རལ་གྲི་སྐར་མདའ་མOL
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རལ་གྲི་སྐར་མདའ་མOL
རལ་གྲི་སྐར་མདའ་མ་ནི་ཅིའུ་ཡིའུ་ཡིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་བདེན་འཛིན་དཔའ་རྟུལ་བརྗོད་གཞི་ཡིན་པའི་གཟུགས་བརྙན3Dཅན་གྱིMMOARPGདང་བདེན་འཛིན་དཔའ་རྟུལ་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདི་ནི་ཆེས་ལེགས་པའི་སྒུལ་བྱེད་འཕྲུལ་ཆསunreal3བཀོལ་ནས་སྒྲིག་བཟོ་བྱས་པ་ཡིན་པས། རྩེད་མོ་བ་ལ་ཆེས་ལེགས་པའི་འགུལ་རིས་ཀྱི་གཟུགས་བརྙན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམར་འཛིང་གི་དྲག་རྩལ་གྱི་ཞིང་ཁམས་ཤིག་མངོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
流星蝴蝶剑online
མིང་གཞན།
流星蝴蝶剑OL
རོལ་རྩེད་ཀྱི་རིགས།
MMOARPGདང་བདེན་འཛིན་དཔའ་རྟུལ་གྱི་རིགས།
གསར་སྤེལ་ཀུང་ཟི།
ཅིའུ་ཡིའུ།
འགྲེམ་སྤེལ་ཀུང་ཟི།
ཅིའུ་ཡིའུ།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2012ལོའི་ཟླ5བའི་ཚེས8ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
འཁོར་སྐྱོད་ཚོང་གཉེར་བྱ་ཐབས།
རིན་མི་དགོས་པའི་འཁོར་སྐྱོད་ཚོང་གཉེར།
1 ངོ་སྤྲོད།

རལ་གྲི་སྐར་མདའ་མ་ནི་ཅིའུ་ཡིའུ་ཡིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་བདེན་འཛིན་དཔའ་རྟུལ་བརྗོད་གཞི་ཡིན་པའི་གཟུགས་བརྙན3Dཅན་གྱིMMOARPGདང་བདེན་འཛིན་དཔའ་རྟུལ་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ།    རོལ་རྩེད་འདི་ཆེས་ལེགས་པའི་སྒུལ་བྱེད་འཕྲུལ་ཆསunreal3བཀོལ་ནས་སྒྲིག་བཟོ་བྱས་པ་ཡིན་པས།   རྩེད་མོ་བ་ལ་ཆེས་ལེགས་པའི་འགུལ་རིས་ཀྱི་གཟུགས་བརྙན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམར་འཛིང་གི་དྲག་རྩལ་གྱི་ཞིང་ཁམས་ཤིག་མངོན་པ་ཡིན།

2 ཁྱད་ཆོས་ཆེན་པོ་དགུ

1.གསུང་རབ་བརྒྱུད་འཛིན་བྱ་བ།    རལ་གྲི་སྐར་མདའ་མ་ནི་ཧ་ཅང་གྲགས་ཆེ་བའི་བདེན་འཛིན་དཔའ་རྟུལ་གྱི་བརྩམས་སྒྲུང་མཁས་ཆེན་ཀུའུ་ལུང་གི་བརྩམས་ཆོས་ཤིག་ཡིན་ལ།    རོལ་རྩེད་འདིས་མཁས་ཆེན་འདིའི་བརྩམས་ཆོས་ཏེ་རོལ་རྩེད་ཀྱི་རྒྱབ་ལྗོངས་བྱས་ནས་རྩེད་མོ་བ་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བདེན་འཛིན་དཔའ་རྟུལ་གྱི་ཞིང་ཁམས་ཤིག་མངོན་པ་ཡིན།

2.གཟུགས་བརྙན་སྤུས་དག་ཡིན་པ།    རོལ་རྩེད་འདི་ནི་ཆེས་ལེགས་པའི་སྒུལ་བྱེད་འཕྲུལ་ཆསunreal3བཀོལ་ནས་སྒྲིག་བཟོ་བྱས་པ་ཡིན་པས།   རྩེད་མོ་བ་ལ་ཆེས་ལེགས་པའི་འགུལ་རིས་ཀྱི་གཟུགས་བརྙན་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་སྙན་ངག་ལྡན་པའི་རྒྱལ་ཁམས་ཤིག་མངོན་པ་ཡིན།

