སྡུད་ལས་གློག་འབྱུང་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡུད་ལས་གློག་འབྱུང་ཚུལ།
ཨེར་སི་ཐེད་ཀྱི་དངོས་བཤེར་ལས། གློག་རྒྱུན་གྱི་མཐའ་སྐོར་དུ་སྡུད་ར་ཡོད་པ་གསལ་སྟོན་བྱས་པ་དང་སྡུད་ལས་གློག་འབྱུང་ཚུལ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
磁生电
1 ​སྡུད་ལས་གློག་འབྱུང་ཚུལ།

ཨེར་སི་ཐེད་ཀྱིས་གློག་རྒྱུན་གྱི་སྡུད་ནུས་སྣང་རྟོགས་རྗེས། ཚན་རིག་པ་མང་པོ་ཞིག་གིས་གློག་རྒྱུན་ལས་སྡུད་འབྱུང་ཐུབ་ན།  སྡུད་ལས་གློག་འབྱུང་ཐུབ་བམ་ཞེས་པའི་གནད་དོན་དེར་བསམ་གཞིག་བཏང་། དབྱིན་ཇིའི་དངོས་ལུགས་རིག་པ་བ་ཧྥ་ར་ཏེས་ལོ་ངོ10ཡི་རིང་པ་འཚོལ་ཞིབ་བྱས་མཐར། 1831ལོར་དཀའ་གནད་བརྟོལ་ཐུབ་པ་བྱུང་སྟེ། སྡུད་ར་བེད་སྤྱད་ནས་གློག་རྒྱུན་འབྱུང་བའི་ཆ་རྐྱེན་དང་ཆོས་ཉིད་རྟོགས་པ་རེད། ཧྥ་ར་ཏེ་ཡི་ཤེས་རྟོགས་དེས་གློག་སྣང་ཚུལ་དང་སྡུད་སྣང་ཚུལ་བར་གྱི་འབྲེལ་བ་སྔར་ལས་ལྷག་པར་གསལ་སྟོན་བྱས། ཤེས་རྟོགས་འདི་གཞིར་བཟུང་ནས། རྗེས་སུ་གློག་འདོན་འཕྲུལ་ཆས་གསར་གཏོད་བྱས་པས། མིའི་རིགས་ཀྱིས་གློག་རྒྱ་ཁྱབ་ཏུ་སྤྱོད་ཐུབ་པར་གྱུར་བ་དང་། གློག་ཤུགས་ཅན་གྱི་དུས་རབས་ཤིག་གསར་བཏོད་བྱས། 

ད་ལྟ། ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བཀོལ་བའི་གློག་གམ་ཡང་ན་བཟོ་ཞིང་ལས་ཀྱི་ཐོན་སྐྱེད་ཁྲོད་དུ་བཀོལ་བའི་གློག་གང་ཡིན་རུང་། མང་ཆེ་ཤོས་ནི་གློག་དྲ་ལས་འདོན་སྤྲོད་བྱས་ཤིང་། གློག་འདོན་བཟོ་གྲྭའི་གློག་འདོན་འཕྲུལ་ཆས་ལས་བཏོན་ཏེ། ད་རུང་རྒྱང་རིང་དུ་སྐྱེལ་འདྲེན་བྱེད་པ་བརྒྱུད་དེ། བཟོ་གྲྭ་དང་ཞིང་སྡེ། སློབ་གྲྭ ཁྱིམ་ཚང་བཅས་སུ་ཐོན་པ་རེད། མེ་ཤུགས་གློག་འདོན་གྱི་ཁྲོད་དུ། རླངས་སྒུལ་འཕྲུལ་འཁོར་གྱིས་གློག་འདོན་འཕྲུལ་ཆས་སྒུལ་ཁྲིད་བྱེད་པ་དང་། ཆུ་ཤུགས་གློག་འདོན་གྱི་ཁྲོད་དུ། ཆུ་སྒུལ་འཕྲུལ་ཆས་ཀྱིས་གློག་འདོན་འཕྲུལ་ཆས་སྒུལ་ཁྲིད་བྱེད་ལ། རླུང་ཤུགས་གློག་འདོན་གྱི་ཁྲོད་དུ། རླུང་འཁོར་གྱིས་གློག་འདོན་འཕྲུལ་ཆས་སྐུལ་ཁྲིད་བྱེད་པ་ཡིན། མེ་ཤུགས་གློག་འདོན་ནམ་ཆུ་ཤུགས་གློག་འདོན། ཡང་ན་རླུང་ཤུགས་གློག་འདོན་གང་ཡིན་རུང་གློག་འདོན་འཕྲུལ་ཆས་ནི་ཆེས་གལ་ཆེ་བའི་གློག་ཁུངས་ཡིན། གློག་འདོན་འཕྲུལ་ཆས་ནི་འཕྲུལ་ཆས་ནུས་པ་དེ་གློག་ནུས་སུ་འཕོ་འགྱུར་བྱེད་པའི་སྒྲིག་ཆས་ཤིག་ཡིན།

