འགུག་ཤུགས་གཏན་སྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགུག་ཤུགས་གཏན་སྲོལ།
གནའ་རབས་སུ། གནམ་གཟུགས་ཀྱི་འགུལ་སྐྱོད་ཐད་མི་རྣམས་ལ་ས་གཞིའི་ལྟེ་སྙིང་སྨྲ་བ་དང་ཉི་ལྟེ་སྨྲ་བ་ཞེས་པའི་འགལ་ཟླའི་ལྟ་ཚུལ་རིགས་གཉིས་བྱུང་ཡོད། ས་གཞིའི་ལྟེ་སྙིང་སྨྲ་བས་སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་ལ་ཞི་འཇགས་སུ་གནས་པ་དང་། ཉི་མ་དང་ཟླ་བ། དེ་མིན་རྒྱུ་སྐར་གཞན་པ་རྣམས་སའི་གོ་ལར་བསྐོར་ནས་འགུལ་སྐྱོད་བྱེད་པར་སྙམ། ཉི་ལྟེ་སྨྲ་བའི་ལྟ་ཚུལ་དེ་ལས་ལྡོག་སྟེ། ཉི་མ་ནི་ཞི་འཇགས་སུ་གནས་པ་ཡིན་པ། རྒྱུ་སྐར་ཡོད་ཚད་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པའི་འཁོར་ལམ་ཚང་མ་འཇོང་དབྱིབས་ཡིན་ལ། ཉི་མ་འཇོང་དབྱིབས་ཡོད་ཚད་ཀྱི་མདོ་ཚེག་སྟེང་དུ་གནས་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
引力定律
1 རྒྱུ་སྐར་འགུལ་སྐྱོད།

གནའ་རབས་སུ། གནམ་གཟུགས་ཀྱི་འགུལ་སྐྱོད་ཐད་མི་རྣམས་ལ་ས་གཞིའི་ལྟེ་སྙིང་སྨྲ་བ་དང་ཉི་ལྟེ་སྨྲ་བ་ཞེས་པའི་འགལ་ཟླའི་ལྟ་ཚུལ་རིགས་གཉིས་བྱུང་ཡོད། ས་གཞིའི་ལྟེ་སྙིང་སྨྲ་བས་སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་ལ་ཞི་འཇགས་སུ་གནས་པ་དང་། ཉི་མ་དང་ཟླ་བ། དེ་མིན་རྒྱུ་སྐར་གཞན་པ་རྣམས་སའི་གོ་ལར་བསྐོར་ནས་འགུལ་སྐྱོད་བྱེད་པར་སྙམ། ཉི་ལྟེ་སྨྲ་བའི་ལྟ་ཚུལ་དེ་ལས་ལྡོག་སྟེ། ཉི་མ་ནི་ཞི་འཇགས་སུ་གནས་པ་ཡིན་ལ། སའི་གོ་ལ་དང་རྒྱུ་སྐར་གཞན་པ་རྣམས་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པར་སྙམ་པ་རེད། ས་གཞིའི་ལྟེ་སྙིང་སྨྲ་བ་ནི་མི་རྣམས་ཀྱི་རྒྱུན་ལྡན་གྱི་ཉམས་མྱོང་དང་ཅུང་མཐུན་པ་དང(ཉི་མ་ཤར་ཕྱོགས་ནས་འཆར་ཏེ་ནུབ་ཕྱོགས་སུ་ནུབ་པ་དེ་ཕལ་ཆེར་ཉི་མ་སའི་གོ་ལར་བསྐོར་ནས་འགུལ་སྐྱོད་བྱེད་པ་དང་འདྲ)། དུས་མཚུངས་སུ་ཆོས་ལུགས་ལྷ་རིག་པས་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་ཞེས་པའི་སྐོར་གྱི་བཤད་ཚུལ་ལའང་མཐུན་པས། ས་གཞིའི་ལྟེ་སྙིང་སྨྲ་བས་མི་རྣམས་ལ་ཡུན་རིང་དུ་དབང་སྒྱུར་བྱས། འོན་ཀྱང་མི་རྣམས་ཀྱིས་གནམ་གཟུགས་འགུལ་སྐྱོད་ལ་རྒྱུན་ཆད་མེད་པར་ཞིབ་འཇུག་བྱེད་པ་དང་བསྟུན་ནས་ས་གཞིའི་ལྟེ་སྙིང་སྨྲ་བས་ཞིབ་བརྗོད་བྱས་པའི་གནམ་གཟུགས་ཀྱི་འགུལ་སྐྱོད་ལ་རྙོག་འཛིང་ཆེ་བ་མ་ཟད། གནད་དོན་ཧ་ཅང་མང་པོ་ཡོད་པ་རྟོགས། གལ་ཏེ་སའི་གོ་ལ་གནམ་གཟུགས་འགུལ་སྐྱོད་ཀྱི་ལྟེ་སྙིང་གནས་ས་ནས་ཉི་མར་བསྐོར་ཏེ་འགུལ་སྐྱོད་བྱེད་པའི་རྒྱུ་སྐར་དཀྱུས་མ་ཞིག་གི་གནས་སུ་བསྣུར་ཏེ། ལྟ་ཚུལ་གཞན་ཞིག་ནས་གནམ་གཟུགས་ཀྱི་འགུལ་སྐྱོད་ལ་བསམ་གཞིགས་བཏང་ན། གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་ལ། རྒྱུ་སྐར་འགུལ་སྐྱོད་ཀྱི་ཞིབ་བརྗོད་ཀྱང་སླ་མོར་འགྱུར། དེའི་ཕྱིར་ཉི་ལྟེ་སྨྲ་བ་རིམ་བཞིན་མི་མང་པོས་ཁས་ལེན་པ་སྟེ། བདེན་དོན་དེ་མཇུག་མཐར་ནོར་འཁྲུལ་ལས་རྒྱལ་བའོ།

