ནུས་ཁུངས་གསར་བརྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུས་ཁུངས་གསར་བརྗེ།
ཉི་ནུས་དང་རླུང་ནུས། ས་འོག་ཚ་ནུས་སོགས་འཕོ་འགྱུར་བྱས་ན་ད་གཟོད་ང་ཚོས་བཀོལ་སྤྱོད་བྱས་ཆོག འགྲོ་བ་མིའི་ལོ་རྒྱུས་སྟེང་ནུས་ཚད་འཕོ་འགྱུར་གྱི་ལག་རྩལ་རྒྱུན་ཆད་མེད་པར་ཡར་ཐོན་འབྱུང་བཞིན་ཡོད་པ། ཤིང་གཙུབ་མེ་ལེན་ནི་འགྲོ་བ་མིའི་ནུས་ཚད་འཕོ་འགྱུར་ཕྱོགས་ཀྱི་ཆེས་ཐོག་མའི་ལག་རྩལ་གསར་བརྗེ་ཞིག་ཡིན་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
能源革命
1 ​འགྲོ་བ་མི་ཡར་ཐོན་གྱི་ཐེམ་སྐས།

ཉི་ནུས་དང་རླུང་ནུས། ས་འོག་ཚ་ནུས་སོགས་འཕོ་འགྱུར་བྱས་ན་ད་གཟོད་ང་ཚོས་བཀོལ་སྤྱོད་བྱས་ཆོག འགྲོ་བ་མིའི་ལོ་རྒྱུས་སྟེང་ནུས་ཚད་འཕོ་འགྱུར་གྱི་ལག་རྩལ་རྒྱུན་ཆད་མེད་པར་ཡར་ཐོན་འབྱུང་བཞིན་ཡོད།དེ་ནི་ནུས་ཁུངས་གསར་བརྫེ་ཞེས་པ་དེ་ཡིན། ནུས་ཁུངས་གསར་བརྗེ་ཡིས་འགྲོ་བ་མིའི་ཤེས་རིག་གོང་དུ་སྤེལ། གནའ་མི་ནི་སྲོག་ཆགས་གཞན་དག་དང་འདྲ་བར།སྒེར་སེམས་མེད་པས་ཉི་མས་གནང་བའི་རང་བྱུང་ནུས་ཁུངས་ཏེ་ཉི་ནུས་ཁོ་ན་བཀོལ་བ་རེད།

2 ལག་རྩལ་གསར་བརྗེ།

ཤིང་གཙུབ་མེ་ལེན་ནི་འགྲོ་བ་མིའི་ནུས་ཚད་འཕོ་འགྱུར་ཕྱོགས་ཀྱི་ཆེས་ཐོག་མའི་ལག་རྩལ་གསར་བརྗེ་ཞིག་ཡིན།རང་བྱུང་མེ་བཀོལ་བ་ནས་བཟུང་མིའི་རྩོལ་བས་མེ་ལེན་པའི་འགྱུར་ལྡོག་ལས་ཤིང་ཆ་དེ་ནུས་ཁོངས་གཙོ་བོར་བྱེད་པའི་དུས་རབས་བྱུང་། དེ་ནི་འགྲོ་བ་མིའི་ཐོག་དང་པོའི་ནུས་ཁོངས་གསར་བརྗེ་ཡིན་། སྐབས་དེའི་མི་འབོར་དང་ཐོན་སྐྱེད་ནུས་ཤུགས་ལ་མཚོན་ན། ཤིང་ཆ་ནི་གྲངས་འབོར་ཧ་ཅང་ཆེ་བ་དང་ ། འཐོབ་སླ་བའི་སླར་སྐྱེས་ནུས་ཁུངས་ཤིག་རེད་།འགྲོ་བ་མིས་ཤིང་ཆ་དེ་ནུས་ཁུངས་གཙོ་བོར་བྱས་བའི་དུས་ནི་ལོ་ཁྲི་གཅིག་ཙམ་ལ་རྒྱུན་འཁྱོངས་བྱས་། ད་ལྟ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱས་ཁབ་འགའ་རེའི་འཚོ་བའི་ནུས་ཁོངས་གཙོ་བོ་སྔར་བཞིན་ཤིང་ཆ་ཡིན།

རླངས་སྒུལ་འཕྲུལ་འཁོར་གསར་གཏོད་བྱས་པ་ནི་འགྲོ་བ་མིས་ནུས་ཚད་བཀོལ་བའི་ལམ་ཚད་རྡོ་རིང་གསར་བ་ཞིག་རེད། འགྲོ་བ་མིས་དུས་དེ་ནས་བཟུང་རིམ་བཞིན་དུ་འཕྲུལ་ཆས་འགུལ་ཤུགས་ཀྱིས་མི་ཤུགས་དང་ཕྱུགས་ཤུགས་ཀྱི་ཚབ་བྱས། དེས་ཐད་ཀར་ཐེངས་གཉིས་ནུས་ཁུངས་ཀྱི་གསར་བརྗེ་བྱུང་དུ་བཅུག་འགྲོ་བ་མིའི་་ནུས་ཁུངས་གཙོ་བོ་དེ་ཤིང་ཆ་ནས་རྡོ་སོལ་དང་།རྡོ་སྣུམ་།  རང་བྱུང་སོལ་རླངས་སོགས་འགྱུར་རྡོའི་ནུས་ཁོངས་གྱུར།དུས་རབས་༡༨པའི་དུས་དཀྱིལ་ནས་མགོ་བརྩམས་པའི་ནུས་ཁོངས་གསར་བརྗེ་དེས་འགྲོ་བ་མིིའི་ཤེས་རིག་དུས་ཐུང་ཐུང་གི་ལོ་ཉིས་བརྒྱའི་ནང་དུ་མགྱོགས་མྱུར་གྱིས་ཡར་ཐོན་བྱུང་དུ་བཅུག འགྱུར་རྡོ་འབར་རྫས་བཀོལ་བའི་ཚ་བའི་འཕྲུལ་འཁོར་རིགས་གསརབ་བྱུང་བ་དང་བཀོལ་སྤྱོད་བྱས་པས། འགྲོ་བ་མས་འགྱུར་རྡོའི་ནུས་ཁུངས་ཀྱི་སྤྱོད་ཚད་ལ་བརྟེན་པ་ཉིན་རེར་བཞིན་ཇེ་ཆེར་སོང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།