3.བཀོལ་སྤྱོད་གཙིགས་སུ་འཛིན་པ།     རོལ་རྩེད་ཁྲོད་ཕ་རོལ་པ་ཕམ་པར་བྱ་འདོད་ན།   བཀོལ་སྤྱོད་ལེགས་པོ་ཞིག་སྦྱངས་དགོས་པ་ཡིན་ལ།    རྒྱུ་མཚན་ནི་རོལ་རྩེད་འདིའི་ནང་བཀོལ་སྤྱོད་གཙིགས་སུ་འཛིན་པ་ཡིན།

4.ནུས་རྩལ་གྱི་ཚན་སྡེབ།      རོལ་རྩེད་ཁྲོད་རྩེད་མོ་བས་ནུས་རྩལ་འགའ་ཚན་སྡེབ་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་དྲག་རྩལ་དུ་བཀོལ་ཆོག་པ་ཡིན།

5.རྐང་མགྱོགས་བྱ་རྩལ།    རོལ་རྩེད་ཁྲོད་རྐང་མགྱོགས་བྱ་རྩལ་གྱི་རྩལ་སོགས་བདེ་ལྕག་འཁྱུག་པོའི་རྩལ་སྣ་མང་ལྡན་པས་རྩེད་མོ་བ་ལ་སྤྲོ་སྣང་མང་པོ་སྟེར་བ་ཡིན།

6.ཁྱད་ཆོས་འབུར་ཐོན་ཡིན་པ།     རོལ་རྩེད་འདིར་འགྱུར་ལྡོག་ཁྲི་སྟོང་མང་པོའི་དམག་ཆས་ཀྱི་སྒྲིག་བཟོའི་མ་ལག་ལྡན་པ་ཡིན།

7.སྐབས་བསྟུན་གྱི་ས་ཁྲ།    གཏན་འཇགས་ཀྱི་ཟུར་དེབ་ས་ཁྲ་དང་སྐབས་བསྟུན་གྱི་ཟུར་དེབ་ས་ཁྲ་བཅས་ཟུར་དེབ་རིགས་གཉིས་ཀྱིས་གྲུབ་པའི་རལ་གྲི་སྐར་མདའ་མ་ལ་ཟུར་དེབ་ཉེན་མཆོང་གི་སྐབས་བསྟུན་རང་བཞིན་དང་སྣ་མང་གི་རྩེད་ཐབས་གཉིས་ཁ་སྣོན་བྱས་ཡོད།

8.དམག་དཔུང་མཁར་འདབས་སུ་བཅར་བ།     རོལ་རྩེད་ཁྲོད་མཁར་གྲོང་ལ་རྒོལ་བའི་མ་ལག་ལྡན་པས།    རྩེད་མོ་བས་ཧ་ཅང་འཇིགས་ཆེ་བའི་མཁར་གྲོང་ལ་རྒོལ་བའི་རྩེད་མོ་རོལ་མྱོང་བྱ་ཆོག་པ་ཡིན།

9.གང་འདོད་དུ་མི་གསོད་པའམ་དམར་འཛིང་བྱ་ཆོག་པ།     གང་འདོད་དུ་མི་གསོད་པའམ་དམར་འཛིང་བྱ་ཆོག་པ་ནི་རྒྱལ་ཁམས་ཁྲོད་ཀྱི་ངོ་བོ་ཞིག་ཡིན་ལ།  རལ་གྲི་སྐར་མདའ་མའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན།

3 མ་ལག་གི་ཁྱད་ཆོས།

1.བདེ་ལྕག་འཁྱུག་པོའི་རྩལ་གྱི་མ་ལག

2.དབུགས་སྒོམ་ནུས་པའི་རྩལ་གྱི་མ་ལག

3.ཨང་རིམ་གྱི་མ་ལག

4.དམག་ཆས་ཀྱི་མ་ལག

5.རྒྱལ་ཁམས་འགྲིམས་པའི་མ་ལག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།