2 སྡུད་ལས་གློག་འབྱུང་ཐུབ།

14.png

ཨེར་སི་ཐེད་ཀྱི་དངོས་བཤེར་ལས། གློག་རྒྱུན་གྱི་མཐའ་སྐོར་དུ་སྡུད་ར་ཡོད་པ་གསལ་སྟོན་བྱས་པ་རེད། གློག་ལས་སྡུད་འབྱུང་ཐུབ་ན།  སྡུད་ལས་ཀྱང་གློག་འབྱུང་ཐུབ་ངེས།

རྨིག་དབྱིབས་སྡུད་གཟུགས་ཀྱི་སྡུད་རའི་ཁྲོད་དུ་འདྲེན་སྐུད་ཅིག་བཞག་སྟེ། འདྲེན་སྐུད་ཀྱི་སྣེ་གཉིས་གློག་རྒྱུན་འཇལ་ཆས་དང་སྦྲེལ་དགོས། འདྲེན་སྐུད་དང་གློག་རྒྱུན་འཇལ་ཆས་ཀྱིས་ཁ་ཟུམ་གློག་ལམ་ཞིག་གྲུབ་པ་རེད། ཇི་ལྟར་བྱས་ན་ད་གཟོད་གློག་ལམ་དུ་གློག་རྒྱུན་འབྱུང་དུ་འཇུག་ཐུབ། འདྲེན་སྐུད་སྡུད་རའི་ཁྲོད་དུ་ཞི་འཇགས་སུ་བཞག་སྟེ། དྲག་ཚད་མི་འདྲ་བའི་ཡུན་བརྟན་སྡུད་གཟུགས་བརྗེ་རེད་བྱེད་པ། འདྲེན་སྐུད་སྡུད་རའི་ཁྲོད་དུ་ཞི་འཇགས་སུ་བཞག་མོད། འོན་ཀྱང་འདྲེན་སྐུད་ཉག་གཅིག་ཅན་མི་བཀོལ་བར། དཀྲིས་གྲངས་ཧ་ཅང་མང་བའི་དཀྲིས་སྐུད་བཀོལ་བ། འདྲེན་སྐུད་དེ་སྡུད་རའི་ཁྲོད་དུ་ཁ་ཕྱོགས་མི་འདྲ་བར་འགུལ་སྐྱོད་བྱེད་དུ་འཇུག་པ། 

ཁ་ཟུམ་གློག་ལམ་དུ་གློག་རྒྱུན་འབྱུང་བའི་ཆ་རྐྱེན་ཤེས་ཐུབ། གལ་ཏེ་སྡུད་ལྟོས་འབྱུང་ཐིག་ནི་སྐུད་པ་ངོ་མ་ཞིག་དང་། འདྲེན་སྐུད་ནི་གྲི་ཞིག་ཡིན་པར་སྙམ་ན། འགྲེལ་བཤད་བྱེད་དུས་ཅུང་སླ་ཡང་སྲིད།

3 གཙོ་གནད།

འདྲེན་གཟུགས་དེ་སྡུད་རའི་ཁྲོད་དུ་འགུལ་སྒྱོད་བྱས་པ་ལས་གློག་རྒྱུན་འབྱུང་ཚུལ་དེ་ནི་གློག་སྡུད་ལྟོས་འབྱུང(electromagnetic induction)གི་སྣང་ཚུལ་ཞིག་ཡིན་པས། བྱུང་བའི་གློག་རྒྱུན་དེར་ལྟོས་འབྱུང་གློག་རྒྱུན(induction current)ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-04

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།