འགྲིམ་འགྲུལ་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྲིམ་འགྲུལ་དངུལ་ཁང་།
འགྲིམ་འགྲུལ་དངུལ་ཁང་གི་མིང་སྤྱི་ལ་འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཟེར་བ་ཡིན་ལ། སྤྱི་ལོ1908ལོར་བཙུགས་པ་ཡིན། དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ་རྒྱུན་ཆེས་རིང་བའི་དངུལ་ཁང་ཡིན་ཞིང་། ཀྲུང་གོའི་ཉེ་རབས་ཀྱི་ཤོག་སྒོར་འགྲེམ་སྤེལ་གྱི་དངུལ་ཁང་གི་གྲས་ཤིག་ཡིན་པར་མ་ཟད། ཀྲུང་གོའི་རྒྱལ་ཁབ་ལ་དབང་བའི་དངུལ་ཁང་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
交通银行
ཕྱི་ཡིག་གི་མིང་།
BANK OF COMMUNICATIONS Co., Ltd.(BOCOM)
ཀུང་སིའི་མིང་།
འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི།
གསར་གཏོད་དུས་ཚོད།
སྤྱི་ལོ1908ལོ།
ཚོང་གཉེར་ཁྱབ་ཁོངས།
དངུལ་རྩའི་ལས་རིགས།
1 ངོ་སྤྲོད།

འགྲིམ་འགྲུལ་དངུལ་ཁང་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་ཀྱི་དངུལ་ཁང་གི་གྲས་ཤིག་ཡིན་པར་མ་ཟད། ཚོང་ལས་དངུལ་ཁང་གཙོ་གཞིར་བྱས་པའི་ཚོང་རར་བརྒལ་བ་དང་། རྒྱལ་སྤྱི་ཅན་གྱི་དངུལ་ཁང་ཚོགས་པ་ཆེན་པོ་རུ་འགྱུར་བཞིན་པའི་སྒང་ཡིན་ལ། དེ་ཡི་ལས་སྒོའི་ཁྱབ་ཁོངས་ནི་ཚོང་ལས་དངུལ་ཁང་དང་མ་དངུལ་གཏོང་བའི་དངུལ་ཁང་། དངུལ་འཛིན། ཚོང་བཅོལ། དངུལ་རྩའི་བོགས་མ་གཏོང་ལེན། ཐེབས་རྩ་དོ་དམ། ཉེན་འགོག་སོགས་མང་བོ་འདུ་བ་ཡིན།

སྤྱི་ལོ1987ལོར། རྒྱལ་ཡོངས་ཀྱི་མ་རྐང་ལམ་ལུགས་ཀྱི་དངུལ་ཁང་ཐོག་མ་རུ་བསྐྱར་སྒྲིག་བྱས་པ་ཡིན་ལ། སྤྱི་ལོ2005ལོ་དང་སྤྱི་ལོ2007ལོ་ལ་སྔ་གཞུག་ཏུ་ཞང་ཀང་དང་ཧྲང་ཧའེ་རུ་ཚོང་རར་ཞུགས་ཤིང་། ཀྲུང་གོའི་མངའ་ཁོངས་མ་ཡིན་པའི་ས་ཆ་རུ་ཚོང་ཞུགས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་གྱི་ཚོང་ལས་དངུལ་ཁང་ཐོག་མ་རུ་གྱུར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།