ཤུགས་ཀྱི་མཚོན་རིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤུགས་ཀྱི་མཚོན་རིས།
ཤུགས་ཀྱི་ཆེ་ཆུང་ལ་ཤུགས་འཇལ་རྩིས་ཆས(ལྡེམ་རྩིབ་རྒྱ་མ)བཀོལ་ནས་གཞད་ཆོག་པ། ཤུགས་ལ་ཆེ་ཆུང་ཡོད་པ་མ་ཟད་ཁ་ཕྱོགས་ཀྱང་ཡོད། དངོས་གཟུགས་ལ་ཐེབས་པའི་ལྗིད་ཤུགས་ནི་གཞུང་དྲང་ཐུར་ཕྱོགས་ཡིན་ལ། གཤེར་གཟུགས་ནང་དངོས་གཟུགས་ལ་ཐེབས་པའི་འཕྱོ་ཤུགས་ནི་གཞུང་དྲང་གྱེན་ཕྱོགས་ཡིན། ཤུགས་ཀྱི་ཁ་ཕྱོགས་མི་འདྲ་ན། དེའི་བྱེད་ནུས་ཀྱི་ཕན་ནུས་ཀྱང་མི་འདྲ་བ། ཤུགས་ནི་ཐིག་དུམ་མདའ་མགོ་ཅན་ཞིག་གིས་མཚོན་ཆོག་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
力的示意图
1 ​ཤུགས་ཀྱི་མཚོན་རིས།

4.png

ཤུགས་ཀྱི་ཆེ་ཆུང་ལ་ཤུགས་འཇལ་རྩིས་ཆས(ལྡེམ་རྩིབ་རྒྱ་མ)བཀོལ་ནས་གཞད་ཆོག རྒྱལ་སྤྱིའི་འཇལ་བྱེད་ལུགས་སུ་ཤུགས་ཀྱི་འཇལ་བྱེད་ནི་ཉིའུ་ཏུན་ཡིན་ལ། བསྡུས་མིས་ལ་ཉིའུ་ཟེར་ཞིང་། མཚོན་རྟགས་ནིNཡིན།

2 ཤུགས་ཀྱི་ཆེ་ཆུང་དང་ཁ་ཕྱོགས།

3.png

ཤུགས་ལ་ཆེ་ཆུང་ཡོད་པ་མ་ཟད་ཁ་ཕྱོགས་ཀྱང་ཡོད། དངོས་གཟུགས་ལ་ཐེབས་པའི་ལྗིད་ཤུགས་ནི་གཞུང་དྲང་ཐུར་ཕྱོགས་ཡིན་ལ། གཤེར་གཟུགས་ནང་དངོས་གཟུགས་ལ་ཐེབས་པའི་འཕྱོ་ཤུགས་ནི་གཞུང་དྲང་གྱེན་ཕྱོགས་ཡིན། ཤུགས་ཀྱི་ཁ་ཕྱོགས་མི་འདྲ་ན། དེའི་བྱེད་ནུས་ཀྱི་ཕན་ནུས་ཀྱང་མི་འདྲ། འགུལ་སྐྱོད་བྱེད་བཞིན་པའི་དངོས་གཟུགས་སྟེང་དུ་བྱེད་ནུས་འདོན་པའི་ཤུགས་དེའི་ཁ་ཕྱོགས་གལ་ཏེ་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་མཐུན་ན། དངོས་གཟུགས་ཀྱི་འགུལ་སྐྱོད་ཇེ་མགྱོགས་སུ་གཏོང་བ་དང་། གལ་ཏེ་ཤུགས་ཀྱི་ཁ་ཕྱོགས་ནི་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་ལྡོག་ན། དངོས་གཟུགས་ཀྱི་འགུལ་སྐྱོད་ལ་བཀག་འགོག་བྱེད་པ་རེད། དེ་ལས་ཤུགས་ཤིག་གསལ་བོར་མཚོན་དགོས་ན། ཤུགས་ཀྱི་ཆེ་ཆུང་ལས་གཞན། ད་དུང་ཤུགས་ཀྱི་ཁ་ཕྱོགས་ཀྱང་གསལ་བོར་སྟོན་དགོས་པ་ཤེས་ཐུབ། 

3 ཤུགས་ནི་ཐིག་དུམ་མདའ་མགོ་ཅན་ཞིག་གིས་མཚོན་ཆོག

5.png

ཤུགས་ནི་ཐིག་དུམ་མདའ་མགོ་ཅན་ཞིག་གིས་མཚོན་ཆོག ཐིག་དུམ་ནི་བསྡུར་ཚད་ངེས་ཅན་ལྟར(ཚད་རྟགས)བྲིས་པ་ཡིན། དེའི་རིང་ཐུང་གིས་ཤུགས་ཀྱི་ཆེ་ཆུང་མཚོན་པ་དང་། མདའ་མགོ་སྟོན་ཕྱོགས་ཀྱིས་ཤུགས་ཀྱི་ཁ་ཕྱོགས་མཚོན། མདའ་མགོའམ་རྟིང་གིས་ཤུགས་ཀྱི་བྱེད་ནུས་ཚེག་མཚོན་པ་ཡིན། ཤུགས་ཀྱི་ཁ་ཕྱོགས་དེད་པའི་དྲང་ཐིག་ལ་ཤུགས་ཀྱི་བྱེད་ནུས་ཐིག་ཟེར། ཤུགས་མཚོན་པའི་བྱེད་ཐབས་འདི་རིགས་ལ་ཤུགས་ཀྱི་མཚོན་རིས་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།