རྡོ་ཆས་སྤྱོད་པའི་དུས་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་ཆས་སྤྱོད་པའི་དུས་རབས།
རྡོ་ཆས་སྤྱོད་པའི་དུས་རབས་ནི་འཇར་པན་གྱིJSSཀུང་ཟིས་གསར་སྤེལ་བྱས་པ་དང་། ཧྭ་དབྱི་རྒྱལ་སྤྱིས་ལས་ཚབ་བྱས་པའི་གཟུགས་བརྙན2Dལྡན་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདི་ཀྲུང་གོའི་དུས་སྔ་མའི་དྲ་རྒྱའི་རོལ་རྩེད་ཀྱི་ཚབ་བྱེད་ཡིན་ལ། ཀྲུང་གོའི་དྲ་རྒྱའི་རོལ་རྩེད་ཀྱི་སྲོལ་གཏོད་མེས་པོ་ལྟ་བུ་ཡིན་ཞིང་། ཀྲུང་གོའི་འཁོར་སྐྱོད་ཚོང་གཉེར་གྱི་ཡུན་ནི་ལོ་བརྒྱད་ཙམ་ལ་ཉེ་བ་ཡོད། དེ་ཡང་པར་དབང་འཕྲོག་རྩོད་སོགས་ཀྱི་གནད་དོན་གྱིས། སྤྱི་ལོ2008ལོར་རོལ་རྩེད་འདི་འཁོར་སྐྱོད་ཚོང་གཉེར་བྱེད་མཚམས་བཞག་པ་དང་། རྗེས་སུ་པར་དབང་ཡོད་པའིDigiparkཀུང་ཟིས་ཧྲེང་སི་དྲ་རྒྱ(སྐམ་ས་ཆེན་པོ)དང་ཐའོ་ཀྲུའུ་ཚན་རྩལ(ཐའེ་ཝན)གཉིས་ལ་ལས་ཚབ་ཀྱི་དབང་ཆ་གནང་ནས། རྡོ་ཆས་སྤྱོད་པའི་དུས་རབས་ཡང་བསྐྱར་འཁོར་སྐྱོད་ཚོང་གཉེར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石器时代
ཐོག་མའི་མིང་།
StoneAge
རོལ་རྩེད་ཀྱི་རིགས།
MMORPG
གསར་སྤེལ་ཀུང་ཟི།
JSS(1.0-3.0),ཧྭ་དབྱི(4.0-8.0)
འགྲེམ་སྤེལ་ཀུང་ཟི།
ཧྭ་དབྱི་རྒྱལ་སྤྱི།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ1999ལོ།
ལས་ཚབ་ཀུང་ཟི།
ཧྭ་དབྱི་རྒྱལ་སྤྱི(1.0-7.5)དང་ཅིན་ཧྲན(རྡོ་ཆས་སྤྱོད་པའི་དུས་རབས 8.0)
ལས་ཚབ་ཀུང་ཟི་གསར་བ།
ཧྲེང་སི་དྲ་རྒྱ(སྐམ་ས་ཆེན་པོ)དང་ཐའོ་ཀྲུའུ་ཚན་རྩལ(ཐའེ་ཝན)
རོལ་རྩེད་ཀྱི་གཟུགས་བརྙན།
2D
1 ངོ་སྤྲོད།

རྡོ་ཆས་སྤྱོད་པའི་དུས་རབས་ནི་འཇར་པན་གྱིJSSཀུང་ཟིས་གསར་སྤེལ་བྱས་པ་དང་།    ཧྭ་དབྱི་རྒྱལ་སྤྱིས་ལས་ཚབ་བྱས་པའི་གཟུགས་བརྙན2Dལྡན་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།    རོལ་རྩེད་འདི་ཀྲུང་གོའི་དུས་སྔ་མའི་དྲ་རྒྱའི་རོལ་རྩེད་ཀྱི་ཚབ་བྱེད་ཡིན་ལ།    ཀྲུང་གོའི་དྲ་རྒྱའི་རོལ་རྩེད་ཀྱི་སྲོལ་གཏོད་མེས་པོ་ལྟ་བུ་ཡིན་ཞིང་།   ཀྲུང་གོའི་འཁོར་སྐྱོད་ཚོང་གཉེར་གྱི་ཡུན་ནི་ལོ་བརྒྱད་ཙམ་ལ་ཉེ་བ་ཡོད།    དེ་ཡང་པར་དབང་འཕྲོག་རྩོད་སོགས་ཀྱི་གནད་དོན་གྱིས།    སྤྱི་ལོ2008ལོར་རོལ་རྩེད་འདི་འཁོར་སྐྱོད་ཚོང་གཉེར་བྱེད་མཚམས་བཞག་པ་དང་།    རྗེས་སུ་པར་དབང་ཡོད་པའིDigiparkཀུང་ཟིས་ཧྲེང་སི་དྲ་རྒྱ(སྐམ་ས་ཆེན་པོ)དང་ཐའོ་ཀྲུའུ་ཚན་རྩལ(ཐའེ་ཝན)གཉིས་ལ་ལས་ཚབ་ཀྱི་དབང་ཆ་གནང་ནས།    རྡོ་ཆས་སྤྱོད་པའི་དུས་རབས་ཡང་བསྐྱར་འཁོར་སྐྱོད་ཚོང་གཉེར་བྱས།

