ཉིའུ་ཏུན་སྤྱོད་ཁོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིའུ་ཏུན་སྤྱོད་ཁོངས།
གློག་རྡུལ་དང་། སྤུས་རྡུལ། མ་ནིང་རྡུལ་སོགས་ཕྲ་མཐོང་རིལ་རྡུལ་ལ་རིལ་རྡུལ་རང་བཞིན་ལྡན་པ་མ་ཟད། ད་དུང་རླབས་འགུལ་རང་བཞིན་ལྡན་པ་གསར་རྟོགས་བྱུང་བ། དུས་རབས17ནས་བཟུང་། ཉིའུ་ཏུན་གཏན་སྲོལ་རྨང་གཞི་བྱས་པའི་གསུང་རབ་ཤུགས་རིག་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་སྟེ་གྲུབ་འབྲས་འབོར་ཆེན་བླངས་བ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牛顿用途
1 ​སྤྱོད་ཁོངས།

དུས་རབས19ཡི་དུས་མཇུག་དང་དུས་རབས20ཡི་དུས་མགོ་ནས་བཟུང་། དངོས་ལུགས་རིག་པའི་ཞིབ་འཇུག་དེ་ཕྲ་མཐོང་འཇིག་རྟེན་དུ་ཕྱིན་ཏེ། གློག་རྡུལ་དང་། སྤུས་རྡུལ། མ་ནིམ་རྡུལ་སོགས་ཕྲ་མཐོང་རིལ་རྡུལ་ལ་རིལ་རྡུལ་རང་བཞིན་ལྡན་པ་མ་ཟད། ད་དུང་རླབས་འགུལ་རང་བཞིན་ལྡན་པ་གསར་རྟོགས་བྱུང་། དེ་དག་གི་འགུལ་སྐྱོད་ཆོས་ཉིད་ལ་གསུང་རབ་ཤུགས་རིག་པ་བཀོལ་ནས་གསལ་བཤད་བྱེད་མི་ཐུབ། དུས་རབས20ཡི་དུས་འགོར། ཚད་རྡུལ་ཤུགས་རིག་པ་སྲོལ་བཏོད། དེས་ཕྲ་མཐོང་རིལ་རྡུལ་གྱི་ཆོས་ཉིད་ལ་ཡང་དག་པའི་སྒོ་ནས་ཞིབ་བརྗོད་བྱེད་ཐུབ་པ་མ་ཟད། དེང་རབས་ཚན་རིག་ལག་རྩལ་ཁྲོད་དུ་བྱེད་ནུས་གལ་ཆེན་བཏོན། གསལ་བོར་བཤད་ན། སྤྱིར་བཏང་དུའང་ཕྲ་མཐོང་རིལ་རྡུལ་ལ་གསུང་རབ་ཤུགས་རིག་པ་སྤྱོད་མི་འོས། བལྟོས་བཅས་སྨྲ་བ་དང་ཚད་རྡུལ་ཤུགས་རིག་པ་བྱུང་བ་ལས་མིའི་རིགས་ཀྱིས་རང་བྱུང་ཁམས་ངོས་འཛིན་པའི་ཚད་དེ་ལས་གཏིང་ཟབ་ཏུ་གྱུར་པ་ལས། གསུང་རབ་ཤུགས་རིག་པའི་དོན་སྙིང་སྣང་མེད་དུ་བཏང་བ་མཚོན་པ་མིན། དངོས་ལུགས་རིག་པ་ལ་འཕེལ་རྒྱས་བྱུང་ནས། མི་རྣམས་ལ་གསུང་རབ་ཤུགས་རིག་པར་དེ་ཉིད་ཀྱི་སྤྱོད་ཁོངས་ཡོད་པ་ཤེས་སུ་འཇུག་པ་སྟེ། གསུང་རབ་ཤུགས་རིག་པ་དེ་དམའ་འགྲོས་འགུལ་སྐྱོད་ཀྱི་གནད་དོན་ཁོ་ན་ཐག་གཅོད་བྱེད་པར་བཀོལ་འོས་པ་ལས། འགྲོས་མཐོ་འགུལ་སྐྱོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་བཀོལ་མི་རུང་བ་དང་། ཆེ་མཐོ་དངོས་གཟུགས་ཁོ་ནར་བཀོལ་འོས་པ་ལས། སྤྱིར་བཏང་དུ་ཕྲ་མཐོང་རིལ་རྡུལ་དུ་བཀོལ་མུ་འོས་སོ། 

