངས་གཅིག་བྱེད་པར་མཁོ་བའི་དུས་ཚོད་ལ་འདར་འགུལ་གྱི་འཁོར་ཡུན་ཟེར། འཇལ་བྱེད་དུས་ཚོད་ནང་དུ་འདར་འགུལ་ཧྲིལ་བོ་བྱེད་པའི་ཐེངས་གྲངས་ལ་འདར་འགུལ་གྱི་ཟློས་ཕྱོད་ཟེར། འཁོར་ཡུན་དང་ཟླུས་ཕྱོད་ནི་འདར་འགུལ་གྱི་དལ་མགྱོགས་མཚོན་པའི་དངོས་ལུགས་ཚད་ཡིན་ཏེ། འཁོར་ཡུན་ཇི་ལྟར་ཐུང་ན། ཟླུས་ཕྱོད་དེ་ལྟར་ཆེ་བ་དང་། འདར་འགུལ་དེ་ལྟར་མགྱོགས་པ་མཚོན། Tཡིས་འཁོར་ཡུན་མཚོན་པ་དང་། fཡིས་ཟླུས་ཕྱོད་མཚོན་ན། 

2.png                                          

རྒྱལ་སྤྱིའི་འཇལ་བྱེད་ལུགས་སུ། འཁོར་ཡུན་གྱི་འཇལ་བྱེད་ནི་སྐར་ཆ་དང་། ཟློས་ཕྱོད་ཀྱི་འཇལ་བྱེད་ནི་ཧོར་ཚི་ཡིན་ལ། བསྡུས་མིང་ལ་ཧོ་ཟེར། མཚོན་རྟགས་ནིHzཡིན། 

1Hz=1s-1


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། འདར་རྒྱ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།