2 རོལ་རྩེད་ཀྱི་མ་ལག

1.རང་ཉིད་སྦྱོང་བརྡར།

རོལ་རྩེད་ལ་ཐོག་མར་རྩེ་དུས།    རོལ་རྩེད་ཁྲོད་གསོག་དངུལ་མེད་པར་མ་ཟད།   བདམས་ཆོག་པའི་རྣམ་གྲངས་ཀྱང་མེད།    འདིའི་སྐབས་གཅེས་ནོར་སྲོག་ཆགས་དང་འགྲོག་ནས།   ལག་སྟོང་མཚོན་མེད་ངང་མི་གཞན་ལ་འཐབ་དགོས་ལ།   འདི་ལྟ་བུའི་འཐབ་འཁྲུག་གི་རྣམ་པ་དེ་གྲོང་སྡེའི་ཉེ་འགྲམ་དུ་བཀོལ་ན་གནད་དོན་མེད་པ་ཡིན།    མ་ལག་འདིའི་ནང་མི་གཞན་དང་གྲོགས་བསྒྲིགས་ནས་རང་ཉིད་སྦྱོང་བརྡར་བྱ་བ་དང་།   རྡོ་ཆས་སྤྱོད་པའི་རབས་སུ་སོང་ནས་རང་ཉིད་སྦྱོང་བརྡར་བྱ་བ་ཡིན།

2.འཐབ་འཁྲུག་གི་མ་ལག

དུས་རྒྱུན་ཚུར་རྒོལ་དུ་ཡོང་བའི་རྔམ་འབྲུག་དེ་བརྙན་རིས་སུ་མཐོང་མི་ཐུབ་པ་ཡིན་ལ།    གློ་བུར་དུ་རྔམ་འབྲུག་ལ་འཕྲད་ན།    བརྙན་རིས་དེ་འཐབ་འཛིང་གི་བརྙན་རིས་སུ་འགྱུར་འགྲོ་བ་དང་།    དེའི་སྐབས་རྔམ་འབྲུག་དང་འཐབ་ཆོག་པ་ཡིན།    གཞན་གཡུལ་འགྱེད་གཞན་པ་དང་འཕྲད་ན།    དེའི་ཁྲོད་དུ་ཞུགས་ཆོག་ལ།    རྩེད་མོ་བ་གཞན་པ་ལ་རོགས་བྱས་ནས་མི་དང་མིའི་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ་དེའང་ཧ་ཅང་གཙོ་བོ་ཞིག་ཡིན།    དེ་མ་ཟད་རྩེད་གྲོགས་གཞན་པ་དང་འགྲན་བཙུགས་ནས།    འཐབ་ཆོག་པ་དང་།    རྒྱལ་ཁ་བླངས་ན་གཞན་གྱི་གཅེས་ནོར་སྲོག་ཆགས་བླངས་ཆོག་ལ།   ཕམ་ཁ་བླངས་ན་རང་གི་གཅེས་ནོར་སྲོག་ཆགས་གཞན་ལ་ཕུལ་ཆོག་པ་ཡིན།

3.སྙིང་རྗེ་བོའི་གཅེས་ནོར་སྲོག་ཆགས།   

རོལ་རྩེད་འདིའི་ཁྲོད་མེད་དུ་མི་རུང་བ་ནི་སྙིང་རྗེ་བོའི་གཅེས་ནོར་སྲོག་ཆགས་ཏེ་རྔམ་འབྲུག་ཡིན།    རོལ་རྩེད་ཁྲོད་ཚུར་རྒོལ་བྱེད་དུ་ཡོང་བའི་རྔམ་འབྲུག་དེ་ཆམ་ལ་ཕབ་རྗེས།    རང་ཉིད་ཀྱི་གཅེས་ནོར་སྲོག་ཆགས་བྱེད་དུ་བཅུག་ཆོག་ལ།    གཅེས་ནོར་སྲོག་ཆགས་ཁྲིད་ནས་མི་གཞན་ལ་འཐབ་ཆོག་པ་དང་།    གཅེས་ནོར་སྲོག་ཆགས་དེ་རོལ་རྩེད་ཁྲོད་ཀྱི་དུང་ཙེ་ལའང་བརྗེ་ཆོག་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།