འགུལ་ཚད་བརྟན་སྲུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགུལ་ཚད་བརྟན་སྲུང་།
འགུལ་ཚད་ཀྱི་བརྟན་སྲུང་གཏན་སྲོལ་གྱི་བེད་སྤྱོད་ནུས་པ་གལ་ཆེ་བ་ཞིག་ནི་གདོང་གཏུག་གི་གནད་དོན་ཐག་གཅོད་བྱེད་པ་དེ་ཡིན། གདོང་གཏུག་གི་སྣང་ཚུལ་ཁྲོད་དུ། ཕན་ཚུན་བྱེད་ནུས་བཏོན་པའི་དུས་ཚོད་ཧ་ཅང་ཐུང་ན། ཕན་ཚུན་བྱེད་ནུས་བཏོན་པའི་ཤུགས་དེ་ཐོག་མར་འཕྲལ་དུ་ཇེ་ཆེར་གྱུར་རྗེས་འཕྲལ་དུ་ཇེ་ཆུང་དུ་འགྱུར་བ་དང་། ཆ་སྙོམས་བྱེད་ནུས་ཤུགས་ཧ་ཅང་ཆེ་བ། བར་སྣང་དུ་འཕུར་སྐྱོད་བྱེད་པའི་འཕུར་མདེལ་ཞིག་གི་སྤུས་ཚད་ནིmདང་། གནས་ག་གེ་མོའི་འགྲོས་ཚད་ཀྱི་ཆེ་ཆུང་ནིυཡིན་ལ། གནས་དེ་ག་རུ་འཕུར་མདེལ་གློ་བུར་དུ་གས་ཏེ་དུམ་བུ་གཉིས་སུ་གྱུར། དེའི་ནང་གི་སྤུས་ཚདm1ཡིན་པའི་དུམ་བུ་དེυཡི་ལྡོག་ཕྱོགས་སུ་འཕུར་ཞིང་། འགྲོས་ཚད་ཀྱི་ཆེ་ཆུང་ནིυ_1ཡིན། འབར་གས་བྱུང་རྫེས་ཀྱི་དུམ་བུ་གཞན་པའི་འགྲོས་ཚདυ_2 འབར་གས་མ་བྱུང་གོང་ལ། འཕུར་མདེལ་ནི་སྤུས་ཚད m1དང(m-m1)ཁག་གཉིས་ཀྱིས་གྲུབ་པར་བལྟས་ཆོག་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
动量守恒
1 ​བརྟན་སྲུང་གཏན་སྲོལ།

འགུལ་ཚད་ཀྱི་བརྟན་སྲུང་གཏན་སྲོལ་གྱི་བེད་སྤྱོད་ནུས་པ་གལ་ཆེ་བ་ཞིག་ནི་གདོང་གཏུག་གི་གནད་དོན་ཐག་གཅོད་བྱེད་པ་དེ་ཡིན། གདོང་གཏུག་གི་སྣང་ཚུལ་ཁྲོད་དུ། ཕན་ཚུན་བྱེད་ནུས་བཏོན་པའི་དུས་ཚོད་ཧ་ཅང་ཐུང་ན། ཕན་ཚུན་བྱེད་ནུས་བཏོན་པའི་ཤུགས་དེ་ཐོག་མར་འཕྲལ་དུ་ཇེ་ཆེར་གྱུར་རྗེས་འཕྲལ་དུ་ཇེ་ཆུང་དུ་འགྱུར་བ་དང་། ཆ་སྙོམས་བྱེད་ནུས་ཤུགས་ཧ་ཅང་ཆེ། ཕན་ཚུན་གདོང་གཏུག་བྱེད་པའི་དངོས་གཟུགས་དེ་རྒྱུད་ཁོངས་ཤིག་ཏུ་བལྟས་ཚེ། ཕྱི་ཤུགས་དེ་རྒྱུན་པར་གདོང་གཏུག་བྱེད་པའི་དངོས་གཟུགས་བར་གྱི་ནང་ཤུགས་ལས་ཤིན་ཏུ་ཆུང་བས་སྣང་མེད་དུ་བཏང་སྟེ། གདོང་གཏུག་བྱ་རིམ་ཁྲོད་དུ་འགུལ་ཚད་བརྟན་སྲུང་ཡིན་པར་བལྟས་ཆོག

2 འཕུར་མདེལ་སྤུས་ཚད།

བར་སྣང་དུ་འཕུར་སྐྱོད་བྱེད་པའི་འཕུར་མདེལ་ཞིག་གི་སྤུས་ཚད་ནིmདང་། གནས་ག་གེ་མོའི་འགྲོས་ཚད་ཀྱི་ཆེ་ཆུང་ནིཡིན་ལ། གནས་དེ་ག་རུ་འཕུར་མདེལ་གློ་བུར་དུ་གས་ཏེ་དུམ་བུ་གཉིས་སུ་གྱུར། དེའི་ནང་གི་སྤུས་ཚདm1ཡིན་པའི་དུམ་བུ་དེཡི་ལྡོག་ཕྱོགས་སུ་འཕུར་ཞིང་། འགྲོས་ཚད་ཀྱི་ཆེ་ཆུང་ནིཡིན། འབར་གས་བྱུང་རྗེས་ཀྱི་དུམ་བུ་གཞན་པའི་འགྲོས་ཚད འབར་གས་མ་བྱུང་གོང་ལ། འཕུར་མདེལ་ནི་སྤུས་ཚད m1དང(m-m1)ཁག་གཉིས་ཀྱིས་གྲུབ་པར་བལྟས་ཆོག འཕུར་མདེལ་གས་པའི་བྱ་རིམ་ནི་ཁག་དེ་གཉིས་ཀྱིས་གྲུབ་པའི་རྒྱུད་ཁོངས་ནི་ང་ཚོའི་ཞིབ་འཇུག་བྱ་ཡུལ་ཡིན། འབར་གས་བྱེད་རིམ་ཁྲོད་དུ་འབར་གས་བྱུང་ནས་གྲུབ་པའི་ཁག་དེ་གཉིས་ལ་ལྗིད་ཤུགས་ཀྱི་བྱེད་ནུས་ཐེབས་པ་དང་། ཕྱི་ཤུགས་ཐེབས་པའི་སྡོམ་ནི་ཐིག་ལེ་མིན། འོན་ཀྱང་དེ་དག་ལ་ཐེབས་པའི་ལྗིད་ཤུགས་ནི་དེ་དག་ལ་ཐེབས་པའི་འབར་གས་ཤུགས་ལས་ཤིན་ཏུ་ཆུང་བས་ལྗིད་ཤུགས་སྣང་མེད་དུ་བཏང་ཆོག དེ་བས་རྒྱུད་ཁོངས་ལ་འགུལ་ཚད་ཀྱི་བརྟན་སྲུང་གཏན་སྲོལ་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་འཁོམས་པར་སྙམ་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།