ཚ་བའི་འཕྲུལ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚ་བའི་འཕྲུལ་ཆས།
འབར་རྫས་ཀྱི་རྫས་འགྱུར་ནུས་པ་དེ་འབར་ནས་ནང་ནུས་སུ་གྱུར་པ་དང་། དེས་རྩོལ་བ་བཏོན་ཏེ་ནང་ནུས་དེ་འཕྲུལ་ཆས་ནུས་པར་བསྒྱུར། ཚ་བའི་འཕྲུལ་འཁོར་གྱི་རིགས་ཧ་ཅང་མང་བ། རླངས་འཁོར་སྟེང་དུ་བཀོལ་བའི་སྒུལ་ཤུགས་འཕྲུལ་ཆས་ནི་ནང་འབར་འཕྲུལ་འཁོར་ཡིན་པ་སོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热机械
1 ནུས་ཚད་འཕོ་འགྱུར་བྱུང་ཚུལ།

དངོས་བཤེར་དེས་འགྲོ་བ་མིས་ནང་ནུས་བཀོལ་བའི་བརྒྱད་རིམ་བསྟན་ཡོད། འབར་རྫས་ཀྱི་རྫས་འགྱུར་ནུས་པ་དེ་འབར་ནས་ནང་ནུས་སུ་གྱུར་པ་དང་། དེས་རྩོལ་བ་བཏོན་ཏེ་ནང་ནུས་དེ་འཕྲུལ་ཆས་ནུས་པར་བསྒྱུར། ཚ་བའི་འཕྲུལ་འཁོར་གྱི་རིགས་ཧ་ཅང་མང་སྟེ། དཔེར་ན། རླངས་སྒུལ་འཕྲུལ་འཁོར་དང་ནང་འབར་འཕྲུལ་འཁོར། རླུང་སྒུལ་འཕྲུལ་འཁོར། རླུང་འབུད་སྒུལ་བྱེད་འཕྲུལ་འཁོར་སོགས་ལྟ་བུ། དེ་དག་གི་གྲུབ་ཚུལ་མི་མཐུན་ཡང་། ཚང་མ་ནང་ནུས་དེ་འཕྲུལ་ཆས་ནུས་པར་སྒྱུར་བའི་འཕྲུལ་ཆས་ཡིན། ཚ་བའི་འཕྲུལ་ཆས་རྒྱ་ཆེར་བཀོལ་སྤྱོད་བྱས་པས། འགྲོ་བ་མི་བཟོ་ལས་ཅན་གྱི་སྤྱི་ཚོགས་ལ་ཐོན།

2 ནང་འབར་འཕྲུལ་འཁོར།

རླངས་འཁོར་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འགྲིམ་འགྲུལ་ཡོ་བྱེད་ཅིག་ཡིན་ཞིང་། རླངས་འཁོར་སྟེང་དུ་བཀོལ་བའི་སྒུལ་ཤུགས་འཕྲུལ་ཆས་ནི་ནང་འབར་འཕྲུལ་འཁོར་ཡིན། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ་ནང་འབར་འཕྲུལ་འཁོར་ནི་ཆེས་རྒྱུན་མཐོང་གི་ཚ་བའི་འཕྲུལ་ཆས་ཤིག་ཡིན། ནང་འབར་འཕྲུལ་འཁོར་གྱིས་རླུང་སྣོད་ནང་ནས་རླངས་སྣུམ་མམ་ཡང་ན་ཁྲེའེ་སྣུམ་སྦར་བ་ཡིན། རླངས་འཁོར་མང་ཆེ་བ་ནང་འབར་འཕྲུལ་ཆས་ཀྱིས་རླངས་སྣུམ་སྦར་བ་ཡིན་པས། རླངས་སྣུམ་འཕྲུལ་འཁོར་ཡང་ཟེར། རླངས་སྣུམ་དེ་རླུང་སྣོད་ནང་དུ་འབར་སྐབས་དྲོད་ཚད་མཐོ་དང་གནོན་མཐོའི་འབར་རླུང་བྱུང་ནས་སྲུབ་མདའ་སྒྲུལ་འདེད་བྱས་ཏེ་རྩོལ་བ་འདོན་པ་ཡིན།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། ཚ་བའི་འཕྲུལ་ཆས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།