འགུལ་སྐྱོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགུལ་སྐྱོད།
དངོས་ལུགས་ཀྱི་བརྡ་ཆད་ཅིག དབྱིན་ཇིའི་རྩི་ཤིང་རིག་པ་བ་པི་རོམ་གྱིས་ཕྲ་མཐོང་ཤེལ་བཀོལ་ནས་ཆུ་ཁར་གཡེངས་པའི་མེ་ཏོག་གི་ཟེ་རྡུལ་ལ་ལྟ་ཞིབ་བྱེད་སྐབས། ཟེ་རྡུལ་རིལ་བུ་མཚམས་མི་འཇོག་པར་སྲོལ་མེད་འགུལ་སྐྱོད་བྱེད་པ་མཐོང་བ། འགུལ་སྐྱོད་བྱེད་བཞིན་པའི་དངོས་གཟུགས་ཡོད་ཚད་དང་འདྲ་བར་ཚ་བའི་འགུལ་སྐྱོད་བྱེད་བཞིན་པའི་ཆ་རྡུལ་ལའང་འགུལ་ནུས་ལྡན། ཆ་རྡུལ་གྱི་ཚ་བའི་འགུལ་སྐྱོད་ནི་སྲོལ་མེད་ཡིན་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
运动
1 པི་རོམ་འགུལ་སྐྱོད།

1827ལོར་དབྱིན་ཇིའི་རྩི་ཤིང་རིག་པ་བ་པི་རོམ་གྱིས་ཕྲ་མཐོང་ཤེལ་བཀོལ་ནས་ཆུ་ཁར་གཡེངས་པའི་མེ་ཏོག་གི་ཟེ་རྡུལ་ལ་ལྟ་ཞིབ་བྱེད་སྐབས། ཟེ་རྡུལ་རིལ་བུ་མཚམས་མི་འཇོག་པར་སྲོལ་མེད་འགུལ་སྐྱོད་བྱེད་པ་མཐོང་། འགུལ་སྐྱོད་འདི་ལ་རྗེས་སུ་པི་རོམ་འགུལ་སྐྱོད་ཟེར། མེ་ཏོག་གི་ཟེ་རྡུལ་ཁོ་ན་མ་ཡིན་པར་གཤེར་གཟུགས་ནང་དུ་གཡེངས་པའི་ཕྲན་རྡུལ་སྣ་ཚོགས་ལས་ཀྱང་པི་རོམ་འངུལ་སྐྱོད་མཐོང་ཐུབ། སླ་པོར་བཏང་བའི་སྣག་ཚ་ཐིགས་པ་གཅིག་ཕྲ་མཐོང་ཤེལ་གྱི་འོག་ཏུ་བཞག་ནས་ལྟ་ཞིབ་བྱས་ན། སྣག་ཚའི་ནང་གི་སོལ་རིལ་ཆུང་ཆུང་མཚམས་མི་འཇོག་པར་སྲོལ་མེད་འགུལ་སྐྱོད་བྱེད་པ་མཐོང་ཐུབ། འགུལ་སྐྱོད་འདི་ནི་པི་རོམ་འགུལ་སྐྱོད་ཡིན། ང་ཚོས་ཕྲན་རྡུལ་ཞིག་གི་འགུལ་སྐྱོད་ལ་ལྟ་བར་བྱ། 30sརེའི་ནང་དུ་ཕྲན་རྡུལ་འདིའི་གནས་ས་ཐེངས་གཅིག་བཀོད་རྗེས། དྲང་ཐིག་གིས་གནས་ས་འདི་དག་རིམ་པ་ལྟར་སྦྲེལ་བ། དཔེ་རིས་འདིའི་ནང་དུ་ཕྲན་རྡུལ3འགུལ་སྐྱོད་བྱས་པའི་ཤུལ་ལམ་ཡིན། 

2 ཚ་བའི་འགུལ་སྐྱོད།

འགུལ་སྐྱོད་བྱེད་བཞིན་པའི་དངོས་གཟུགས་ཡོད་ཚད་དང་འདྲ་བར་ཚ་བའི་འགུལ་སྐྱོད་བྱེད་བཞིན་པའི་ཆ་རྡུལ་ལའང་འགུལ་ནུས་ལྡན། ཆ་རྡུལ་གྱི་ཚ་བའི་འགུལ་སྐྱོད་ནི་སྲོལ་མེད་ཡིན། དེ་དག་གི་འགྲོས་ཚད་ཀྱི་ཁ་ཕྱོགས་མི་འདྲ་བ་མ་ཟད། འགྲོས་ཕྱོད་ལའང་ཆེ་ཆུང་ཡོད། དེའི་རྐྱེན་གྱིས་ཆ་རྡུལ་སོ་སོའི་ཚ་བའི་འགུལ་སྐྱོད་ཀྱི་འགུལ་ནུས་ཀྱང་མི་འདྲ་བ་མ་ཟད། གདོང་གཏུག་བྱས་པའི་དབང་གིས་འགུལ་ནུས་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ཚ་བའི་སྣང་ཚུལ་ལ་ཞིབ་འཇུག་བྱེད་སྐབས། ང་ཚོས་དོ་སྣང་བྱེད་པ་ནི་དངོས་གཟུགས་ནང་གི་ཆ་རྡུལ་ཁ་ཤས་ཀྱི་འགུལ་ནས་མིན་པར། ཆ་རྡུལ་འབོར་ཆེན་གྱི་འགུལ་ནུས་ཀྱི་ཆ་སྙོམས་གྲངས་ཐང་ཡིན། ཆ་སྙོམས་གྲངས་ཐེངས་འདི་ལ་ཆ་རྡུལ་ཚ་བའི་འགུལ་སྐྱོད་ཀྱི་ཆ་སྙོམས་འགུལ་ནུས་ཟེར། 


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། འགུལ་སྐྱོད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།