འགུལ་སྐྱོད་ཞིབ་བརྗོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགུལ་སྐྱོད་ཞིབ་བརྗོད།
འགུལ་སྐྱོད་ནི་འཇིག་རྟེན་ཁྲོད་ཁྱབ་གདལ་དུ་འབྱུང་བའི་སྣང་ཚུལ་ཞིག་ཡིན་པ་དང་འགུལ་སྐྱོད་དང་ཞི་འཇགས་ནི་ལྟོས་བཅས་ཤིག་ཡིན་པ། དངོས་གཟུགས་གཅིག་པའི་འགུལ་སྐྱོད་ཞིབ་བརྗོད་བྱེད་སྐབས། སྡོམ་ཚིག་ཀྱང་མི་མཐུན་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
运动描述
1 འགུལ་སྐྱོད།

འགུལ་སྐྱོད་ནི་འཇིག་རྟེན་ཁྲོད་ཁྱབ་གདལ་དུ་འབྱུང་བའི་སྣང་ཚུལ་ཞིག་ཡིན། མཆོང་རྒྱུག་བྱེད་པའི་གཟིག་དང་ནམ་མཁའི་སྐར་མདའ་ནི་འགུལ་སྐྱོད་བྱེདཔ་ཡིན་ལ། ཁང་བ་དང་ཟམ་པ། ཤིང་སྡོང་དག་ཀྱང་སའི་གོ་ལའི་རང་འཁོར་དང་སྤྱི་འཁོར་ལ་བསྟུན་ནས་འགུལ་སྐྱོད་བྱེད་བཞིན་ཡོད། ནམ་མཁའི་བརྟན་སྐར་ནི་བལྟས་པ་ཙམ་གྱིས་འགུལ་སྐྱོད་བྱེད་བཞིན་མེད་པ་དང་འདྲ་མོད། འོན་ཀྱང་དོན་དངོས་སུ་དེ་དག་ཀྱང་མགྱོགས་མྱུར་གྱིས་འགུལ་སྐྱོད་བྱེད་བཞིན་ཡོད། འགྲོས་ཚད་མ་མཐའ་ཡང་སྐར་ཆ་རེར་སྟོང་སྨི་བཅུ་ཕྲག་འགའི་ཡན་དུ་སླེབ་ཐུབ་ཅིང་། བར་ཐག་ཤིན་ཏུ་རིང་བས་ལོ་ངོ་བཅུ་ཕྲག་འགའ་དང་བརྒྱ་ཕྲག་འགའི་ནང་དུ། ང་ཚོའི་མིག་གིས་དེ་དག་གི་གནས་སའི་འགྱུར་ལྡོག་མཐོང་ཐུབ། དངོས་ལུགས་རིག་པའི་ཁྲོད་དུ། ང་ཚོས་དངོས་གཟུགས་ཀྱི་གནས་སའི་འགྱུར་ལྡོག་ལ་འཕྲུལ་ཆས་འགུལ་སྐྱོད(mechanical motion)ཟེར།