2 རྒྱུ་སྐར་གྱི་དབྱིབས།

02.png

རྒྱུ་སྐར་ཡོད་ཚད་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པའི་འཁོར་ལམ་ཚང་མ་འཇོང་དབྱིབས་ཡིན་ལ། ཉི་མ་འཇོང་དབྱིབས་ཡོད་ཚད་ཀྱི་མདོ་ཚེག་སྟེང་དུ་གནས་པ་དང(ཁེ་ཕི་ལེར་གཏན་སྲོལ་དང་པོ)། རྒྱུ་སྐར་ཡོད་ཚད་ཀྱི་འཁོར་ལམ་གྱི་མདའ་རིང་ཕྱེད་ཀའི་རང་སུམ་སྒྱུར་དང་སྤྱི་འཁོར་འཁོར་ཡུན་གྱི་རང་ཉིས་སྒྱུར་གྱི་སྡུར་ཐང་ཚང་མ་འདྲ་མཚུངས་ཡིན་པ(ཁེ་ཕི་ལེར་གཏན་སྲོལ་གསུམ་པ)གསར་རྟོགས་བྱུང་། གལ་ཏེRཡིས་འཇོང་དབྱིབས་འཁོར་ལམ་གྱི་མདའ་རིང་ཕྱེད་ཀ་མཚོན་པ་དང་། Tཡིས་སྤྱི་འཁོར་འཁོར་ཡུན་མཚོན་ན།

00.png

བསྡུར་ཐངkནི་རྒྱུ་སྐར་དང་འབྲེལ་བ་མེད་པའིརྒྱུ་མཚན་ནི། ཁེ་ཕི་ལེར་གྱིས་རྒྱུ་སྐར་གྱི་འགུལ་སྐྱོད་སྐོར་གནད་ལ་ཁེལ་བའི་ཞིབ་བརྗོད་བྱས་པ་ལས་མི་རྣམས་ཀྱིས་རྒྱུ་སྐར་གྱི་འགུལ་སྐྱོད་རིག་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཁུངས་ལུང་ཡོད་དུ་བཅུག་པ་མ་ཟད། ལྷག་པར་དུ་མི་རྣམས་ཀྱིས་ལོ་མང་བོའི་རིང་ལ་གནམ་གཟུགས་འགུལ་སྐྱོད་ཐད་བཅིངས་པའི་ལྐོག་གྱུར་དང་ངོས་ཟིན་མི་གསལ་བ་རྣམས་གསལ་རྗེན་དུ་བཏང་བ་དང་མཉམ་དུ་གནམ་གཟུགས་སྒུལ་ཤུགས་རིག་པ་ཞིབ་འཇུག་བྱེད་པར་ཡང་སྐུལ་འདེད་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།