2 འཕེལ་རྒྱས།

དུས་རབས17ནས་བཟུང་། ཉིའུ་ཏུན་གཏན་སྲོལ་རྨང་གཞི་བྱས་པའི་གསུང་རབ་ཤུགས་རིག་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་སྟེ་གྲུབ་འབྲས་འབོར་ཆེན་བླངས། གསུང་རབ་ཤུགས་རིག་པ་དེ་ཚན་རིག་པ་དེ་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་ལག་རྩལ་ཁྲོད་དུ་བཀོལ་རྒྱ་ཧ་ཅང་ཆེ། གསུང་རབ་ཤུགས་རིག་པ་དང་གནམ་དཔྱད་རིག་པ་ཟུང་འབྲེལ་བྱས་ནས་གནམ་གཟུགས་ཤུགས་རིག་པ་སྲོལ་བཏོད་པ་དང་། གསུང་རབ་ཤུགས་རིག་པ་དང་བཟོ་བཀོད་དངོས་ཟུང་འབྲེལ་བྱས་ནས་དངོས་བཀོལ་ཤུགས་རིག་པ་སྲོལ་བཏོད། དཔེར་ན་ཆུ་བེད་རིག་པ་དང་། རྒྱུ་ཆའི་ཤུགས་རིག་པ། ཆགས་ཚུལ་ཤུགས་རིག་པ་སོགས་ལྟ་བུ། ས་ངོས་སྟེང་གི་དངོས་གཟུགས་སྣ་ཚོགས་ཀྱི་འགུལ་སྐྱོད་ནས་གནམ་གཟུགས་ཀྱི་འགུལ་སྐྱོད་དང་། རླུང་ཁམས་ཆེན་མོའི་རྒྱུག་འགུལ་ནས་ས་ཤུན་གྱི་འགྱུར་འགུལ། ཆུ་རགས་རྒྱག་པ་དང་ཟམ་པ་བཟོ་སྐྲུན་བྱེད་པ་ནས་འཕྲུལ་འཁོར་སྣ་ཚོགས་ཇུས་འགོས་བྱེད་པ། ལྕགས་རྟ་ནས་རླང་འཁོར་དང་། མེ་འཁོར། གནམ་གྲུ་སོགས་དེང་རབས་འགྲིམ་འགྲུལ་ཡོ་ཆས་ཀྱི་འགུལ་སྐྱོད། ལྒང་ལི་འཕེན་པ་ནས་འཕུར་མདེལ་དང་། མིས་བཟོས་སྲུང་སྐར། འཇིག་རྟེན་འཕུར་གྲུ་གཏོང་བ་སོགས་ཚང་མ་གསུང་རབ་ཤུགས་རིག་པའི་ཆོས་ཉིད་དང་ལེན་བྱས་པ་ཡིན། གསུང་རབ་ཤུགས་རིག་པའི་མཐའ་འབྲས་དེ་རྒྱ་ཆེ་བའི་ཁྱབ་ཁོངས་སུ་དོན་དངོས་དང་མཐུན་པར་ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་གྱི་ཡང་དག་རང་བཞིན་ར་སྤྲོད་བྱས་པ་རེད། འོན་ཀྱང་། ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་དེ་དངོས་ལུགས་གཏན་སྲོལ་ཡོད་ཚད་དང་འདྲ་བར་སྤྱོད་ཁོངས་ངེས་ཅན་ལྡན། ཆེ་མཐོང་དངོས་གཟུགས་ཀྱི་དམའ་འགྲོས་འགུལ་སྐྱོད(འོད་ཀྱི་འགྲོས་ཚད་ལས་ཧ་ཅང་ཆུང་བའི་འགུལ་སྐྱོད་ལ་བསྟན)ཀྱི་གནད་དོན་ཐག་གཅོད་བྱེད་པ་སྟེ། ཆེ་མཐོང་དངོས་གཟུགས་སྣ་ཚོགས་ཀྱི་འགུལ་སྐྱོད་ལ་གསུང་རབ་ཤུགས་རིག་པ་སྤྱོད་ཧ་ཅང་འོས་པ་ཡིན། དུས་རབས20ཡི་དུས་འགོར། དངོས་ལུགས་རིག་པ་བ་མིང་གྲགས་ཅན་ཨིན་སི་ཐེན(1879-1955)གྱིས་ཁྱབ་ཆུང་བལྟོས་བཅས་སྨྲ་བ་བཏོན་ནས། གསུང་རབ་ཤུགས་རིག་པའི་སྡོམ་ཚིག་འགའ་བསྒྱུར་བཅོས་བྱས། གསུང་རབ་ཤུགས་རིག་པའི་ཁྲོད་དུ། དངོས་གཟུགས་ཀྱི་སྤུས་ཚད་ནི་འགྱིར་བ་མེད་པ་ཞིག་ཡིན་ནོད། འོན་ཀྱང་བལྟོས་བཅས་སྨྲ་བ་ལས་སྤུས་ཚད་ནི་འགྲོས་ཚད་དང་བསྟུན་ནས་འཕར་བ་ཡིན་ཞེས་བསྟན། དམའ་འགྲོས་འགུལ་སྐྱོད་ཁྲོད་དུ།སྤུས་ཚད་ཀྱི་འཕར་ཚད་ཧ་ཅང་ཆུང་བས། གསུང་རབ་ཤུགས་རིག་པ་སྤྱོད་ཧ་ཅང་འོས། འགྲོས་ཚད་ནི་འོད་ཀྱི་འགྲོས་ཚདcདང་ཉེ་བ་སྟེ། དཔེར་ན་འགྲོས་ཚདu=0.8cཡིན་སྐབས། སྤུས་ཚད་ཧ་ལམ་སྔར་གྱི་སྤུས་ཚད་ཀྱི་ལྡབ1.7ལ་འཕར་ཐུབ། སྐབས་འདིར་གསུང རབ་ཤུགས་རིག་པ་སྤྱོད་མི་འོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།