2 ལྟོས་གཞིའི་དངོས་པོ།

སྐབས་འགར། དངོས་གཟུགས་ཤིག་འགུལ་སྐྱོད་བྱེད་མིན་ལ་ཞིབ་བརྗོད་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན། ཁྱོད་ལ་གཤམ་གྱི་མྱོང་ཚོར་ཡོད་མྱོང་ཡང་སྲིད་དེ། མེ་འཁོར་གཉིས་བཤིབས་ནས་འབབ་ཚིགས་སུ་བསྡད་ཡོད་སྐབས། ཁྱོད་མེ་འཁོར་ཞིག་གི་ནང་དུ་བསྡད་ནས་མེ་འཁོར་ཅིག་ཤོས་ལ་བལྟས་ན། རེ་ཞིག་ཏུ་རང་ཉིད་བསྡད་ཡོད་པའི་མེ་འཁོར་དེ་དལ་གྱིས་མདུན་སྐྱོད་བྱེད་པའི་ཚོར་བ་སྐྱེས། འོན་ཀྱང“མདུན་སྐྱོད”བྱས་ནས་མེ་འཁོར་དེའི་མཇུག་མཐོང་བ་ན། ད་གཟོད་རང་ཉིད་བསྡད་ཡོད་པའི་མེ་འཁོར་ད་དུང་འབབ་ཚིགས་སུ་བསྡད་ཡོད་པ་དང་། མེ་འཁོར་ཅིག་ཤོས་དེ་རང་གི་ལྡོག་ཕྱོགས་སུ་འགུལ་སྐྱོད་བྱེད་པ་ཤེས། ཁྱོད་ཀྱི་འཕྲུལ་སྣང་དེ་ཇི་ལྟར་བྱུང་བ་ཡིན་ཞེ་ན། དོན་དངོས་སུ། ཁྱོད་ཀྱི་བརྡར་ཤ་བཅད་པ་གཉིས་ཀར་གནས་ལུགས་མེད་པ་ཞིག་མིན། གལ་ཏེ་མེ་འཁོར་ཅིག་ཤོས་དེ་ཚད་གཞི་རུ་བཟུང་ན། ཁྱོད་བསྡད་ཡོད་པའི་མེ་འཁོར་དེ་འགུལ་སྐྱོད་བྱེད་པ་ཡིན། གལ་ཏེ་ས་ངོས་ཚད་གཞི་རུ་བཟུང་ན། ཁྱོད་བསྡད་ཡོད་པའི་མེ་འཁོར་དེ་ཞི་འཇགས་ཤིག་ཡིན། དེ་ལས། དངོས་གཟུགས་ཤིག་འགུལ་སྐྱོད་བྱེད་པ་ཡིན་མིན་བཤད་དུས། དངོས་གཟུགས་གང་ཞིག་ཚད་གཞིར་འཛིན་རྒྱུར་རག་ལས་ཡོད་པ་བསྟན། ཚད་གཞིར་བདམས་པའི་དངོས་གཟུགས་དེར་ལྟོས་གཞིའི་དངོས་པོ(reference object)ཟེར།

3 འགུལ་སྐྱོད་དང་ཞི་འཇགས།

ལྟོས་གཞིའི་དངོས་རྫས་ནི་དགོས་མཁོ་ལྟར་འདེམས་ཆོག གལ་ཏེ་བདམས་པའི་ལྟོས་གཞིའི་དངོས་རྫས་མི་མཐུན་ན། དངོས་གཟུགས་གཅིག་པའི་འགུལ་སྐྱོད་ཞིབ་བརྗོད་བྱེད་སྐབས། སྡོམ་ཚིག་ཀྱང་མི་མཐུན། དེ་ལས་ཤེས་ཐུབ་པ་ནི། དངོས་གཟུགས་ཀྱི་འགུལ་སྐྱོད་དང་ཞི་འཇགས་ནི་ལྟོས་བཅས་ཡིན། སྟབས་བདེ་བའི་ཆེད་དུ། ང་ཚོས་རྒྱུན་པར་ས་གཞི་ལྟོས་གཞིའི་དངོས་རྫས་བྱེད།

འགུལ་སྐྱོད་དང་ཞི་འཇགས་ནི་ལྟོས་བཅས་ཤིག་ཡིན། སྣང་ཚུལ་དེ་ནི་ང་ཚོའི་འཚོ་བའི་ཁྲོད་དུ་གང་སར་མཐོང་ཐུབ། དལ་མགྱོགས་མཚུངས་པ་དང་ཁ་ཕྱོགས་མཐུན་པར་སྐྱོད་པའི་རླངས་འཁོར་དང་རྔ་སྡུད་མཉམ་བྱེད་འཕྲུལ་འཁོར་གཉིས་ལ་མཚོན་ན། ས་གཞི་ལྟོས་གཞིའི་དངོས་པོར་བདམས་ཚེ། དེ་གཉིས་ཀ་འགུལ་སྐྱོད་བྱེད་པ་དང་། དེ་གཉིས་ལས་གང་རུང་གཅིག་ལྟོས་གཞི་དངོས་པོར་བདམས་ན། ཅིག་ཤོས་ནི་ཞི་འཇགས་ཏེ་ལྟོས་བཅས་ཀྱིས་ཞི་འཇགས་སུ་གནས་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།